༧གོང་ས་མཆོག

༢༠༡༤/༡༢/༡༨   རིག་པ།(༢)

༧གོང་ས་མཆོག་གིས་མ་འོངས་པར་ཏཱ་ལའི་བླ་མ་གླེན་པ་དང་ཞབས་འདྲེན་ཞུ་མཁན་དེ་འདྲ་ཡོང་མི་སྲིད་པ་ཞིག་མིན་སྟབས། དུས་རབས་མང་པོའི་ལོ་རྒྱུས་ཡོད་པའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཡང་སྙན་གྲགས་ཅན་གྱི་ཏཱ་ལའི་བླ་མ་དང་མཉམ་དུ་མེད་པ་ཆགས་ན་དེ་ལས་ཡག་པ་ཞིག་ཡོད་པ་མ་རེད་གསུངས་འདུག

༢༠༡༤/༡༢/༠༤   རིག་པ།(༤)

༧གོང་ས་མཆོག་གིས་དྷ་སར་སོག་རིགས་ཚོར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང་སྐབས། ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོག་ཡུལ་དུ་འཁྲུངས་དགོས་སྐོར་དང་། ཁྲི་བྱང་རིན་པོ་ཆེའི་ཡང་སྲིད་ལ་འབྲེལ་བ་ཡང་ཡང་ཞུས་ཀྱང་ཉན་འཇོག་བྱས་མ་སོང་སྟབས་ད་ལྟ་རིན་པོ་ཆེ་ངོས་དང་འབྲེལ་བ་གཏན་ནས་མེད་ཅེས་སོགས་གསུངས།

༢༠༡༤/༡༢/༠༢   རིག་པ།(༠)

༧གོང་ས་མཆོག་གིས་སོག་པོའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཕྱི་རྒྱལ་དང་བོད་པ་ཚོར་ལམ་རིམ་ཆེན་མོའི་གསུང་ཆོས་གནང་སྐབས། ཁྱེད་རང་ཚོ་དོལ་རྒྱལ་མཚམས་འཇོག་བྱ་རྒྱུར་ཞེད་སྣང་སྐྱེ་ན། སེམས་ནང་དོལ་རྒྱལ་མཚམས་འཇོག་བྱས་པ་དེ་སྒེར་སོ་སོ་དོལ་རྒྱལ་ལ་མ་དགའ་བ་མིན་པར། ཏཱ་ལའི་བླ་མའི་ཐོག་མ་དོལ་རྒྱལ་བསྟེན་ཏེ་ཕྱིས་སུ་སྐྱོན་མཐོང་ནས་མཚམས་འཇོག་བྱས་པ་ལྟར་ང་ཚོར་ལམ་སྟོན་གནང་བའི་རྗེས་སུ་འབྲང་གི་ཡོད་སྟབས། དོལ་རྒྱལ་ཁྲོ་ན་ཏཱ་ལའི་བླ་མའི་སྟེང་ཁྲོ་རོགས། གནོད་པ་གཏོང་རྒྱུ་ཡོད་ན་ཏཱ་ལའི་བླ་མར་གནོད་པ་གཏོང་ཤོག་ཅེས་གསུངས་སོང་

༢༠༡༤/༡༡/༢༩   རིག་པ།(༠)

༧གོང་ས་མཆོག་གིས་ད་ལྟའི་དུས་ཚོད་འདིའི་ནང་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེན་ཊའི་མཁས་པ་ཚོས་མཛད་པའི་གཞུང་དེ་དག་ལ་འགྲེལ་བཤད་ཅིག་རྒྱག་དགོས་ན་བོད་ཡིག་ལས་ལྷག་ཅིག་གཅིག་ཀྱང་མེད་སྟབས། ད་ལྟ་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས། ཐོགས་མེད་སོགས་ཕེབས་ན་བོད་པར་ལག་ཁྱེར་ཨང་དང་པོ་སྤྲོད་ངེས་ཡིན་གསུངས།

༢༠༡༤/༡༡/༢༤   རིག་པ།(༡)

༧གོང་ས་མཆོག་རྒྱ་གར་ལྡི་ལིར་སྲིད་བློན་ནེ་རུ་འཁྲུངས་ཏེ་ལོ་བརྒྱ་དང་ཉེར་ལྔ་འཁོར་བའི་དུས་དྲན་དང་རྒྱལ་སྤྱིའི་ཧིན་རྡིའི་ཆོས་ལུགས་ལྷན་ཚོགས་བཅས་སུ་ཆིབས་བསྒྱུར་བསྐྱངས་ཏེ། འཛམ་གླིང་ཐོག་མི་རིགས་དང་ཆོས་ལུགས་མི་འདྲ་བ་ཡོད་པ་དེར་གཙིགས་ཆེན་བྱེད་པ་ལས་མ་འཆམ་མ་མཐུན་པ་འབྱུང་བཞིན་ཡོད་སྐོར་གསུངས་འདུག

༢༠༡༤/༡༡/༡༡   རིག་པ།(༡)

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་ལ་ཉིན་གྲངས་ ༣ རིང་གི་གསུང་ཆོས་དབུ་འཛུགས་གནང་སོང་

༢༠༡༤/༡༡/༠༧   རིག་པ།(༠)

ཉེ་ལམ་༧གོང་ས་མཆོག་གིས་ཨ་རིའི་ནེའུ་ཡོག་དང་ནེའུ་འཇར་སེ་བོད་རིགས་མི་མང་ལ་བཀའ་སློབ་གནང་སྐབས། ང་ཚོའི་སྟོབས་ཤུགས་ཡོང་ས་ནི་བདེན་པ་དང་། འཚེ་བ་མེད་པ། ཀུན་ལ་ཕན་པའི་སྟོབས་ཤུགས་དང་། གུང་ཁྲན་ཏང་གི་སྟོབས་ཤུགས་ཡོང་ས་མེ་མདའ་རེད། འཕྲལ་དུ་མེ་མདའི་སྟོབས་ཤུགས་དེ་ཆེ་བ་ཡོད་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་བདེན་པའི་སྟོབས་ཤུགས་ཆེ་བ་ཡིན་ཞེས་གསུངས།

༢༠༡༤/༡༠/༢༧   རིག་པ།(༠)

༧གོང་ས་མཆོག་གིས་ཁེ་ན་ཌའི་ནང་གི་མཛད་འཕྲིན་གྲུབ་སྟེ་ཨ་རིའི་ནང་ཞབས་སོར་འཁོད་ཡོད་ཅིང་། དེ་གའི་མི་མང་ལ་སློབ་ཕྲུག་ཚོར་བྱམས་བརྩེ་གཞི་ལ་བཞག་པའི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པ་གལ་འགངས་ཆེན་པོཡིན་སྐོར་གསུངས་འདུག

༢༠༡༤/༡༠/༡༤   རིག་པ།(༠)

༧གོང་ས་མཆོག་ཟླ་འདིའི་ཚེས་ ༡༧ ཉིན་དྷ་རམ་ས་ལའི་རྒྱུག་རྩེད་སྤོ་ལོའི་ཐང་ཆེན་དུ་རྩེད་འཆར་ཡོད་པའི་རྒྱ་གར་དང་ཝོ་སེ་ཨིན་ཌེ་སི་རྒྱུག་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འབྱེད་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

༢༠༡༤/༠༩/༢༢   རིག་པ།(༡)

༧གོང་ས་མཆོག་གིས་རྒྱལ་ས་ལྡི་ལིར་ཚོགས་པའི་ཆོས་ལུགས་འདྲ་མིན་གྱི་ལྷན་ཚོགས་ཐོག འཛམ་གླིང་ནང་ཆོས་ལུགས་ཕན་ཚུན་གྱི་མཐུན་ལམ་གལ་ཆེན་ཆགས་ཡོད་སྟབས། ཆོས་ལུགས་དབུ་ཁྲིད་ཚོས་དམིགས་ཡུལ་ངེས་ཅན་ཞིག་གི་ཐོག་འགྲོ་ཐུབ་པའི་གོ་བསྡུར་གནང་དགོས་སྐོར་གསུང་འདུག

༢༠༡༤/༠༩/༡༩   རིག་པ།(༠)

༧གོང་ས་མཆོག་གིས་མུམ་བྷེ་རུ་གསར་འགོད་པར་ལན་འདེབས་གནང་སྐབས། སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་པ་ཆགས་ཡོད་སྟབས། ཞི་བའི་སྒོ་ནས་རྩོད་རྙོག་སེལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་འདུག

༢༠༡༤/༠༨/༢༨   རིག་པ།(༠)

༧གོང་ས་མཆོག་གིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཅེས་པའི་ཚོགས་འདུའི་ཐོག་བཀའ་སློབ་གནང་སྟེ། རྒྱ་ནག་རིག་གཞུང་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། དྲག་པོའི་གོ་ལག་ཐོགས་ནས་ནུས་པ་འདོན་རྒྱུ་མིན་པར། རང་ཉིད་ལ་ནུས་པ་གང་ཡོད་པ་དེའི་ཐོག་ཡག་པོ་ཞིག་བསྐྱོད་ཐུབ་ན། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་ངེས་སྐོར་གསུངས་འདུག

༢༠༡༤/༠༨/༢༦   རིག་པ།(༠)

༧གོང་ས་མཆོག་གིས་འཇར་མན་ནང་གི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ངོས་ལ་རྒྱ་རིགས་མང་པོ་ཞིག་གིས་དེང་སྐབས་རྒྱ་ནག་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཡང་བཟང་སྤྱོད་ཀྱི་སྟོབས་ཤུགས་འདང་གི་མེད་ཚུལ་བརྗོད་མཁན་བྱུང་སྟབས། རྒྱ་གཞུང་གིས་མི་མང་ལ་དམ་དྲག་བྱ་རྒྱུའི་ཚབ་ཏུ་ཕྱི་གསལ་ནང་གསལ་ཆེ་ཙམ་བྱེད་དགོས་པ་ཆགས་ཡོད། ཅེས་གསུངས་འདུག

༢༠༡༤/༠༨/༢༠   རིག་པ།(༠)

ཟླ་འདིའི་ཚེས་ ༢༣ ཉིན་ནས་བཟུང་༧གོང་ས་མཆོག་གིས་འཇར་མན་གྱི་གྲོང་ཁྱེར་ཧན་བྷེག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

༢༠༡༤/༠༨/༡༢   རིག་པ།(༠)

༧གོང་ས་མཆོག་གིས་ཐའེ་ཝན་མི་མང་དང་རྒྱ་ནག་ཡུན་ནན་བཅས་ཀྱི་གནོད་ཐེབས་མང་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་ཡོད་འདུག

ཤོག་གྲངས་: [༡] ..༡༣[རྗེས་མ།]