རིས་མེད་བླ་སྤྲུལ་ལྷན་རྒྱས་ཀྱིས་དགེ་བསྐུལ་གསལ་བསྒྲགས།

འདོན་སྤེལ། ༢༠༡༡/༠༨/༡༠

རིས་མེད་བླ་སྤྲུལ་ལྷན་རྒྱས་ཀྱིས་དགེ་བསྐུལ་གསལ་བསྒྲགས།

བོད་རྒྱ་ཆེའི་མི་མང་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། 

        ཀུན་གྱིས་མཁྱེན་གསལ་ལྟར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་ཆོས་ལྡན་གྱི་ཞིང་འདིའི་བསྟན་སྲིད་ཀུན་རླུང་དམར་ནང་གི་མར་མེ་བཞིན་ཉག་ཕྲ་བའི་སྐབས་འདིར་དེ་དག་གི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཚང་ལ་མ་ནོར་བར་བསྒྲུབ་ཐབས་གཙོ་བོ་ནི་བོད་སྤྱི་མཐུན་གྱི་བསོད་ནམས་བསག་རྒྱུ་འདི་ཡིན་ཕྱིར་སྤྱིའི་བསོད་ནམས་ཀྱི་རྒྱབ་དཔུང་ཆེར་བསྐྱེད་བསྐྲུན་པ་ནི་སྐབས་སུ་བབ་པའི་འོས་འགན་དུ་མཐོང་བས་<རིས་མེད་བླ་སྤྲུལ་ལྷན་རྒྱས་ཀྱིས་བོད་རིགས་ཡོངས་ལ་ཉིན་གཅིག་དུས་གཅིག་ཏུ་དགེ་སྒྲུབ་ཡོང་བའི་གཞེན་བསྐུལ་ཞུ་རྒྱུ་ལགས། དེས་ན་ཕྱི་ལོ་༢༠༡༡་ཟླ་༦་ཚེས་༢་བོད་ཟླ་༤་ཚེས་༡་ཉིན་ནས་དབུ་བཙུགས་ཏེ་ཟླ་གཅིག་རིང་གཞིས་བྱེས་བོད་རིགས་ཡོད་དོ་ཆོག་གིས་སྐབས་བསྟུན་གྱིས་མ་ཎི་དང་སྟོན་པའི་མཚན་སྔགས། སྨྱུང་གནས། སྒྲོལ་མ། རྒྱལ་བའི་ཞབས་བརྟན་གསོལ་འདེབས། སློབ་དཔོན་རིན་པོ་ཆེའི་མཚན་སྔགས། ཚ་ཚ་དང་འབུམ་སྐུ་དཔར་བ་སོགས་གཙོས་བོད་སྤྱི་མཐུན་གྱི་བསོད་ནམས་བསག་སྒྲུབ་དང་༧གོང་ས་མཆོག་གི་སྐུ་ཚེའི་ཞབས་བརྟན་དུ་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས་ཞབས་རིམ་གསོག་སྒྲུབ་ཡོང་བའི་གཞེན་བསྐུལ་དང་སྡེ་ཚན་དང་མི་སྒེར་གང་གིས་སྤྱིའི་བསྟན་དོན་དུ་དགེ་སྒྲུབ་ཇི་བྱས་རྒྱ་ཆེའི་མི་མང་གིས་མཁྱེན་རྟོགས་སླད་ཕན་བདེ་དྲ་རྒྱ་རུ་འཁོད་རྒྱུ་ཡིན་པས་འབྲེལ་ཡོད་ཚོས་ཟླ་གཅིག་གི་དགེ་སྒྲུབ་གང་བྱས་ཀྱི་གྲངས་འབོར་འདི་གར་བསྐུར་གནང་ཡོང་བར་ཞུ། དེ་མིན་རིས་མེད་བླ་སྤྲུལ་ལྷན་རྒྱས་ཀྱིས་དགེ་བསྐུལ་གྱི་རྒྱབ་ལྗོངས་དང་བླ་ཆེན་རྣམས་ཀྱིས་བཀའ་སློབ་བཅས་ལ་གཟིགས་འདོད་ཡོད་ཚེ་། www.phandle1.org ཕན་བདེ་དྲ་རྒྱ་ལ་གཟིགས་པར་འཚལ་ཞེས་མིས་མེད་བླ་སྤྲུལ་ལྷན་རྒྱས་ཀྱིས་གནས་སྐབས་འབྲེལ་མཐུད་པས།

འབྲེལ་བ་གནང་ཡུལ།

phanhe11@ya hoo.com  

91-9620143528, 9620127698, 9916057612

ཤོག་ངོས་འདི་ཐེངས་ ༡༢༥༣ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།