ཆུ་ཐིགས་སྔོན་མོའི་ཟིན་བྲིས།

སྤུན་ཟླ་ཚོ་བཞུད་ནས་བདུན་ཚིགས་དང་པོ།

ངའི་སྤུན་ཟླ་ཚོ
ཕྱིར་མིག་དང་ཁ་ཆེམས་མེད་པར་བཞུད་སོང
སྡུག་ཡོས་ཀྱི་རྔམས་ཁ་མཐུག་པའི་གྲིབ་སོ་
བེམ་རོ་སྤུངས་པའི་རྔམས་ཁ་དེ་བས་ཀྱང་མཐུག
གྱང་ཀོག་ཞིག་པོའི་བར་མཚམས་
ངུ་ངག་གི་དབྱངས་རྟ་བརྩེགས་མར་བསྡེབས་ཏེ
མིག་ཟུང་གི་མཆི་མ་ཆུ་ལ་བསྒྱུར
འཁྱག་སིབ་སིབ་ཀྱི་སེམས་པའི་ཁུགས་སོ་
ཡལ་མི་ཐུབ་པའི་སྤུན་ཟླ་ཁྲི་ཕྲག་དུ་མའི་སྣང་བརྙན་སྒོམ
ལྷོད་ཀྱིས་འཐེན་པའི་ཤུགས་རིང་ཞིག་གི་སྣེ་མོར
མ་ཎིའི་རྡོག་ཕྲེང་རེ་རེ་བཞིན་བགྲང་བཞིན
མིག་མདུན་གྱི་མེ་ཞགས་ཁྲོད་རི་ལྟར་བརྩེགས་པའི་སྤུན་ཟླ་ཚོའི་བེམ་བོ་ལ་ཅེར
ངའི་སྤུན་ཟླ་ཚོ

འདོན་སྤེལ།: ༢༠༡༠/༠༤/༢༡
རིག་པ་འདོན་པ།
བསྟན་པ་ཡར་འཕེལ།
༢༠༡༠/༠༤/༢༡ ཉིན་འདོན་སྤེལ་བྱས།
བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
1༡

ཁ་བརྡ་བྱ་ས།

Chat

ཁྱེད་དང་ཁྱེད་ཀྱི་གྲོགས་པོ་གཉིས་ཀ་དྲ་རྒྱའི་ཐོག་ཡོད་ན་ཐད་ཀར་ཁ་བརྡ་བྱེད་ཐུབ།

ཡི་གེ་རྐྱང་པའི་ངང་ཁ་བརྡ་བྱ་ས།
༢ གཟུགས་བརྙན་འཆར་ནས་ཁ་བརྡ་བྱ་ས།