དཔེ་དེབ།

༢༠༡༣/༠༧/༠༨   རིག་པ།(༤)

ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་<<བོད་མིའི་རང་སྲེག་ངོ་རྒོལ་རྒྱས་གླེང་>>ཞེས་པ་ཉེ་ལམ་ཐའེ་ཝན་ནས་དཔར་སྐྲུན་འགྲེམས་སྤེལ་ྱས་ཡོད་འདུག

༢༠༡༢/༠༣/༡༦   རིག་པ།(༦)

དེ་རིང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་ཁྲི་པ་མཆོག་གིས་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་གིས་བོད་མིའི་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བཀོད་པའི་དཔེ་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ཞེས་དབུ་འབྱེད་གནང་སོང་

༢༠༡༠/༠༨/༡༡   རིག་པ།(༡༨)

བྱང་ཨ་རིར་བཞུགས་མཁན་རྒྱ་རིགས་རྩོམ་པ་པོ་སྐུ་ཞབས་ཀྲན་ཕོ་ཁུང་དང༌།  བུད་མེད་རྩོམ་པ་པོ་ལི་ཅང་ལིན།  ཁེ་ཎ་ཌར་བཞུགས་མཁན་བུད་མེད་རྩོམ་པ་པོ་ཀྲུའུ་རུའེ་བཅས་ནས་ལོ་འདིའི་ནང་སྔ་ཕྱིར་བོད་དོན་དང་འབྲེལ་བའི་སྐོར་ལ་རྒྱ་ཡིག་ཐོག་དེབ་རེ་བྲིསཏེ་ཧོང་ཀོང་དང༌ཐེ་ཝན་ཨ་རི། ཁེ་ན་ཌ་བཅས་སུ་བཀྲམས་ཏེ་བྲིན་རྒྱུག་ཆེན་པོ་བྱུང་ཡོད་འདུག

༢༠༡༠/༠༧/༢༡   རིག་པ།(༣༥)

བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལས་འཆར་གྱི་འོག་ ནས་འདོན་བཞིན་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཀྱི་དེབ་ཕྲེང་གཉིས་པ་ ཐོན་ཡོད་འདུག

༢༠༡༠/༠༦/༠༧   རིག་པ།(༡༥)

ཆོས་ལུགས་རིས་མེད་དང་ཆོལ་ཁ་རིས་མེད་ཀྱི་བསམ་པའི་འཁྱེར་སོ་འདི་དུས་གཏན་དུ་ གནས་ན་བསམ་ནས་མྱ་ངན་ཆེད་དེབ་འདི་བཀྲམས་པ་ཡིན་ཟེར།

༢༠༡༠/༠༥/༣༡   རིག་པ།(༣༩)

རྩོམ་ཡིག་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ ཞེས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོར་ཆེད་དུ་བྲིས་པའི་དཔེ་དེབ་༼ གནམ་ས་གོ་འབྱེད ༽ ཞེས་པའི་ནང་བཀོད་ཡོད།

༢༠༡༠/༠༥/༢༠   རིག་པ།(༤༩)

རྩོམ་པ་པོ་ཞོགས་དུང་གིས་བརྩམས་པའི་༼ གནམ་ས་གོ་འབྱེད ༽ ཞེས་པའི་དཔེ་དེབ་དེ་བལ་ཡུལ་གྱི་བོད་མི་ལ་ཞེན་ཅན་ཁག་ཅིག་གིས་བསྐྱར་པརབྱས་ཏེ། ཁ་སང་ཕྱི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་རྒྱལ་ནོར་ཚེ་དབང་དང་ཚེ་བརྟན་ནོར་བུ་གཉིས་ཀྱིས་དབུ་འབྱེད་གནང་ཡོད།

༢༠༡༠/༠༥/༡༢   རིག་པ།(༢༦)

ལྕགས་མོ་མཚོ་ཞུ་བ་ཞིག་གིས་འདི་འདྲ་ཞིག་བྲིས་འདུག “ཞོགས་དེར། ཚོགས་ན་ཞལ་འདོན་སྐྱོར་བཞིན་པའི་གྲྭ་བ་དེ་ཚོ། ཞོགས་དེར། སློབ་ཁང་དུ་ཀ་ཁ་གྱེར་བཞིན་པའི་སློབ་ཕྲུག་དེ་ཚོ། ཞོགས་དེར། བསྐོར་ལམ་ན་མ་ཎི་སྐོར་བཞིན་པའི་རྒན་རྒོན་དེ་ཚོ། འདི་ལྟར་ས་ཆེན་འགུལ་བསྐྱོད་གཅིག་གིས་ཁྱུར་མིད་བྱས”  ཞེས་བྲིས་འདུག ངོ་མ་སེམས་སྐྱོ་ནི་ཞིག་རེད་ཟེར།

༢༠༡༠/༠༥/༠༤   རིག་པ།(༢)

ཨུ་རུ་སུའི་སྤྱི་ཚོགས་ཚན་རིག་ཁང་གི་ཌོག་ཊར་སེ་ཇོ་སི་ཨེལ་ཁོ་སུ་མིན་མཆོག་གིས་བརྩམས་པའི་བོད་རང་བཙན་དང་བཙན་འཛུལ་སྐོར་གྱི་ལོ་རྒྱུས་༼སྦས་པའི་བོད༽ཅེས་པ་དེ་ཚེས་ ༤ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༣༌༤༠ ཐོག་ངྷ་སའི་བོད་ཀྱི་དཔེ་མཛོད་ཁང་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག

༢༠༡༠/༠༣/༡༧   རིག་པ།(༦)

ཨུ་རུ་སུའི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ཞིག་གིས་བོད་དོན་སྐོར་གྱི་དཔེ་དེབ་ཅིག་བརྩམས་ཡོད་འདུག

༢༠༡༠/༠༣/༠༧   རིག་པ།(༧)

དེ་རིང་བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བོད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཕྱོགས་སྒྲིག ༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་པེ་དེབ་<དང་བོད་ནང་བྲིས་པའི་རྩོམ་ཡིག་དབྱིན་བསྒྱུར་མ་ཞིག་བཅས་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད།

༢༠༡༠/༠༡/༣༠   རིག་པ།(༡༡)

བོད་རིགས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ངམ། མིང་དངོས་ལ་བཀྲ་རྒྱལ་ལགས་ཀྱིས་ ༢༠༠༨ ལོའི་བོད་མིའི་ཞི་བའི་འོས་ལངས་ཆེན་མོར་བསྐྱར་དུ་བསམ་གཞིགས་གཏིང་ཟབ་བྱས་ཏེ། དོ་རྐྱེན་དེ་ལ་ས་བྱི་ཞི་བའི་གསར་བརྗེ་ཞེས་པའི་ངོས་འཛིན་ཐོག ཁ་བྱང་ལ་༼ གནམ་ས་གོ་འབྱེད ༽ ཞེས་པའི་དཔེ་དེབ་ཅིག་གསར་དུ་བརྩམས་ཡོད་འདུག 

༢༠༠༩/༡༡/༠༢   རིག་པ།(༡༧)

ཅི་ནས་ཀྱང་ ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན། ཁྱེད་ཅག་གི་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར། འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ,,

༢༠༠༩/༡༠/༢༥   རིག་པ།(༣༡)

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་རྣམ་སྡེ་ཚན་གྱིས་གླེགས་བམ་དྲུག་གི་བདག་ཉིད་ཅན་གྱི་༧གོང་ས་བཅུ་བཞི་བ་མཆོག་གི་མཛད་རྣམ་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ཞེས་པ་རྩོམ་སྒྲིག་དང་། དཔར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། སང་ཉིན་ཕྱི་ཚེས་ ༢༦ ཉིན་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་ཏེ། དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་དབུ་བྱེད་གནང་རྒྱུ་ཡིན་འདུག 

༢༠༠༩/༡༠/༡༩   རིག་པ།(༦༥)

བླ་མ་ཤིང་བཟའ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བརྩམས་པའི་ སྒེར་གཅོད་ ཅེས་པའི་དཔེ་དེབ་དེ་ ༢༠༠༩ ལོའི་ཟླ་ ནང་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད།

ཤོག་གྲངས་: [༡] [རྗེས་མ།]