གསུང་ཆོས་དུས་ཚོད་འགྱུར་ལྡོག་ཕྱིན་པའི་གསལ་སྒྲགས།

འདོན་སྤེལ། ༢༠༡༡/༠༨/༡༠

གསུང་ཆོས་དུས་ཚོད་འགྱུར་ལྡོག་ཕྱིན་པའི་གསལ་སྒྲགས།

༄༅། །དད་ལྡན་ཆོས་ཞུ་དོན་གཉེར་ཅན་རྣམས་ཀྱི་སྙན་ལམ་དུ་

                                                                               ཞུ་རྒྱུར།

         འདི་ལོའི་ཕྱི་ཟླ་དྲུག་པའི་ནང་ྋསྐྱབས་རྗེ་སེར་སྨད་མཁན་ཟུར་དག་པ་ཁྲི་སྤྲུལ་རིན་པོ་ཆེ་མཆོག་གིས་དཔལ་ལྡན་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་ལྗགས་ལུང་གནང་རྒྱུའི་ཐད་དེ་སྔོན་ཚག་ཤོག་ཁག་ལ་གསལ་སྒྲགས་འབུལ་ཟིན་ཡང༌། ཉེ་ཆར་ྋསྐྱབས་རྗེ་དག་པ་རིན་པོ་ཆེ་སྐུ་གཟུགས་ཅུང་བདེ་མིན་གྱི་ཚུལ་ལ་རྟེན། ལྷ་རྗེ་ནས་ྋསྐྱབས་རྗེ་རིན་པོ་ཆེ་སྐུ་གཟུགས་ལ་ཕར་ཙམ་ངལ་གསོ་དགོས་པར་རེ་འདུན་ཞུ་ཡོད་སྟབས། ད་རེ་ཕྱི་ཟླ་དྲུག་པའི་ནང་གསུང་ཆོས་དེ་ཕྱིར་འཐེན་བྱེད་དགོས་བྱུང་སོང་བ་དང༌། སླད་ྋསྐྱབས་རྗེ་རིན་པོ་ཆེ་སྐུ་ཁམས་གསལ་དྭངས་སྐབས་སླར་གསོལ་བ་དུས་ལས་མ་ཡོལ་བར་བཏབ་སྟེ་རྒྱུན་ལྡན་བཞིན་དུས་ཐོག་གསལ་སྒྲགས་འབུལ་ཆོག་པ་དང༌། ྋསྐྱབས་རྗེ་རིན་པོ་ཆེའི་ཞལ་སློབ་ཡོངས་ནས་ཀྱང་གང་ཉིད་སྨྱུང་ཚུལ་ལས་གང་མྱུར་དྭངས་བའི་ཞབས་རིམ་སྨོན་འདུན་གང་མང་སྐྱབས་འཇུག་ཡོང་བ་མཁྱཻན་ཞུ

                                                                                            དགེ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་ནས། ཕྱི་ལོ་༢༠༡༡ ཟླ་༠༥ ཚེས་༢ ལ།

 

­

ཤོག་ངོས་འདི་ཐེངས་ ༡༣༣༨ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།