སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་གསལ་བརྡ།འདོན་སྤེལ། ༢༠༡༡/༠༨/༡༠
སྙན་ངག་གྱེར་འདོན་འགྲན་བསྡུར་གྱི་གསལ་བརྡ།
༈ བཙན་བྱོལ་ཁྲོད་སྙན་ངག་དང་སྐད་ཡིག་ལ་དོ་ཁུར་ཡོད་པའི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དྲུང་དུ།
རླབས་ཆེ་ཞིང་གཞུང་བརྟན་པའི་ཡབ་མེས་རྣམ་པས་ཚེ་སྲོག་དང་རྔུལ་ཁྲག་གིས་བསྐྲུན་པའི་དབྱངས་གསལ་སོ་བཞིའི་རྨུ་ཐག་འདི་ཉིད་མགོ་ནག་བོད་པ་ཡོངས་ཀྱི་ཚེ་སྲོག་གི་རྩ་བར་སྦྲེལ་ཡོད་ན། འདི་ཉིད་དར་སྤེལ་དང་རྒྱུན་འཛིན་བྱེད་རྒྱུ་ནི་ང་ཚོ་མི་རབས་གསར་བའི་གཞོན་རབས་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཆགས་ཡོད། བོད་ནང་ལ་མཚོན་ན་རྒྱ་ཆེའི་བོད་དམངས་ཡོངས་ཀྱིས་སྐད་ཡིག་དང་རིག་གཞུང་ལ་བཅངས་པའི་བརྩེ་ཞེན་སྔ་ཕྱི་བར་གསུམ་དུ་ལྷོད་པ་མེད་ལ། ལྷག་དོན་ཕྱི་ལོ་ ༢༠༡༠ ལོར་སློབ་མའི་སྐད་ཡིག་རིག་གཞུང་གི་རིན་ཐང་ལ་བཟུང་བའི་ཡར་ལངས་རྣམ་འགྱུར་ལས་བོད་གཞིས་བྱེས་གཉིས་ཀྱི་མི་རྣམས་གཉིད་ལས་སད་དུ་བཅུག་ཡོད། དེ་དང་དེ་ལྟའི་ལས་མཐུན་ལམ་ལྷུང་གིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་ལ་སྐད་ཡིག་གི་གོ་རྟོགས་གསར་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་། སྐབས་འདིར་ངེད་དྲ་ཚིགས་ཀྱིས་སྐད་ཡིག་རྒྱུན་འཛིན་ནམ་གོང་འཕེལ་གྱི་ཐབས་ལམ་ལ་དམིགས་ཏེ། རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་སྙན་ངག་གྱེར་འདོན་འགྲན་ཚོགས་དང་། སྙན་ངག་རྩོམ་རིག་གི་ཚོགས་ཆེན་བསྡུ་སྐོང་། བཙན་བྱོལ་ནང་དུས་རབས་གསར་པའི་གཞོན་སྐྱེས་སྙན་ངག་པ་དང་སྙན་རྩོམ་གཅིག་ལ་ཕུལ་བྱུང་བྱ་དགའ་འབུལ་བའི་ལས་རིམ་ཞིག་སྤེལ་རྒྱུ་ཡིན། ལས་རིམ་འདི་ནི་གཅིག་ནས་བོད་ཡིག་གི་རྩོམ་པ་པོ་དང་ནང་སྒོས་སྙན་ངག་པ་ |