Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

འུ་ཚང་གི་གོ་གཏམ།

རང་ཉིད་ལ་མི་དབང་བའི་སེམས་པ་དེ
རང་ཉིད་ལ་མི་དབང་བའི་སེམས་པ་དེ
 
རྐང་འོག་ཏུ་གནོན་གྱིན་པ་ནི་ས་གཞི་དང
མགོ་ཐོག་ཏུ་འདེགས་ཀྱིན་པ་ནི་ནམ་མཁའ་དེའོ
གནམ་སའི་བར་མཚམས་སུ་རང་ཉིད་ནི་ནོར་བུ་ཞིག་དང་འདྲ་བར་ནམ་ཡང་གཅེས་སུ་འཛིན་
འཇིག་རྟེན་ཏུ་གཡོ་འགུལ་བྱུང་བ་ནས་རང་ཉིད་ཀྱི་སེམས་པ་དེའང་རླུང་རྩེ་རུ་བསྐྱོན
འདི་ནི གྱ་ཙེ་གོམ་ཙེ་ལ་གོམས་པའི་ཁ་ཕྱོགས་ཤིག
 
འཇིག་རྟེན་གྱི་ཁྱིམ་གཞི་འདིའི་སླད་དུའམ ཟླ་འོད་ཀྱི་འཕྲོ་སྟངས་ཤིག་གིས
གང་ལྟར     རང་ཉིད་ནི་སྒྱུ་རྩལ་ལ་དུང་བའི་ཁེར་རྐྱང་གི་བུ་ཆུང་ཞིག་ཏུ་གྲུབ
སྐྱོ་སྡུག་རེས་སུ་འཁོར་བའི་ཉིན་མཚན་གྱི་གྲིབ་རིས་ལ་ཁེན་ཏེ
ནམ་ཡང་    མུན་པ་ཟབ་ས་དང་གླུ་ཆུང་ལེན་ས་ནས་ཨུ་ཚུགས་ཀྱིས་བགྲེང་ཡོད
འདི་ནི རང་ཉིད་ཀྱི་གཤིས་ཀར་འདྲེས་པའི་འཚོ་བའི་གྲུ་ཟུར་ཞིག
 
དྲ་བར་ན་ཅེར་གྱིས་བལྟས་པའི་ཤ་བ་བཞིན
གནས་ཚུལ་སྣ་མང་གི་སྣང་བརྙན་ཁུར་ཏེ
རྒྱང་རིང་རྒྱང་རིང་དང་ཁ་ཐག་ཉེ་བའི་གྲུ་ཟུར་གྱི་ངོགས་ནས
འདས་མ་ད་གསུམ་གྱི་གནས་ལུགས་ཤིག་འགྲེལ་བཞིན་མཆིས
འདི་ནི རང་དབང་མེད་པའི་སེམས་པ་དེའི་ཕྱི་ནང་ངོ
འདོན་སྤེལ།: ༢༠༡༠/༠༧/༣༠
རིག་པ་འདོན་པ།
མིག་གསུམ་པ།
༢༠༡༠/༠༧/༣༡ ཉིན་འདོན་སྤེལ་བྱས།
མིག་དང་དཔའ་ཆེན་དོན་འགྲུབ་གཉིས་ཕེབས་ནས་བསམ་ཚུལ་གསུངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དཔའ་ཆེན་དོན་གྲུབ།
༢༠༡༠/༠༧/༣༡ ཉིན་འདོན་སྤེལ་བྱས།
མགོ་ཐོག་ན་གནམ་དང་རྐང་འོག་ན་ས་ཡོད་གི དེའི་བར་ན་ང་ཡོད་ཀི
ཟེར་གི་ཡོད་གི
མིག
༢༠༡༠/༠༧/༣༡ ཉིན་འདོན་སྤེལ་བྱས།
བསམ་ཚུལ་འདོན་མཁན་མེད་པ་འདྲ ཕར་ཆེར་རིན་ཐང་མེད་པ་ནི་ཡིན་རྒྱུ་མ་རེད
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
འཇིག་རྟེན་གྱི་མི་རུ་སྐྱེས་པ་ནས་རང་ཉིད་ཀྱི་ངོ་གདོང་མཐོང་མ་མྱོང་། ཡིན་ནའང་། མེ་ལོང་ནང་གི་གཟུགས་བརྙན་ལ་འཕྲུལ་བའི་ང་རང་། དུས་རབས་ཀྱི་ཕང་བ་རུ་ཤུགས་ཀྱིས་བགྲེང་ཡོད། འདི་ནི་ངའི་འཚོ་སྟངས་ཤིག་དང་། འགྲོ་ལུགས་ཤིག ཁ་པར། 98827_35715 གློག་འཕྲིན་ཁ་བྱང་། kangdruk@yahoo.com QQ 386287751