ཁ་བ་ནག་པོ་འབབ་ས།

རྒྱུ་རྐྱེན་གང་ཡང་རུང་བ་ཞིག་གི་དབང་གིས་ཉི་མ་གཅིག་ང་དྲ་ཐོག་འདི་དང་ས་སྟེང་འདི་ན་མེད། ཡིན་ན་ཡང་ཁྱེད་ཅག་གིས་ང་ལ་བཞག་པའི་བག་ཆགས་དྲོན་མོ་དེ་དང་དྲན་ཤིང་ལྕི་མོ་དེ་ནམ་ཡང་ང་དང་མཉམ་དུ་ཡོད།

ཆུ་བོ་བཞུར་བའི་གནས་དེ་རུ། །
མེ་ཏོག་སྐྱེས་པའི་གནས་དེ་རུ། ། 

ཁྱེད་ཀྱི་རྐང་རྗེས་ཡོད་དམ་ཅི། །
ཁྱེད་ཀྱི་དྲི་ཞིམ་ཡོད་དམ་ཅི། །
འདོན་སྤེལ།: ༢༠༡༢/༡༠/༠༡ རིག་པ།(༠)

སྐྱེ་བ་སྐྱེ་བར་གསེར་མདོག་གི །
ཞིང་གྲོང་ཉུལ་བའི་རླུང་བུར་ཤོག །
རླུང་བུ་དེ་ཡིས་བསྐལ་བའི་བར། །
གང་སར་འཁྱེར་བའི་དྲི་ཞིམ་ཤོག །

འདོན་སྤེལ།: ༢༠༡༢/༠༩/༣༠ རིག་པ།(༠)

འོས་ཤོག་འཕེན་རོགས།

འདོན་སྤེལ།: ༢༠༡༢/༠༩/༡༧ རིག་པ།(༤)

ཉི་འོད་ལ་ཕྱོགས་རིས་མེད།

འདོན་སྤེལ།: ༢༠༡༢/༠༧/༠༥ རིག་པ།(༠)

སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་ནི་རེད། །
ད་རུང་ཉལ་གོས་སྒེའུ་ཡོལ་བྱས་ནི་རེད། །
ནང་ནས་གླང་ཤའི་འཐེན་ཐུག་འཐུང་ནི་རེད། །
རླངས་པ་ཚ་བོ་ནང་ལ་འཐིབས་ནི་རེད། །
འཐེན་ཐུག་ཞིམ་ཡང་ཚ་ནས་འབར་ནི་རེད། །
འདི་མོའི་གཏམ་རྒྱུད་ད་དུང་དྲན་ནི་རེད། །

འདོན་སྤེལ།: ༢༠༡༢/༠༦/༡༦ རིག་པ།(༠)

ཆུ་མོ་གངྒྰ་ཤག་ཤག་རྒྱུ་བའི་དུས། །

སྟོན་ལོ་སེར་པོ་ལྷབ་ལྷུབ་འཕུར་བའི་དུས། །

གནམ་སྔོན་སྤྲིན་པ་རླུང་གིས་གཡོ་བའི་དུས། །

བ་གླང་ཁྱུ་ཞིག་ཞིང་རྩྭར་རོལ་བའི་དུས། །

བུད་མེད་སྣ་རྒྱན་ཉི་འོད་འཕྲོ་བའི་དུས། །

འདོན་སྤེལ།: ༢༠༡༢/༠༦/༡༥ རིག་པ།(༡)

གློག་བརྙན་ཡག་པོ་ཞིག

འདོན་སྤེལ།: ༢༠༡༢/༠༦/༡༣ རིག་པ།(༢)

ཇི་སྲིད་ཁྱེད་ཀྱི་གཡུ་སྦྲ་སྨུག་པོའི་འདབས།

རྟ་ནོར་ལུག་གི་རྨིག་རྗེས་མ་རྫོགས་བར།

ང་ཡི་ལུས་པོ་ཁྱེད་ལ་བཅར་ནས་ཡོད།

ང་ཡི་རྣམ་ཤེས་ཁྱེད་ལ་དཀྲིས་ནས་ཡོད།

འདོན་སྤེལ།: ༢༠༡༢/༠༦/༠༢ རིག་པ།(༤)

བུ་གཅིག་སུ་ཡིས་གྲྭ་པ་བྱེད།
མཇེ་གཅིག་སུ་ཡིས་བཙོན་དུ་འཇུག
ཚེ་གཅིག་ཁེར་རྐྱང་སུ་ཡིས་འདོད།
གྲྭ་པའི་མི་ཚེར་སྐྱིད་མ་ཚོར།

འདོན་སྤེལ།: ༢༠༡༢/༠༥/༣༡ རིག་པ།(༣)

ཁྱོད་ཚོར་ཅི་ཁག་ལོ་ན་རྒས་ལེ་རེད། །
རྒས་པས་མི་ཐུབ་ཀླུ་སྨྱོན་གཅིག་པོ་རེད། །

ད་ནི་ཉལ་སར་ལྷུང་བའི་རྩོམ་གྲོགས་ཚོའི། །

ཉལ་ས་བསྟན་པའི་ལེའུ་འདི་ནས་འབྲི། །

འདོན་སྤེལ།: ༢༠༡༢/༠༥/༢༣ རིག་པ།(༡)
ཤོག་གྲངས་: [༡] ..༥༥[རྗེས་མ།]
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
གྲུབ་མཐའི་ཞེན་ཁོག་གི་མིག་ཤེལ་ནག་པོ་ཞིག་གྱོན། ཆོལ་ཁའི་ཕྱོགས་རིས་ཀྱི་མིག་ཤེལ་སེར་པོ་ཞིག་གྱོན། ཕ་རོལ་འབུར་འཇོམ་གྱི་མིག་ཤེལ་ལྗང་ཁུ་ཞིག་གྱོན། ད་དོན་ངོ་མ་དེ་མཐོང་བའི་གོ་སྐབས་ཡོད་ཀྱི་རེད་དམ་མ་རེད། http://lunyonheruka.blogspot.com/