ཟབ་སྦྱོང།

འདོན་སྤེལ། ༢༠༡༡/༠༨/༡༠

ཟབ་སྦྱོང།

གཏོང་ལེན་ཐེབས་རྩ་ཚོགས་པས་ཡུལ་མིའི་དཔྱ་ཁྲལ་དང། ཚོགས་པའི་དེབ་སྐྱེལ། ཕྱི་དངུལ་དོ་དམ་བྱ་ཕྱོགས་བཅས་ཀྱི་ཐད་དམིགས་བསལ་ཟབ་སྦྱོང་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་པས། ཁེ་མེད་ཚོགས་པ་ཁག་ཟབ་སྦྱོང་འདིར་མགྲོན་འབོད་ཞུ་བཞིན་ཡོད། ཟབ་སྦྱོང་འདིས་ཚོགས་པ་གསར་འཛུགས་དང་རྒྱ་སྐྱེད་སྐོར་གྱི་བྱེད་སྒོ་འགྲོ་སྟངས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་དང་གོ་རྟོགས་སད་རྒྱུར་དམིགས་པ་ཞིག་ཡིན། དེ་བཞིན་སྔ་ས་ནས་ཚོགས་པའི་ཡིག་ཆ་དང་བྱེད་སྒོ་ལེགས་གྲུབ་ཟིན་པ་དག་ཆེད་ཕེབས་ཀྱིས་ཉམས་མྱོང་དང་བསམ་ཚུལ་བརྗེ་རེ་བྱ་རྒྱུར་དགའ་བསུ་ཞུ། ཟབ་སྦྱོང་སྐབས་དྲི་བ་དྲིས་ལན་དང་སྐད་སྒྱུར་གྱི་མཐུན་རྐྱེན་ཡང་གང་ལེགས་ཡོད།

ཚོགས་དུས།         ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པ་ནས་ཕྱི་དྲོའི་ཆུ་ཚོད་ ༥ པ་བར།

ཚོགས་ཡུལ།         གངས་སྐྱིད་སྤྱི་ཐབ་ཁང།

ཟབ་སྦྱོང་སྤྲོད་མཁན། Martin P. Pinto 

Martin P. Pinto ལགས་ནི་རྒྱ་གར་ནང་བཅལ་ཁྲལ་རྩི་ཞིབ་པ་མིང་གྲགས་ཅན་ཞིག་ཡིན་ལ། བོད་པའི་ཚོགས་སྡེ་ཁག་ལ་ཧ་ཅང་རྒྱུས་མངའ་ཆེན་པོ་ཡོད། དེ་སྔ་ཁོང་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས་རིགས་ཀྱི་དོ་དམ་དང་འཛིན་སྐྱོང་བྱ་ཕྱོགས་སྐོར་ལ་དཔེ་དེབ་འགའ་ཤས་བརྩམས་ཡོད་པ་མ་ཟད། ཟབ་སྦྱོང་རིགས་མང་པོ་སྤྲད་དང་སྤྲོད་མུས་རེད།

འབྲེལ་ཡུལ།

Kusho Jamyang
Top floor bank of Baroda

Opp, Kangra Art Gallery

Kotwali Bazaar, Dharamsala 176215

Phone: 001892-223930, Mob: 9816314891
ཤོག་ངོས་འདི་ཐེངས་ ༡༠༧༢ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།