དུས་ཚོད་ ༥ སྔོན་ལ་སྤེལ། རིག་ པ། (༢) ཉེ་ཆར་རྒྱ་དམག་གིས་དམར་གསོད་བཏང་བའི་འཛམ་ཐང་བར་མ་ཞང་གི་ཨོ་རྒྱན་གྱི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་ཞུས་ཀྱིས་བླ་གྲྭ་ ༡༠༠༠ ལྷག་གིས་བསྔོ་སྨོན་གསུངས་འདུག དུས་ཚོད་ ༢༤ སྔོན་ལ་སྤེལ། རིག་ པ། (༤) དེ་རིང་ཕྱི་ཚེས་ ༢༧ ཉིན་མཉམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷན་ཚོགས་འཐུས་མིའི་ཚོགས་འདུ་ཞིག་བསྐངས་ཏེ། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ལ་སི་རེ་ཡའི་སྲིད་འཛིན་བྷ་ཤར་སྲིད་སྟེགས་ལས་འབབ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་གྲོས་གཞི་བཏོན་ཡོད་འདུག དུས་ཚོད་ ༢༤ སྔོན་ལ་སྤེལ། རིག་ པ། (༤) རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ཏུ་རྒྱ་ནག་གི་དབུ་ཁྲིད་བཞིའི་སྐུ་པར་འགེལ་བ་དང་རྒྱ་དར་བསྒྲེངས་འཛུགས། བརྙན་འཕྲིན་དང་རྒྱང་བསྒྲགས་སོགས་འཛུགས་རྒྱུའི་ལས་གཞི་ཞིག་ལག་བསྟར་བྱ་འཆར་འདུག ༢༠༡༢/༠༡/༢༧ རིག་པ། (༦) ཁ་སང་རྔ་པ་ཁུལ་འཛམ་ཐང་བར་མ་ཞང་དུ་རྒྱ་དམག་གིས་དམར་གསོད་བཏང་ཟིན་པ་ཁོང་གི་མིང་ལ་ཨོ་རྒྱན་ཟེར་ཞིང་རང་ལོ་ ༢༠ ཡིན་འདུག ༢༠༡༢/༠༡/༢༧ རིག་པ། (༦) ཁ་སང་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོ་བོད་རིགས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཤིང་། རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་མེར་བསྲེགས་བཏང་ཡོད་འདུག ༢༠༡༢/༠༡/༢༧ རིག་པ། (༣) གཟའ་ལྷག་པའི་ཉིན་མགོ་ལོག་རྭ་རྒྱ་དགོན་གྲོང་གཉིས་སུ་སྦྱར་ཡིག་བཀྲམས་ཡོད་སྟབས། ཉིན་འདི་གར་ཉེན་རྟོག་པ་འབྱོར་ཏེ་གྲྭ་བ་ཚོར་འདུག་ཚོད་མ་ཟིན་ཚེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་བརྗོད་འདུག ༢༠༡༢/༠༡/༢༧ རིག་པ། (༤) བོད་མི་ནམ་མཁའ་རྒྱལ་མཚན་ཞུ་བ་ཞིག་གིས་ལྷ་སའི་བར་སྐོར་ནང་ཡིག་ཆ་གཏོར་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ༢༠༡༢/༠༡/༢༦ རིག་པ། (༡༦) དེ་རིང་ཉིན་གུང་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་ཉེན་རྟོག་པ་དང་དམག་མི་ཚོས་མེ་མདའ་བརྒྱབ་སྟེ་བོད་མི་ཚོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་འདུག ༢༠༡༢/༠༡/༢༦ རིག་པ། (༣) ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་དེ་རིང་བར་མགོ་ལོག་ཨ་རྐྱོང་ཇོ་ནང་དགོན་པའི་དགེ་འདུན་པ་དང་པདྨ་རྫོང་གི་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་མཚམས་འཇོག་བྱས་མི་འདུག ༢༠༡༢/༠༡/༢༦ རིག་པ། (༡༤) མདང་དགོང་ངྷ་སར་བོད་མི་ ༥༠༠ ཙམ་གྱིས་སྐད་འབོད་ཁྲོམ་སྐོར་བྱས་ཏེ། བོད་ལ་རང་དབང་རང་བཙན་དགོས་པའི་འབོད་ཚིག་བསྒྲགས་འདུག ༢༠༡༢/༠༡/༢༥ རིག་པ། (༥) ཕྱི་ཚེས་ ༢༣ ཉིན་ཁམས་བྲག་མགོར་བྱུང་བའི་གནས་ཚུལ་སྐོར་རྒྱ་ནག་ཞིན་ཧྭ་དྲ་བར་སྤེལ་བའི་ནང་། ཉིན་དེར་གྲྭ་བ་ ༣ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་ཚུལ་བཀོད་འདུག ༢༠༡༢/༠༡/༢༥ རིག་པ། (༣) ཁ་སང་མགོ་ལོག་པདྨ་རྫོང་ཐོག་ཏུ་བོད་མི་སྐོར་ཞིག་གིས་རྒྱ་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་པས་བོད་མི་ ༣༠ ཙམ་འཛིན་བཟུང་བཙན་ཁྲིད་བྱས་འདུག ༢༠༡༢/༠༡/༢༥ རིག་པ། (༨) དེ་རིང་བཀའ་ཁྲི་མཆོག་གིས་ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཡོངས་ཀྱི་བོད་དང་བོད་མིར་རྒྱབ་སྐྱོར་གནང་མཁན་ཡོངས་ཀྱིས་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་སོང་། ༢༠༡༢/༠༡/༢༥ རིག་པ། (༡) རེས་གཟའ་ཉི་མར་བཀའ་ཁྲི་མཆོག་དང་ནང་སྲིད་བཀའ་བློན་སོགས་ཨ་རུ་ན་ཅལ་བོད་མིའི་གཞིས་སྒར་ཁག་ཏུ་བསྐྱོད་དེ། འབྱུང་འགྱུར་ལོ་ལྔའི་ནང་བོད་མི་ཆིག་སྟོང་ཁེ་ན་ཌར་འཐེན་རྒྱུའི་ལས་གཞི་མགོ་འཛུགས་གསལ་བསྒྲཊ་གནང་འདུག ༢༠༡༢/༠༡/༢༥ རིག་པ། (༤) ལུགས་རྙིང་ལོ་སར་ཚེས་གཅིག་ཉིན་ཐའེ་ཝན་རྒྱལ་ས་ཐེ་པཱེ་རུ་བོད་མི་ཁག་ཅིག་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་སྤེལ་ཡོད་འདུག ༢༠༡༢/༠༡/༢༥ རིག་པ། (༢) ལུགས་ རྙིང་ལོ་སར་ཚེས་ ༢ ཉིན་ཏེ་ཁ་སང་ཕྱི་ཚེས་ ༢༤ ཉིན་གསེར་རྟ་རྫོང་ཐོག་ཏུ། རྒྱ་དམག་གིས་མེ་མདས་བརྒྱབ་སྟེ་བོད་མི་ ༢ དམར་གསོད་དང་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག ༢༠༡༢/༠༡/༢༥ རིག་པ། (༠) ཕྱི་ཚེས་ ༢༣ ཉིན་རྔ་པ་རྫོང་རྨེའུ་རུ་མ་ས་གནས་བོད་མི་དང་གནམ་མཚོ་དགོན་པའི་གྲྭ་མང་ཚོས་མར་མེ་ཁྲོམ་སྐོར་གནང་འཆར་སྐབས་རྒྱ་དམག་གིས་དམ་དྲག་འཛིན་བཟུང་བྱས་པ་ཁག་གི་མིང་ཐོ་འབྱོར་འདུག ༢༠༡༢/༠༡/༢༤ རིག་པ། (༧) བོད་རིགས་སློབ་ཕྲུག་གསུམ་གྱིས་བོད་དོན་དྲིལ་བསྒྲགས་ཆེད། ཟླ་གཅིག་རིང་གི་ལྕགས་རྟ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་འདུག ༢༠༡༢/༠༡/༢༤ རིག་པ། (༧) རྒྱ་གཞུང་གིས་ཁམས་བྲག་མགོའི་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདས་བརྒྱབ་ཏེ་མི་ཁག་ཅིག་དམར་གསོད་དང་བོད་མི་སོ་དྲུག་ལ་རྨས་སྐྱོན་བཟོས་འདུག ༢༠༡༢/༠༡/༢༤ རིག་པ། (༢) རྒྱ་ནག་གཞུང་གིས་ཁ་སང་རྔ་པ་རྫོང་དུ་ཞི་རྒོལ་བྱས་པའི་བོད་མི་རྣམས་ལ་གང་བྱུང་གཅར་རྡུང་དང་འཛིན་བཟུང་བཙན་འཁྲིད་བྱས་པ་མ་ཟད། མུ་མཐུད་རྔ་པ་དགོན་གྲོང་གཉིས་ལ་དམ་དྲག་བྱེད་བཞིན་ཡོད་འདུག ༢༠༡༢/༠༡/༢༤ རིག་པ། (༥) བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ཁམས་བྲག་མགོ་གཙོས་བོད་ནང་གི་ལས་འགུལ་རིམ་བྱུང་གི་འབྱུང་རྐྱེན་དང་དགོས་འདུན་བསམ་ཞིབ་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་སོཊ་བོད་ནང་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག ༢༠༡༢/༠༡/༢༤ རིག་པ། (༤) ཁ་སང་རྒྱ་གཞུང་གིས་བྲག་མགོ་རྫོང་གི་བོད་མི་ ཞི་རྒོལ་བ་ཚོར་མེ་མདས་བརྒྱབ་ཏེ་དམར་གསོད་ཀྱི་དོན་རྐྱེན་བྱུང་རྗེས་ཉེ་འཁོར་ གྱི་དཀར་མཛེས་དང་རྟའུ་སོགས་ཀྱི་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱུང་འདུག ༢༠༡༢/༠༡/༢༣ རིག་པ། (༥) ལོ་སྔོན་མར་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་མནར་གནོད་འོག་གཟུགས་གཞི་གཅོང་ནད་ཆགས་པའི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གློ་བུར་དུ་སྐུ་གྲོངས་འདུག ༢༠༡༢/༠༡/༢༣ རིག་པ། (༡༢) དེ་རིང་ཞོགས་པར་རྒྱ་གཞུང་གིས་ཁམས་བྲག་མགོ་རྫོང་དུ་བོད་མི་གཅིག་དམར་གསོད་དང་གཞན་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག ༢༠༡༢/༠༡/༢༣ རིག་པ། (༥) ཉེ་ལམ་བལ་བོད་ས་མཚམས་འགྲམ་དུ་རྒྱ་གཞུང་གི་དམག་མིས་རྒྱ་གར་ནས་བོད་དུ་ལོག་བཞིན་པའི་བོད་མི་ཆོས་ཞུ་བའི་རླངས་འཁོར་ ༧ ཙམ་བཀག་ཉར་གྱིས་བོད་མིའི་ཅ་དངོས་རྣམས་བཙན་འཕྲོག་བྱས་འདུག ༢༠༡༢/༠༡/༢༠ རིག་པ། (༦) གཟའ་ཕུར་བའི་ཉིན་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པས་རྒྱ་གཞུང་གིས་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག ༢༠༡༢/༠༡/༡༩ རིག་པ། (༢༦) སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཀྱིས་སྒེར་དོན་ཞིག་གི་ཆེད་སྤྱི་འཐུས་ནས་རྩ་དགོངས་ཞུས་འདུག ༢༠༡༢/༠༡/༡༨ རིག་པ། (༦) གཟའ་ཟླ་བའི་ཉིན་ཨ་རིའི་གཞུང་ཚབ་ལའོ་ཁའེ་ཡིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཆེས་ཉམས་ཆག་ཀྱི་དུས་སྐབས་སུ་སླེབས་ཡོད་པ་ཐེར་འདོན་སྐྱོན་བརྗོད་བྱས་འདུག ༢༠༡༢/༠༡/༡༨ རིག་པ། (༥) དབྱིན་ཇིའི་སྲིད་བློན་དང་སི་ཀཱོ་ཊི་ལན་ཌི་ས་གནས་བློན་ཆེན་གཉིས་ཐུག་འཕྲད་ཐོག སི་ཀཱོ་ཊི་ལན་ཌི་དབྱིན་ཇིའི་འོག་ནས་རང་བཙན་བྱ་རྒྱུར་མི་མང་བསམ་ཤོག་བསྡུ་རྒྱུའི་གནད་དོན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་འདུག
|