ང་ཚོའི་སྐོར།

སྤྱི་ནོར་༧གོང་ས་མཆོག་གིས་བོད་པའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་སྲོལ་འཇགས་བཞེད་ཀྱི་བླ་ན་མེད་པའི་དགོངས་བཞེད་བཏོན་པ་གཞིར་བཟུང་། ༡༩༩༦ ལོའི་ཕྱི་ཟླ་ ༩ ཚེས་ ༡༣ ཉིན་བོད་ཀྱི་དུས་བབ་གསར་ཤོག་གསར་དུ་བཏོན་ཅིང་། དེའི་དབུ་འབྱེད་ཀྱང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེས་གནང་། བཙན་བྱོལ་ནང་རང་དབང་ལྡན་པའི་གསར་ཁང་བཙུགས་པ་བརྒྱུད། ང་ཚོས་སྤྱི་ཚོགས་ནང་དམངས་གཙོའི་སྤུས་ཚད་མཐོན་པོ་ཞིག་བསྐྲུན་པར་སློབ་སྦྱོང་དང་། ཉམས་གསོག སྦྱོང་བརྡར་བཅས་བྱེད་ཐུབ་ལ། བརྒྱུད་རིམ་འདིའི་ནང་དུ་ང་ཚོས་མ་འོངས་པར་དགེ་ཕན་ཆེ་བའི་ཉམས་མྱོང་ལེན་ཐུབ། བོད་མི་རིགས་ལ་དམངས་གཙོ་དགོས་ཤིང་། དམངས་གཙོ་ལ་གསར་འགོད་རང་དབང་དགོས། འོན་ཀྱང་། བོད་ཀྱི་སྤྱི་ཚོགས་ནང་དུ་དམངས་གཙོ་དང་གསར་འགོད་གཉིས་ཀ་ན་སོ་གཞོན་ལ། བཙན་བྱོལ་བའི་འཚོ་བའི་ངོ་བོའི་དབང་གིས་རང་དབང་གི་གསར་འགོད་ཀྱིས་ཐུན་མོང་མ་ཡིན་པའི་དཀའ་ངལ་དག་ལ་གདོང་ལེན་བྱེད་དགོས་ཆགས་ཡོད།

༡༩༥༩ ལོའི་ཡར་སྔོན་དུ་བོད་ཀྱི་སྤྱི་ཚོགས་ནང་རང་སྐྱ་འཕེར་བའི་བོད་ཡིག་གི་གསར་ཤོག་གཅིག་ཀྱང་མེད། ད་ལྟའི་ཆར་ཡང་རང་དབང་ལྡན་པའི་གསར་ཤོག་ཡིན་མིན་ལ་<མ་ལྟོས་པར། ང་ཚོའི་སྤྱི་ཚོགས་ནང་དུ་གསར་ཤོག་ཉུང་ཤོས་ཤིག་ལས་མེད། རང་དབང་ལྡན་པའི་གསར་ཤོག་གི་འགན་ཁུར་ནི་བཙན་བྱོལ་བོད་གཞུང་དང་མི་དམངས་བར་དམངས་གཙོའི་ཐད་ཉམས་མྱོང་གི་གོ་སྐབས་སྤྲོད་རྒྱུ་དེ་ཡིན། གསར་ཤོག་གིས་གནས་ཚུལ་ཡག་པོ་དང་སྡུག་པོ། བདེན་པ་དང་དངོས་ཡོད། སྐྱིད་པ་དང་མི་སྐྱིད་སྐད་ཆ་བཤད་ས་དང་ཐོས་སའི་གླེང་རྟེགས་ཀྱི་ཞབས་ཞུ་ཞུ་གིན་ཡོད། ད་བར་དུ་བོད་ལ་རང་ཉིད་ལ་དབང་བའི་བརྙན་འཕྲིན་བརྒྱུད་ལམ་དང་རླུང་འཕྲིན་ས་ཚིགས་སོགས་མེད་སྟབས། གསར་ཤོག་ནི་བོད་མི་ཚོར་སྐབས་ཐོག་གི་གནས་ཚུལ་དང་བསམ་ཚུལ་སྤྲོད་མཁན་གྱི་བརྒྱུད་ལམ་ཡག་ཤོས་ཤིག་ཡིན།

ད་ཆ་འཛམ་གླིང་འདིར་དྲ་རྒྱའི་གནས་འཕྲིན་གྱི་རིག་གནས་གསར་དུ་དར་སྤེལ་བྱུང་བ་དེས་མིའི་རིགས་ཀྱི་ལྟ་རྒྱ་དང་ཐོས་རྒྱ། བསམ་རྒྱ་བཅས་ལ་སྔར་མ་བྱུང་བའི་གོ་སྐབས་སྤྲད་ཡོད་ལ། བོད་མི་རིགས་ཀྱིས་ཀྱང་སྣང་ཚུལ་གསར་པ་འདི་ཉམས་སུ་མྱོང་མགོ་བརྩམས་ཡོད། གནས་སྟངས་འདིའི་འོག་བོད་ཀྱི་དུས་བབ་ཀྱིས་ཀྱང་གནས་འཕྲིན་དྲ་རྒྱ་གསར་བཟོ་བྱས་ཏེ། ལས་ཁུངས་འདིའི་ངོ་བོ་ཡང་གསར་ཤོག་གི་ལས་ཁུངས་ཙམ་མིན་པར། གསར་འགྱུར་དང་བརྡ་འཕྲིན་གྱི་ལས་ཁུངས་ཤིག་ཏུ་འཕེལ་ཡོད།

ང་ཚོའི་དམིགས་ཡུལ་གཙོ་བོ་དག་ནི།

༡། བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོའི་གོ་རྟོགས་མཐོ་རུ་གཏོང་རྒྱུ།

༢། ༸གོང་ས་མཆོག་གི་མཛད་འཕྲིན་དང་བཙན་བྱོལ་བོད་གཞུང་གི་ལས་དོན། བོད་ཕྱི་ནང་གི་བོད་མི་དང་འབྲེལ་བའི་གནས་ཚུལ་ཁག་བསྡུ་རུབ་དང་འགྲེམས་སྤེལ་བྱེད་པ།

༣། བོད་མི་རིགས་དང་མི་རིགས་གཞན་པར་བོད་ཀྱི་རིག་གཞུང་གི་སྐོར་དང་། དེ་བཞིན་བོད་དང་བོད་མི་རིགས་ལ་འབྲེལ་བའི་ཆབ་སྲིད་དང་སྤྱི་ཚོགས། ཁོར་ཡུག་འཛུགས་སྐྲུན་ལས་འཕྲོས་པའི་གོ་རྟོགས་སྤེལ་རྒྱུ།

༤། གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མིའི་བར་གོ་རྟོགས་སྤེལ་རྒྱུ།
༥། བཙན་བྱོལ་བོད་གཞུང་དང་མི་དམངས་བར་ལས་དོན་ཕྱི་གསལ་ནང་གསལ་ཡོང་ཐབས་བྱེད་པ་བཅས་ཡིན།
འབྲེལ་གཏུགས་ཁ་བྱང་ནི།

editor
Bod-kyi-dus-baB (Tibet Times)
Session road, Dharamsala, 176215
distt Kangra (H.P)

India

 ཁ་པར། -91-(0)1892224107
གློག་འཕྲིན། [email protected]/[email protected]/[email protected]

དྲ་བྱང་། www.tibettimes.net  

 ལས་བྱེད།

རྩོམ་སྒྲིག་པ། དོན་འགྲུབ་བཀྲ་ཤིས།

འཛིན་སྐྱོང་འགན་འཛིན། བསྟན་འཛིན་རབ་ཡངས།

འགྲེམ་སྤེལ་བ། བློ་བཟང་དབང་ཕྱུག

གསར་འགོད་པ། དོན་ཁོ།

གསར་འགོད་པ། ཚེ་རིང་རྒྱལ།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

གསར་འགོད་པ། བནྡེ་སྐྱབས།

ཇུས་འགོད་པ་དང་གསལ་བསྒྲགས་འགན་འཛིན། བསྟན་འཛིན་ཆོས་གྲགས།