Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

བསེ་རུའི་ཟིན་བྲིས།

སྒོམ་སྡེ་ལྷ་རམས་པ་བཞུགས་ཡོད་དམ།

སྒོམ་སྡེ་ལྷ་རམས་པ་བཞུགས་ཡོད་དམ།  
2010.7.29

                དྲ་གྲོགས་ཕུན་ཚོགས་ལགས་ཀྱིས་དངངས་འཚབ་ངང་སྒོམ་སྡེ་ལྷ་རམས་པ་གྲོངས་པའི་སྐོར་གྱི་མཆན་བུ་རང་ཉིད་ཀྱིས་ཟིན་བྲིས་སུ་བཀོད་ཅིང་ངས་ཀྱང་གནས་ཚུལ་འདི་ཞིབ་དཔྱད་ཅི་ཡང་མེད་པའི་ཐོག་ནས་དྲ་ངོས་འདི་རང་གི་ཐོག་མཆན་བུ་ཞིག་གི་ཚུལ་དུཁྱེད་ཀྱི་སྔོན་ཙམ་དུ་བརྒྱུད་འགོད་བྱས་ཡོད།དེ་ནི་གཞན་མ་ཡིན་ཏེ། ང་ཡང་མི་ཞིག་ཡིན་པའི་ངོས་ནས་སམ། ཡང་ན་ཚོར་ལྡན་གྱི་གང་ཟག་ཅིག་ཡིན་པའི་ངོས་ནས་འདི་ལྟར་ཐལ་བ་ཙམ་རེད། ངས་གནས་ཚུལ་དེའི་སྐོར་ཁོང་གི་ཟིན་བྲིས་ལས་འཕྲོས་ཏེ་ཚོར་སྣང་ཙམ་བྲིས་ཟིན་ཏེ་དྲ་ཐོག་ཏུ་མ་བཞག་པར་ཆུ་ཚོད་གཉིས་གསུམ་ཕྱིན་པའི་རྗེས། སླར་ཡང་ཕུན་ཚོགས་ལགས་ཀྱིས་སྒོམ་སྡེ་བ་སྐུ་གྲོངས་པའི་གནས་ཚུལ་དེ་དཀྲོག་གཏམ་ཡིན་པར་སྨོན་ཞེས་ཟིན་བྲིས་གསར་པ་ཞིག་སྤེལ་བ་ཤེས། དེ་ནས་ཡུད་ཙམ་གྱི་རྗེས་ངའི་གྲོགས་པོ་ཞིག་གིས་ཀྱང་སྒོམ་སྡེ་བ་གྲོངས་པ་དེ་དཀྲོག་གཏམ་ཡིན་གྱི་རེད། དེ་སྔོན་ཨ་རིག་དགེ་མཐོང་ལ་ཡང་དེ་ལྟར་བྱུང་བ་རེད་ཅེས་བཤད། ངས་བློ་རྣལ་དུ་ཕབ་སྐབས། གཏམ་ངན་བརྒྱུད་འགོད་བྱས་པ་དེ་ཡང་བདེན་ན་ནི་འགྲིག་ཀྱང་། མི་བདེན་ན་ངས་ཀྱང་ནག་ཉེས་ཤིག་ཞར་ཞོར་ལ་བསགས་འདུག་སྙམ་བྱུང་

 

                དེ་ནས་སླར་ཡང་བསམ་གཞིགས་བྱེད་སྐབས། ང་ལ་ཐེ་ཚོམ་ཞིག་སྐྱེས་བྱུང་། དེ་སྔོན་གནམ་ལྕགས་ལགས་ཀྱིས་ཨ་རིག་དགེ་མཐོང་གྲོངས་པའི་སྐོར་གྱི་ཟིན་བྲིས་ཤིག་སྤེལ།

དྲ་གྲོགས་ཚོས་ཀྱང་གཅིག་ནས་གཉིས་བརྒྱུད་ཀྱིས་དོགས་འདྲི་དང་དཔྱད་ཞིབ་བྱས་བྱས་པའི་མཐར། ཨ་རིག་དགེ་མཐོང་ལགས་གདན་ས་ན་ཆོས་གྲྭར་རྩོད་གྲྭ་འབྲུག་སྒྲ་ལྡིར་ལྡིར་དང་། ཚོགས་འདོན་འུར་སྒྲ་ལིང་ལིང་། རྔུལ་ཆུ་ཆུ་མོ་བཞུར་བཞུར་ངང་བདེ་ཐང་ངང་འཚོ་བཞིན་བཞུགས་ཡོད་པ་རྟོགས། སྐབས་དེ་ནས་ངས་ཨ་རིག་དགེ་མཐོང་ལགས་སུ་ཨ་ཁུ་ཤི་ལོག་ལགས་ཞེས་ཀྱང་འབོད་མགོ་ཚུགས།

                དེ་རྗེས་ཁོ་བོས་གནམ་ལྕགས་ལགས་སུ་ཁྲིམས་ཐག་བཅད་པ་མ་ཟད། དེའི་སྐོར་གྱི་བཅད་ཁྲ་ཞིག་ཀྱང་ཟིན་བྲིས་ཀྱི་ཚུལ་དུ་སྤེལ། དེ་ནས་གནམ་ལྕགས་ལགས་ཀྱིས་བློ་འགྱོད་དང་བཅས་ཁྲིམས་ཁང་ལ་ནག་ཉེས་ངོས་ལེན་གནང་སྟེ་དྲ་ཐོག་ནས་ཀློག་པ་པོ་ཚོར་དགོངས་སེལ་ཞུས་སྟབས།  ཁྲིམས་དཔོན་བསེ་རུས་ལམ་སྟོན་བསླབ་བྱ་དང་བཅས་གུ་ཡངས་སུ་བཏང་བའི་གནས་ཚུལ་དེ་བྱུང་བ་རེད།

                དེ་རིང་ཡང་ལེགས་རྩོམ་སྙིང་བསྡུས་རྩོམ་སྒྲིག་པ་བློ་བཟང་དོན་ལྡན་གྱིས་གནས་ཚུལ་མཁོ་གཏོང་བྱས་ཞེས་བཀོད་དོན་ལྟར། བློ་བཟང་དོན་ལྡན་ལགས་ཀྱིས་དངོས་ཡོད་ཀྱི་གནས་ཚུལ་སྤེལ་ཡོད་ན། དེ་ལས་ཞིབ་ཙམ་གྱི་གནས་ཚུལ་སྤེལ་རྒྱུར་ངང་སྒུག་བྱ་རྒྱུ་ཙམ་མ་ཟད། གུས་བཀུར་ཞུ་རྒྱུ་དང་། དེ་མིན་གླེང་སློང་དང་འདྲོགས་མགོ་སློང་བྱེད་ཙམ་དུ་སྤེལ་ཡོད་ན། དེ་ཡང་ཀུན་སློང་དུ་གང་ཞིག་བཅངས་ཡོད་མིན་ཆ་མ་འཚལ་ཡང་། དོན་དམ་དུ་དྲ་གྲོགས་ཚོར་སེམས་ཁྲལ་འཕར་མ་ཞིག་བཟོས་ཡོད་པ་ཙམ་མ་ཟད། ཁ་སྔོན་ནས་པ་དང་ཝ་ཡི་སྐོར་ལས་འཕྲོས་ཏེ། སྒོམ་སྡེ་ལྷ་རམས་པར་རྩོད་ལན་གནང་མཁན་གྱི་རིགས་ལ་ལྷག་པར་ཐུགས་ཕམ་ཡོང་ངེས་པས་གང་མགྱོགས་གནས་ཚུལ་འདི་གཙང་སེལ་གནང་དགོས་འདུག། འདི་ལྟར་སྨྲ་དགོས་དོན་ནི། དྲ་གྲོགས་ཕུན་ཚོགས་ལགས་ཀྱིས་གནས་ཚུལ་དེ་བརྒྱུད་འགོད་གནང་བ་དང་། སྤོབས་པ་མཐའ་ཡས་ལགས་ཀྱིས་སྒོམ་སྡེ་ལྷ་རམས་པས་ཁ་བརྡ་དྲ་རྒྱའི་ཐོག་སྤེལ་བའི་མཆན་བུ་ཞིག་དྲ་གྲོགས་ཕུན་ཚོགས་ལགས་ཀྱི་ཟིན་བྲིས་ཀྱི་གཤམ་དུ་མཆན་བུའི་ཚུལ་དུ་བརྒྱུད་འགོད་གནང་བ་དེར། སྤྱི་ལོ་ཟླ་དུས་ཚེས་གྲངས་ཆུ་ཚོད་སྐར་མ་དང་བཅས་པ་འཁོད་པར་ཞིབ་པར་དཔྱོད་སྐབས། ཨོའོ། ད་ཡང་འདྲོགས་མགོ་བསླངས་པ་ཞིག་མིན་ནམ་སྙམ་གྱིན་ཚིག་དམ་དུམ་འདི་དག་འབྲི་དགོས་བྱུང་

                འོན་ཀྱང་། དེང་སྐབས་བོད་ཀྱི་སྐད་ཡིག་དྲ་བའི་ཁྲིམས་ཁང་གུང་གསེང་དང་སྟབས་འཁེལ་ཡོད་ལ། ཁྲིམས་དཔོན་བསེ་རུ་ཡང་ལས་གནས་ནས་གཞན་དང་གཞན་ལ་མགོ་བོ་གཡེང་བཞིན་གནས་ཡོད་སྟབས། གནས་སྐབས་རིང་གྱོད་དང་ཁ་མཆུའི་རིགས་ལ་ལག་པ་འཆང་ཐབས་བྲལ་བར་གྱུར་ཡོད་པས། དྲ་གྲོགས་ཚོས་ནང་མོལ་གྱི་ཐོག་ནས་གནས་ཚུལ་འདི་བདེན་མིན་གྱི་བགྲོ་གླེང་དང་བརྩད་ཞིབ་གནང་ཐོག་ནམ་མཁའ་གཡའ་དག་པ་ཞིག་དང་ས་གཞི་རྡུལ་དག་པ་ཞིག་ཡོང་བ་གནང་རོགས།།

 

འདོན་སྤེལ།: ༢༠༡༠/༠༧/༢༩
རིག་པ་འདོན་པ།
བསེ་རུ།
༢༠༡༠/༠༨/༠༡ ཉིན་འདོན་སྤེལ་བྱས།
བཟོད་པ་ལྷ་རྩེ་ལགས། དུས་ཐོག་ཏུ་ལན་འདེབས་གནང་བ་བཀའ་དྲིན་ཆེ། ང་ཚོ་ཐུན་མོང་ཐོག་ཚེ་ཐུང་འདི་དོན་ལྡན་དུ་བསྐྱལ་དགོས་ན། སྐད་ཆ་ཚིག་གཅིག་ཚུན་བསམ་བློ་གཏོང་གིན་ཕན་གནོད་རྒྱ་མར་བཀྱགས་ཏེ་ཤོད་དགོས། དེ་ལྟར་བྱུང་ན་མི་ཚེ་འདི་ཡང་དོན་ལྡན་ཞིག་ཏུ་འགྱུར་ངེས། རྗེས་སུ་ཡང་ཡང་ཕེབས་ཤོག་ཨང་། །
བཟོད་པ་ལྷ་རྩེ།
༢༠༡༠/༠༨/༠༡ ཉིན་འདོན་སྤེལ་བྱས།
སྤུན་ཟླ་བསེ་རུ་མཆོག་ལ་ཉིད་ནས་གསུང་པ་ལྟར་མིག་ཡ་གཅིག་དང་རྣ་ཡ་གཅིག་བཀབ་པ་དང་། ཆོལ་ཁའི་འཐེན་འཁྱེར་བྱེད་པ་སྤྱི་ཚོགས་སྟེང་འུར་སློང་བྱེད་པའམ་རང་ཕྱོགས་ལ་སྒྲོ་དོགས་ཀྱི་རྒྱན་འདོགས་སྣ་ཚོགས་བྱེད་པ་དང་གཞན་ཕྱོགས་ལ་བཀུར་འདེབས་ཀྱི་པགས་པ་ཤུས་ཏེ་དམར་ཧྲེང་གཏོང་མཁན། བདེན་བརྫུན་དབྱེ་བ་དཔྱོད་པའི་བློ་གྲོས་ཀྱིས་དབུལ་བ་དག་ལ་ནི་སྔར་ནས་རྣམ་རྟོགས་བཟས་ནས་སྡོད་མཁན་ཞིག་ཡིན་པས། དེའི་འཐད་ཉིད་ཐུགས་ཕྲལ་མ་གནང་། ཉིད་ནས་ཕྲན་ལ་བཀའ་སློབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཉིད་ནས་ཀྱང་ཟབ་རོགས། ང་ཚོ་ཚང་མ་གཅེན་གཅུང་མི་སྲིན་ཡིན་ན་གཅིག་ཕན་གཅིག་གྲོགས་མཛད་རོགས། ཐུགས་རྗེ་གཟིགས།
བསེ་རུ།
༢༠༡༠/༠༧/༣༡ ཉིན་འདོན་སྤེལ་བྱས།
དྲ་གྲོགས་བཟོད་པ་ལྷ་རྩེ་ལགས།
སྐུ་ཉིད་ཀྱིས་གང་གསུངས་པ་དེ་དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་ལས་མ་འདས།
ངས་ཀྱང་ཁ་བ་དཀར་ནག་གི་རྩོམ་ཡིག་རྒྱ་བོད་ཁ་ཁ་ཇི་ལྟར་བྱེད་ཅེས་པ་བཀླགས་པ་ཙམ་མ་ཟད། དེ་འབྲེལ་གྱི་མཆན་བུ་ཡང་སྤེལ་ཡོད། དེ་བཞིན་སྒོམ་སྡེ་ལྷ་རམས་པ་ལགས་ཀྱི་རྩོམ་ཡིག་འདི་ཡང་བཀླགས་པ་ཡིན། སྐུ་ཉིད་ཀྱིས་འདིར་དྲངས་པར་ཐུགས་རྗེ་ཆེ།།

བཟོད་པ་ལྷ་རྩེ་ལགས། ངས་ནན་ཏན་དུ་ཞུ་རྒྱུར། དྲ་ངོས་འདིར་འཛོམས་པ་ཚང་མ་ཤ་རུས་གཅིག་ལས་མཆེད་ཅིང་། མི་ཡུལ་ས་མཐའ་ནས་གཞན་དབང་སྟབས་བསྟུན་འོག་གནས་སྡོད་མཁན་གྱི་ཡུལ་གྱར་སྤུན་ཟླ་རྐྱང་རྐྱང་ཡིན་སྟབས། དོན་མེད་དཀྲོག་རྐྱེན་དང་། ཆོལ་ཁའི་ཕྱོགས་རིས། མགོ་འབུར་ཡོང་མཁན་ཚང་མར་འབུར་འཇོམས་བྱས་པ་ཡིན་ན། རང་ལུས་ལས་མཆེད་པའི་འབུས་རང་ལུས་ལ་གནོད་པ་སྐྱེལ་བ་ལྟར་དུ་འགྱུར་ངེས་ཡིན་སྟབས། ཕྱིས་འབྱུང་ཡང་བློ་གཟུ་བོར་གནས་པའི་ཐོག་ནས་དྲ་ངོས་ཐོག་མྱུལ་དགོས་པ་ལས། མིག་ཡ་གཅིག་དང་རྣ་བ་ཡ་གཅིག་བཀབ་ནས་བསྡད་ན་དེ་བས་འགྲིག་ཐབས་མི་འདུག་པས་དེ་དོན་ཡིད་འཇགས་ཡོད་པ་ཞུ།།
བཟོད་པ་ལྷ་རྩེ།
༢༠༡༠/༠༧/༣༡ ཉིན་འདོན་སྤེལ་བྱས།
ཁྲིམས་དཔོན་བསེ་རུ་ལགས་སྤྱིར་དྲྭ་རྒྱ་འདི་དག་གི་ནང་། ལས་མེད་མགོ་འཁོར་འཁོར་གྱི་ཉི་མ་སྐྱེལ་མཁན་མང་བས་ཆལ་ཆོལ་རྩོམ་ཡིག་སྤེལ་མཁན་དག་ལ་རྟོགས་དཔྱོད་མེད་པར་ཁྱི་གུ་རྗེས་འབྲངས་བྱ་མཁན་དག་ནི་སྙིང་རྗེའི་ཡུལ་དུ་སྒོམས་བཞིན་ཡོད་ལའང་
དེས་བས་ལྷ་རམས་པ་ཁོང་ཤི་རྒུག་རྒྱབ་ནས་སྡོད་མཁན་བློ་བཟང་དོན་ལྡན་གྱི་མིང་ཅན་དག་གིས་བཟང་སྤྱོད་ཀྱི་བརླན་དང་བྲལ་བའི་སྨྱོན་པས་སྨྱོ་ལབ་ལ་དཔྱོད་ཤེས་མེད་པར་རྒྱུགས་པ་ནི་ས་པཎ་ནས་
ཁྱི་མཁན་ཀུ་ཅོ་འདོན་པ་ནི།
རྒྱུ་མཚན་མེད་པ་གཞན་དུ་རྒྱུགས། ཞེས་གསུངས་པའི་དོན་སྐབས་དང་མཚུངས་སོ།
ལྷ་རམས་ཁོང་ཚེས་ ༢༦ ཉིན་གྲོངས་ནས་ཚེས་ ༢༧ ཉིན་ཁོང་གིས་གཤིན་རྗེའི་ཡུལ་ནས་ཀླུ་སྨྱོན་ལ་དགག་རྩོམ་ཞིག་མཛད་ཡོད་པ་འདི་ལྟར་ལགས་སོ།།
༼རྒྱ་བོད་ཐ་དད་ཡིན་ཚུལ་འདི་ལྟར་རེད༽

ཀླུ་སྨྱོན་འཆལ་པོས་རྒྱ་བོད་གཅིག་ཏུ་བསྒྲུབ། །ལྷ་ཀླུ་སྨྱོས་ནས་རང་བཙན་ལག་དེབ་བསྲེག།
ཤེས་མེད་སྨྱོན་པ་འཛོམས་པའི་དྲ་རྒྱ་འདི། ཕན་གནོད་ཅི་འགྱུར་དཀོན་མཆོག་ཁོ་ནའི་ཡུལ། །

རྩ་དོན་ཞིག་ཧྲལ་གཏོང་བའི་རྩོམ་ཧྲུལ་དང་། །བོད་མིའི་སྙིང་ཁམས་དཀྲུག་པའི་སྙན་ངག་དག །
ཅོལ་ཆུང་རྣམས་ལ་དགའ་བ་བསྐྱེད་མོད་ཀྱི། ། གཞིས་ལུས་བོད་མིས་མཐོང་ན་ཁྲེལ་བའི་རྒྱུ། །

རང་གི་ཕ་རྒན་གསོད་པའི་ལག་དམར་དང་། །རང་གི་མ་རྒན་བགྲོད་པའི་དགྲ་བོ་ལ། །
ངོ་དགའ་སྤྲེལ་ལད་བྱེད་པའི་བུ་ངན་དེ། ། ཡོད་པ་ལས་ཀྱང་མེད་ན་ཅིས་མི་དགའ། །

ཁྲག་གིས་བྱུགས་འདྲའི་རྒྱ་མིའི་ཤོག་ཆག་དང་། །མནོག་ཆུང་ཕྲལ་གྱི་ཁེ་ཕན་ཆུང་ངུའི་སླད་། །
རང་ཡུལ་བཙོང་ལ་བྲེལ་བའི་ཟོག་པོ་དག། མཐོང་ཚེ་རང་གིས་རང་ལ་ཡིད་སྨོན་འཆོར། །

བཙན་པོས་ཀོང་ཇོ་མནའ་མར་བླངས་པ་ཡིས། །རྒྱ་བོད་གཅིག་ཏུ་བསྒྲུབ་པ་བཞད་གད་གནས། །
དེ་ལྟ་ན་ནི་བལ་བོད་གཅིག་འགྱུར་ཏེ། ། བཙན་པོས་བལ་བཟའ་བཙུན་མོར་བླངས་ཕྱིར་རོ། །

ཁྲི་སྲོང་སྐབས་སུ་བོད་དམག་ཤུགས་བཙན་པས། །རྒྱ་ཡི་རྒྱལ་ས་ཅང་རྔན་ཚུན་(Changan)ཆད་བླངས། །
རྒྱ་རྒྱལ་ཐང་ཙུན་རྒྱལ་པོའི་ཁྲི་ལས་ཕབ། ། འདི་ལ་བསམ་ན་རྒྱ་བོད་ཐ་དད་རེད། །

ཞོལ་གྱི་རྡོ་རིང་ཞེས་བྱ་གྲགས་ཅན་དེར། །གོང་གི་གནས་ཚུལ་དེ་དག་ཞིབ་པར་འཁོད། །
བདེན་དཔང་རི་མོར་འཁོད་པའི་རྡོ་རིང་རྣམས། །རྒྱ་བོད་ཐ་དད་ཡིན་པའི་གཏན་ཚིགས་རེད། །

བླ་མར་ཆེ་བསྟོད་བྱས་པ་ཡག་པོ་རེད། །དཔོན་པོར་འཇའ་ས་སྤྲད་པ་མགོ་སྐོར་རེད། །
རྡ་ཡང་ཆར་ལྟར་ཕབ་པ་བསླུ་འབྲིད་རེད། །འདི་ཡང་རྒྱ་བོད་ཁག་ཁག་ཡིན་ཚུལ་རེད། །

སྐུ་དྲག་རྒྱང་ཕུད་གཏོང་བ་སྲིད་ཇུས་རེད། །ཚེ་གཡོག་དཔོན་དུ་བསྐོས་པ་ངན་ཇུས་རེད། །
བུན་རྒྱ་མེར་བསྲེག་གཏོང་བ་རང་དོན་རེད། །ཐམས་ཅད་བོད་འདི་མགོ་རྟིང་སློག་ཐབས་རེད། །

མོ་མོ་ཆོ་མེན་ཟེར་ན་རྒྱ་ཟས་རེད། །རྩམ་པ་གཡག་ཤ་ཟེར་ན་བོད་ཟས་རེད། །
ཟས་ཀྱི་ཐ་སྙད་ཚུན་གྱིས་བོད་རྒྱ་གཉིས། །ཐ་དད་སྟོན་པ་ཤིན་ཏུ་གསལ་པོ་རེད། །

བོད་དུ་རང་བཙན་རྩོད་མཁན་ཁྲིམས་འགལ་རེད། །བོད་དུ་རྐུ་གསོད་བྱེད་མཁན་གུ་ཡངས་རེད། །
ཀུན་དང་མི་འདྲའི་ཁྲིམས་ལུགས་ཡ་མཚན་རེད། །རྒྱ་བོད་ཐ་དད་ཡིན་པའི་རྟགས་མཚན་རེད། །

ལམ་ཁ་མེད་སར་ལམ་ཁ་རྒྱ་མིས་བཟོས། །ལྕགས་ལམ་མེད་སར་ལྕགས་ལམ་རྒྱ་མིས་བཙུགས། །
རྒྱ་མི་མེད་སར་རྒྱ་མིས་ཡོངས་སུ་བཀང་། །རྒྱ་བོད་གཅིག་པ་ཡིན་ཚུལ་ཇི་ལྟར་རེད། །

གཏེར་ཁ་ཡོངས་རྫོགས་རྒྱ་ཡི་ཡུལ་དུ་འོར། །ཤིང་ནགས་ཡོད་དགུ་རྒྱ་ཡི་ཡུལ་དུ་འདྲེན། །
ཡོད་ཚད་རྒྱ་ཡི་ཡུལ་དུ་འཁྱེར་བ་འདི། །རྒྱ་བོད་ཐ་དད་ཡིན་པའི་མཚོན་རྟགས་རེད། །

བོད་རིགས་ལ་རྒྱ་ཅན་རྣམས་བཙོན་དུ་བཅུག །ཤེས་མེད་ཕྱོགས་སྤྲང་རིགས་རྣམས་དཔོན་དུ་བསྐོས། །
གང་ཞིག་བྱས་ཀྱང་རྒྱབ་འགལ་བྱེད་པ་འདི། །རྒྱ་བོད་ཐ་དད་ཡིན་པའི་དཔེ་མཚོན་རེད། །

སྒོ་བྱང་ཡོངས་རྫོགས་རྒྱ་ཡི་ཡི་གེར་བྲིས། །སྐད་ཡིག་ཡོངས་རྫོགས་རྒྱ་ཡི་སྐད་དུ་བསྒྱུར། །
བོད་སྐད་རྩ་མེད་བཟོ་བའི་སྲིད་ཇུས་འདི། །རྒྱ་བོད་ཐ་དད་ཡིན་པའི་གཏན་ཚིགས་རེད། །

རྒྱ་མིའི་དཔལ་འབྱོར་ལོ་རེར་ཇེ་ཕྱུག་རེད། །བོད་མིའི་འཚོ་བ་ལོ་རེར་ཇེ་སྡུག་རེད། །
བོད་མི་ལས་མེད་ཉིན་རེར་ཇེ་མང་རེད། །རྒྱ་བོད་གཅིག་པ་ཡིན་ཚུལ་ཇི་ལྟར་རེད། །

བོད་མིར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་རེད། །རྒྱ་མིར་དགའ་མོས་བྱེད་མཁན་ཇེ་ཉུང་རེད། །
ཏཱ་ལའི་བླ་མའི་མཛད་འཕྲིན་ཇེ་རྒྱས་རེད། །འདི་དག་ཐམས་ཅད་ཐ་དད་ཡིན་ཚུལ་རེད། །

བོད་མིར་རྒྱ་ཡིན་སྙམ་པའི་འདུ་ཤེས་མེད། །རྒྱ་ལ་བོད་མི་སྙམ་པའི་འདུ་ཤེས་མེད། །
ལྷན་སྐྱེས་བློ་ཡི་འཛིན་སྟངས་ལ་བལྟས་ཀྱང་། །རྒྱ་བོད་ཐ་དད་ཡིན་པ་གསལ་པོ་རེད། །

ཏུན་ཧོང་གཏེར་ནས་རྙེད་པའི་ཡིག་རྙིང་དང་། །ས་འོག་གཏེར་ནས་ཐོན་པའི་གནའ་རྫས་སོགས། །
གང་ལ་བལྟས་ཀྱང་རྒྱ་བོད་ཐ་དད་ལས། །གཅིག་ཏུ་བསྒྲུབ་པའི་དཔང་རྟགས་སྤུ་ཙམ་མེད། །

རྒྱལ་བའི་བཀའ་འགྱུར་བརྒྱ་དང་བརྒྱད་པོ་དང་། །བསྟན་འགྱུར་གླེགས་བམ་ཉིས་བརྒྱ་ཉེར་ལྔའི་ནང་། །
རྒྱ་མིའི་སྐད་ཡིག་ཧ་ལམ་མེད་པ་འདི། །རྒྱ་བོད་ཐ་དད་ཡིན་པའི་མངོན་རྟགས་རེད། །

གཡུང་ལོ་རྒྱལ་པོས་རྗེ་བཙུན་ཙོང་ཁ་པ། །མཆོད་པའི་གནས་སུ་རྒྱ་ཡུལ་གདན་དྲངས་ཀྱང་། །
མ་འདྲོངས་ཁ་སྐྱེངས་བྱུང་བའི་ཚུལ་བསམ་ཡང་། །རྒྱ་དང་བོད་གཉིས་ཐ་དད་གསལ་པོ་རེད། །

ཟླ་བའི་གྲོང་ཁྱེར་ནས་ཀྱང་མཐོང་ཐུབ་པའི། །རྒྱ་ནག་ལྕགས་རི་ཞེས་བྱ་གྲགས་ཅན་དེ། །
རྒྱ་བོད་སོག་དང་ཤིན་ཅང་བཞི་པོ་འདི། །ཐ་དད་མཚོན་པའི་དན་རྟགས་གསལ་པོ་རེད། །

ཀྲུང་ཀོའི་བོད་དང་ཀྲུང་ཀོའི་བོད་ཅེས་སུ། །བསྐྱར་ཟློས་ཡང་ཟློས་མ་ཎི་འདྲེན་འདྲེན་ལྟར། །
མ་འཚམས་ཨུ་ཚུགས་བྱེད་པའི་ཚུལ་བསམ་ཡང་། །ཐ་དད་ཡིན་པ་གསལ་པོ་ཞེ་དྲག་རེད། །

བོད་ཀྱི་བླ་སྲོག་ཏཱ་ལའི་བླ་མ་རེད། །དེ་ལ་བདུད་དུ་ལྟ་མཁན་རྒྱ་མི་རེད། །
བདུད་དང་བླ་མར་ལྟ་བའི་ཚུལ་བསམ་ཡང་། །རྒྱ་དང་བོད་གཉིས་གཅིག་འགྱུར་ཡོང་ཐབས་མེད། །

ཁ་ནས་དོན་ཚད་གྲོང་ཚིག་བཙོག་པ་རེད། །སེམས་ལ་དྲན་ཚད་འཁྲིག་སྤྱོད་འདོད་ཆགས་རེད། །
སྙན་ངག་ཤེས་ཀྱང་བེད་སྤྱོད་ལོག་པ་རེད། །ཀླུ་སྨྱོན་རབ་བྱུང་རྣམས་ཀྱི་རྐང་འདྲེན་རེད། །

རྒྱ་བོད་མཉམ་གནས་དབུ་མའི་དགོངས་གཞི་རེད། །གཅིག་ཏུ་བསྒྲུབ་པ་ཁྱོད་ཀྱི་བསམ་ཚུལ་རེད། །
རྒྱ་མིའི་ཤོག་ཆག་འཐོབ་པའི་རེ་བ་རེད། །གང་བྱས་ཁྱོད་རང་མི་ཡི་ཐ་ཤལ་རེད། །

དབུ་མའི་ལམ་ལ་རྒྱབ་སྐྱོར་ཡིན་ཁུལ་གྱིས། །རྒྱ་བོད་གཅིག་ཏུ་ངལ་བ་ཆེན་པོས་བསྒྲུབ། །
རྒྱ་མིའི་ཤོག་ཆག་འཐོབ་མིན་ཇི་ལྟར་ཡང་། །བོད་མིའི་ཚོགས་གཏམ་ཚ་པོ་རག་ངེས་རེད། །

སྔོན་ཆད་དྲ་རྒྱ་ཟེར་དུས་དགའ་སྣང་སྐྱེ། །ད་ཆ་དྲ་རྒྱ་ཟེར་དུས་སུན་སྣང་སྐྱེ། །
དུས་ཚོད་འཕྲོ་བརླག་རེད་སྙམ་ཕངས་སྣང་སྐྱེ། །སྡིག་པ་གསོག་ས་རེད་སྙམ་ཞེད་སྣང་སྐྱེ། །

ཁ་བརྡ་དྲ་རྒྱར་ཀླུ་སྨྱོན་གྱིས་༼རྒྱ་དང་བོད་གཉིས་ཁ་ཁ་ཇི་ལྟར་རེད༽ཅེས་པའི་རྩོམ་ཡིག་དེ་མཐོང་མ་ཐག་བོད་མི་ཞིག་དང་ལྷག་པར་གྲྭ་པ་ཞིག་གིས་དེ་ལྟར་བྲིས་པར་ཧ་ལས་ཤིང་སྙིང་ལ་གྲི་བཙུགས་པ་དང་སྙིང་ཁམས་མགོ་རྟིང་བསློགས་པ་ལྟ་བུའི་ཚོར་སྣང་ཤིན་ཏུ་མི་བཟོད་པ་ཞིག་གིས་ངེད་རང་བྲེལ་བ་ཤིན་ཏུ་ཆེ་ན་ཡང་དགག་ལན་ཞིག་མ་བྲིས་ན་ཐབས་མི་འདུག་སྙམ་དུ་བསམས་ནས་གོང་དེ་སྤྱི་ལོ་༢༠༡༠ཟླ་༧ཚེས་༢༧ ཆུ་ཚོད་༡༩སྐར་མ་༠༤ལ་བྲིས་སོ། །
ཤེལ་དཀར་བློ་བཟང་
༢༠༡༠/༠༧/༣༠ ཉིན་འདོན་སྤེལ་བྱས།
གནས་ཚུལ་དེ་ངོ་ཡིན་ནམ། གལ་སྲིད་བདེན་པ་ཡིན་ན་ང་ཚོའི་མི་རིགས་སྤྱི་དང་ལྷག་དོན་ཟིན་བྲིས་པ་ཡོངས་ལ་གྱོང་གུད་རང་རེད།
འབའ་པ་སྐལ་བཟང་འཕྲིན་ལས།
༢༠༡༠/༠༧/༣༠ ཉིན་འདོན་སྤེལ་བྱས།
དྲ་གྲོགས་བསེ་རུ་ལགས།ཁྱེད་ཀྱིས་སྤེལ་པའི་གསར་འགྱུར་དེས་རྐྱེན་པས་ང་ཡི་བློ་གཏན་ནས་མི་བདེ་བར་བ་ཟོས། འོན་ཀྱང་ངས་སྐད་ཆ་དེར་བདེན་པར་ཡིན་པ་གཏན་ནས་མི་འདོད།
དི་རིང་རྒྱུགས་སྤྲོད་ཀྱི་མི་ཁོམ་པའིབར་གསེང་ན་དྲ་ཐོག་ན་མི་ཉུལ་བྱས་པས་ཁོང་ལྷ་རམས་པ་ད་ལྟར་བཞུགས་ཡོད་པའི་ར་འཕྲོད་བྱུང་
ངོ་མ་ལྟ་བུ་རླབས་ཆེན་གྱི་སྐྱེས་བུ་རྣམས་ཡུན་དུ་བཞུགས་དགོས།
ཁོང་སྐུ་ཚེ་བརྟན་པ་ཤོག
རྨེ་རུ།
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
དཀྲོགས་གཏམ་དང་འུར་དཀྲོགས་བྱས་ན་བྱ་བ་ཞིག་ལོས་ཡོད།
ཡང་ན་ཚོད་ལྟ། ཡང་ན་རེ་བ། འདི་འདྲ་མཐོང་བ་དང་པོ་ཡིན།
མི་ནག་ཚང་ལུང་རིགས་རྒྱལ།
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།

ངས་ད་ནངས་ཟ་ལེ་རྒྱལ་གྱི་ཟིན་བྲིས། སྒྱུ་རྩལ་ཞེས་པ་དེའི་ནང་དུ་མཆན་ཞིག་བཞག་ཡོད། དེས་གསལ་བཤད་བྱས་ཚར་ཡོད་བསམ།
ཕུན་ཚོགས །
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
མ་བརྗེད་རོགས་ཞེས་བཅོས་རོགས་ཧ་ཧ་ཧ་
ཕུན་ཚོགས །
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
དྲ་གྲོགས་བསེ་རུ་ལགས།འདི་ནི་ངའི་དཀྲོག་གཏམ་དེ་ཉིད་མཐོང་འཕྲལ་བློ་སེམས་བློང་བློང་བོར་གྱུར་ཏེ་རང་དབང་མེད་པར་དམ་པ་ཁོང་ལ་མྱ་ངན་ཞུ་ཆེད་བློ་བཟང་གིས་སྤེལ་བའི་གནས་ཚུལ་བསྐྱར་འགོད་བྱས་པ་ཞིག་ཡིན་ལ།ད་དུང་དུས་བབ་ཚང་གི་ཟིན་བྲིས་པ་ཡོངས་ལ་མྱ་ངན་དམིགས་བསལ་བྱ་དགོས་པའི་རེ་སྐུལ་ཀྱང་ཕུལ་བ་ཡིན།འོན་ཀྱང་གནས་ཚུལ་འདི་ལ་དོགས་གནས་ཤིན་ཏུ་མང་བས་རྒྱུ་མཚན་ཡོད་མེད་ལ་དཀྲོགས་གཏམ་མི་འབྱུང་བའི་ཆེད་དུ་ངའི་ཟིན་བྲིས་དེ་ཕྱིར་བསྡུ་བྱས་པ་ཡིན་ལ།གནས་ཚུལ་རྒྱས་བཤད་གནང་མཁན་སུ་ཡང་མ་བྱུང་བས་ད་ལྟའང་དོགས་གནས་སུ་གྱུར་ཡོད།
འདི་འབྲེལ་གྱི་གནས་ཚུལ་རེ་གོ་ན་ང་ལ་བཤད་རྒྱུ་བརྗེད་རོགས།
བསོད་འོད
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
དགེ་མཐོང་ལགས་ཐུགས་བློ་བདེ་བོ་གནང་
བསོད་འོད
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
དགེ་མཐོང་ལགས་ཐུགས་བློ་བདེ་བོ་གནང་
བྲག་ཚེ་དབང་
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
ད་ཤི་སོང་ན་ཏག་ཏག་རེད། ས྄ྤ྄ྱིར་དཀ྄ྲུག་ཤིང་མཁན་ཞིག་རེད། དེའི་ཁར་ར྄ྒན་པོ་ཡང་རེད་དོ།
བསོད་འོད
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
འབྲེལ་ཡོད་ཚོ་ཐུགས་བློ་བདེ་བོ་གྱིས། དགེ་མཐོང་ལགས། རང་སེར་རར་ཡོད་ན་འབྲེལ་ཡོད་ཚོར་དེ་དེ་བཞིན་གསལ་བཤད་གནང་རོགས། ད་ཡང་ལས་ཀར་འགྲོ་རན་སོང་
ཨ་རིག་དགེ་མཐོང་
༢༠༡༠/༠༧/༢༩ ཉིན་འདོན་སྤེལ་བྱས།
ཕལ་ཆེར་བདེན་པ་ཡིན་རྒྱུ་རེད། ཕྲན་ལ་གྲོགས་པོ་ཚོས་ཀུ་རེ་འདྲ་བོ་རྩེད་ཆོག་ཆོག་རེད། འོན་ཀྱང་སྒོམ་སྡེ་ལྷ་རམས་པ་ནི་དེ་འདྲ་ཞིག་མ་རེད། ད་ནི་གཏམ་ངན་གྱི་རིགས་ལ་མི་བདེན་ནི་ཕལ་ཡོང་མི་སྲིད། བསེ་རུ་མཆོག་གིས་འཇིག་རྟེན་གྱི་སྐྱེ་འཆི་ལ་ཐུགས་བསམ་བཞེས་རོགས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།
ཟིན་བྲིས་ཀྱི་མདུན་ངོས།
ང་ཚོའི་ཟིན་བྲིས་པ།
ང་ནི་ལྟེ་ཁྲག་ཁ་བའི་ལྗོངས་སུ་འཕོས་ཀྱང་རྒྱུས་མེད་མི་ཡི་ལུང་པར་དབང་མེད་དུ་གྱར་བའི་ཡུལ་གྱར་བ་ཞིག་སྟེ། ཡོད་ཚད་ཤོར་བའི་འཁྱམ་པོ་ཞིག འདི་ན་ང་ནི་དོན་དམ་གྱི་རྐང་རྗེན་པ་ཞིག་ཡིན། samkhar2003@yahoo.com དོན་ལྡན་གཏམ་གླེང་གནང་སྟེ།། ཀུན་ཕན་ལས་ལ་བརྩོན་རོགས།། ཛར་ཛོར་ཉག་ཉོག་གླེང་ན།། མི་ཚེ་འཕྲོ་བརླག་ཡིན་ནོ།།