གསར་འགོད་རིག་པ།

༢༠༡༠/༠༧/༠༥   རིག་པ།(༤)

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གསར་འགོད་པའི་ལག་དེབ་ཅེས་པ་པར་དུ་བསྐྲུན་ ཏེ། དེས་ད་ལྟ་བོད་མིའི་སྤྱི་ཚོགས་ཁྲོད་གསར་འགོད་པའི་ཕྱག་ལས་གནང་བཞིན་པ་དང་། འབྱུང་འགྱུར་དེ་ལྟའི་ལས་རིགས་ནང་ཞུགས་མཁན་རྣམས་གཙོས། བོད་མིའི་སྤྱི་ཚོགས་ལ་ཐུགས་ཕན་མི་དམན་ཙམ་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་ཟེར།

༢༠༡༠/༠༥/༣༡   རིག་པ།(༩༧)

ཁྱེད་ལ་དཀའ་ངལ་ཡོད་ན་གསང་མིང་བེད་སྤྱད་བྱེད་ལོས་ཆོག ཡིན་ནའང་། ཁྱེད་ཀྱིས་གསང་མིང་གི་འོག་ནས་མི་གཞན་ལ་དོན་མེད་ཀྱི་དཀའ་ངལ་མ་སྤྲོད། གཞི་མེད་སྐྱོན་འཛུགས་དང་སྐུར་འདེབས་དེ་དག་ནི་དྲ་ཐོག་གི་རྩོམ་པ་པོ་དང་ཀློག་ པ་པོའི་བར་གྱི་ཁོར་ཡུག་ལ་གཏོར་སྐྱོན་དུ་འགྱུར་གྱིན་འདུག

༢༠༡༠/༠༥/༢༡   རིག་པ།(༡)

ཧོང་ཀོང་ནང་ The Epoch Times  དབྱིན་ཡིག་གསར་ཤོག་ཐོག་མ་དེ་པར་འགྲེམས་བྱེད་ཐུབ་ཡོད་འདུག

༢༠༠༩/༠༧/༡༨   རིག་པ།(༦)

ལོ་གཅིག་གི་ནང་དུ་གསར་འགྱུར་དྲ་རྒྱ་ཚང་མས་དྲ་ཐོག་གི་རྒྱུ་ཆ་ཚང་མར་རིན་འབབ་ལེན་རྒྱུ་རེད་ཟེར།

༢༠༠༨/༠༨/༢༡   རིག་པ།(༢)

རྒྱ་གར་ལ་གསར་འགྱུར་གྱི་བརྒྱུད་ལམ་སྣ་མང་ཡོད་པ་རེད། ཡིན་ནའང་འདི་དག་གི་ཁྲོད་དུ་འགྲོ་སོང་ཤུགས་ཆེར་བཏང་སྟེ་གསར་འགོད་ཀྱི་ཟབ་ སྦྱོང་སྤྲོད་མཁན་དང་། ལས་ཀར་གསར་བསྡུ་བྱེད་མཁན་དཀོན་པོ་རེད། སྤྱིར་བཏང་གྲོང་ཁྱེར་དང་མངའ་སྡེའི་རྒྱལ་ས་རེར་གསར་འགོད་པ་གཅིག་རེ་མ་གཏོགས་ འཇོག་གི་མེད། རྒྱ་གར་གྱི་མངའ་སྡེ་འགའ་ཤས་ནི་འཛམ་གླིང་གི་རྒྱལ་ཁབ་མང་བོ་ཞིག་ལས་ཆེ་བ་ཡོད། དེར་བརྟེན་གསར་འགོད་པ་དེས་གསར་འགོད་གསལ་བསྒྲགས་རེ་དང་རྒྱལ་ས་དེར་བྱུང་བའི་ དོན་རྐྱེན་ཆེ་ཤོས་ཀྱི་རིགས་མ་གཏོགས་འགོད་མི་ཐུབ་པ་ཆགས་གི་ཡོད། འོན་ཀྱང་། མི་སེར་གསར་འགོད་བརྒྱུད་ལམ་གྱིས་འདི་དག་ཐམས་ཅད་སྒྱུར་གིན་ཡོད།

༢༠༠༨/༠༨/༢༡   རིག་པ།(༡)

དམངས་གཙོའི་སྤྱི་ཚོགས་ཤིག་ལ་མེད་ཐབས་མེད་པ་ནི་སྨྲ་བརྗོད་རང་དབང་ཡིན་སྟབས། གསར་འགོད་ནི་དམངས་གཙོའི་ཀ་བ་བཞི་བར་ངོས་འཛིན་བྱས་ཡོད། ཨ་རིའི་རང་བཙན་སྒྲག་གཏམ་གྱི་མ་ཟིན་འབྲི་མཁན་སྲིད་འཛིན་གསུམ་པ་ཐོ་མ་སི་ རྗེ་ཧྥུར་སོན་ལགས་ཀྱིས་གནས་ལུགས་འདི་མཁྱེན་ཏེ། གལ་སྲིད་ཁོང་ལ། སྲིད་གཞུང་ཡོད་ཅིང་གསར་འགོད་རང་མེད་པ་དང་། གསར་འགོད་རང་དབང་ཡོད་ཅིང་སྲིད་གཞུང་མེད་པ་གཉིས་ལས་གང་འདེམ་གི་ཡིན་ཅེས་དྲིས་ ཚེ་ཁོང་ནས་ཐེ་ཚོམ་མེད་པར་རྗེས་མ་དེ་འདེམ་གི་ཡིན་ཅེས་གསུངས་པ་རེད།