Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

བརྙན་འཕྲིན།

ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནོར་གླིང་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་བཅས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་མང་ཚོགས་ཀྱི་འདྲི་བར་ལན་འདེབས་གནང་ཡོད།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནོར་གླིང་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་བཅས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་མང་ཚོགས་ཀྱི་འདྲི་བར་ལན་འདེབས་གནང་ཡོད།
ཕྱི་ལོ་ ༢༠༡༡ ལོའི་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་ ༡༠ བཅུ་བར་ཉིན་ལྔའི་རིང་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་དེ་ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༦ ནས་ ༡༠ བར་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་༼ བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས༽ ཤིག་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་བཀྲ་ཤིས་རབ་བརྟན་ནམ་ཐེའུ་རང་ལགས་སུ་༼ དཔའ་བོའི་སྙིང་སྟོབས་ཀྱི་རྟགས་མ།༽ ཞེས་པ་གཉིས་ཕུལ་ཡོད།
ཉེ་ཆར་བཞུགས་སྒར་ངྷ་རམ་ས་ལར་བསྐངས་པའི་བོད་ཀྱི་གསར་འགོད་པའི་ལྷན་ཚོགས་ཐོག སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱིས་༼ རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྱི་སྟོབས་ཤུགས ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་ཅིང་། ཁོང་གིས་བོད་པའི་གསར་འགོད་པ་ཚོ་ནི། སྤྱི་ཚོགས་ནང་ལས་རིགས་འདྲ་མིན་ཞིག་ཡོད་པའི་ནང་ནས་གལ་ཆེན་ཡིན་པ་མ་ཟད། བོད་པའི་རྩ་དོན་འཐབ་རྩོད་ལ་མཚོན་ན་དམག་འཁྲུག་གི་གཡུལ་ས་ན་ཡོད་པའི་པའི་འཐབ་མོ་བ་ལྟ་བུ་ཡིན་སྐོར་ནས་མགོ་བཙུགས་ཏེ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ལ་དབྱེ་ཞིབ་ཀྱིས་གཏམ་བཤད་གནང་ཡོད།
ཨུ་རུ་སུ་རྒྱལ་ཁོངས་ཀྱི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་ཁྲིད་ཏེ་ལོ་རིན་པོ་ཆེས་སྣེ་ཁྲིད་འོག ཁལ་མུག་དང་བྷོ་རི་ཡ། ཐོ་བ་བཅས་ཀྱི་སོག་རིགས་སྟོང་ཕྲག་གཅིག་ལྷག་བཞུགས་སྒར་ངྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུས་ཡོད་པ་ལྟར། ཕྱི་ཚེས་ ༢ ཉིན་བླ་མ་ཏེ་ལོ་རིན་པོ་ཆེ་མཆོག་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་བོད་པའི་གསར་འགོད་པ་ཚོར་ཐུག་འཕྲད་ཀྱིས་ཐེངས་འདིའི་གསུང་ཆོས་ཀྱི་སྔ་གཞུག་དང་། བོད་སོག་བར་གྱི་མཛའ་འབྲེལ་གནས་སྟངས་སྐོར་ངོ་སྤྲོད་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སོང་
བོད་ཁྱིམ་སློབ་ཟུར་མཉམ་འཛོམས་ཀྱི་དུས་སྟོན་དང་བསྟུན་ཏེ། འདི་ག་དུས་བབ་ལས་ཁུངས་ཀྱི་གསར་འགོད་པ་དོན་གོ་དང་ཚེ་རིང་རྒྱལ་ལགས་གཉིས་ཀྱིས་བཀའ་ཟུར་རྗེ་བཙུན་པད་མ་མཆོག་ལ། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་བོད་ཕྲུག་ཁྱིམ་སྡེ་ཡི་གྲུབ་འབྲས་དང་འཐུས་ཤོར། གཞན། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ད་ལྟའི་གནས་སྟངས་སོགས་སྤྱི་བྱེ་བྲག་གི་གནད་དོན་མང་པོ་ཞིག་གི་ཐད་བཅར་འདྲི་བྱས་ཡོད།
ཤོག་གྲངས་: [༡] ..[རྗེས་མ།]