མཁན་སྤྲུལ་ཁྲི་འདོན་གསལ་བསྒྲགས།

འདོན་སྤེལ། ༢༠༡༡/༠༨/༢༤

མཁན་སྤྲུལ་ཁྲི་འདོན་གསལ་བསྒྲགས།

ཟུར་མང་བཀའ་བརྒྱུད། དེ་ཡང་འཛམ་གླིང་གོ་ལའི་ཡང་རྩེ་གངས་ཅན་བོད་ལྗོངས་ཆེན་པོའི་ཤར་ཁམས་ནང་ཆེན་ཟུར་མང་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟར་བྱོན་པའི་གནས་ཁྱད་པར་ཅན་༸དཔལ་བཀྲ་ཤིས་ཟུར་མང་ལྷུན་གྲུབ་གླིང་གི་བྱེས་ཀྱི་གདན་ས་འཕགས་ཡུལ་སྦས་མོ་ལྗོངས་གི་དབུས་ཡིད་འོང་གླིང་ཟླུ་ནགས་ཀྱི་ཚལ་༸དཔལ་ཀརྨ་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་འདིར། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་ཟུར་ལུགས་ཀྱི་དགུ་ཆེན་འཆམས་དང་ཕྱི་ཚེས་ ༢༤ ཉིན་སྔ་དྲོའི་ཕྱག་ཚོད་ པའི་ཐོག་དཀྲིག་སོ་སྤྲུལ་སྐུ་ཀརྨ་ཕུན་ཚོགས་རྒྱལ་མཚན་གཞན་ཕན་དཔལ་བཟང་པོ་མཆོག་ཁྲི་འདོན་དང་སློབ་སྤྱི་མཁན་པོ་འཕགས་སྐྱབས་མཆོག་ཟུར་མང་བྱེས་ཀྱི་གདན་སའི་མཁན་རབས་དང་པོའི་ཁྲི་འཛིན་དུ་མངའ་གསོལ་ཞུ་རྒྱུ་དང་། ཕྱི་དྲོ་ཕྱག་ཚོད་པོའི་ཐོག་༸བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་རྣམ་འཕྲུལ་འཕགས་ཡུལ་གྱི་གྲུབ་ཆེན་ཏཻ་ལོ་པ་དངོས་གྲུབ་པའི་དབང་ཕྱུག་བློ་གྲོས་རིན་ཆེན་དང་རྣམ་དབྱེར་མེད་པ་༸གར་དབང་སྐུ་ཡི་ཕྲེང་བ་འཛིན་པ་བཅུ་གཉིས་པ་ཆེན་པོ་༸ཆོས་སྐྱོང་བསྟན་པ་རྣམ་རྒྱལ་མཆོག་ནས་དད་ལྡན་མང་ཚོགས་ཡོངས་ལ་ཚེ་དབང་བཀའ་དྲིན་གནང་རྒྱུ་དང། ཕྱི་ཚེས་ ༢༥ ཉིན་འབྲས་ལྗོངས་ལོ་གསར་རྟེན་འབྲེལ་དང་ལྷན་དུ་བལ་བོད་འབྲུག་འབྲས་སོགས་ཀྱིས་རིགས་གཞུང་འཁྲབ་སྟོན་གཟིགས་འབུལ་ངང་ནས་མཛད་རིམ་འཇུག་བསྒྲིལ་རྒྱུ་ལགས་ན།དེ་ནི་འབྲེལ་ཡོད་ཀུན་ལ་མགྲོན་བརྡའི་དོོད་དུ་ཕུལ་བས་གོང་ཚེས་ལྟར་དུས་ཐོག་ཏུ་ངེས་ཕེབས་ཡོང་བར་དགོངས་འཇག་འཚལ།

 

ཟུར་དགོན་ཡིག་ཚང་ནས།
ཕྱི་ལོ་༢༠༡༡ཟླ་བ་ཚེས་༢༣ ཉིན་ཕུལ།

ཤོག་ངོས་འདི་ཐེངས་ ༢༧༤༣ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།