རྨ་ཀླུང་རྡོ་རྗེ་བྲག་ལ་བོད་ཆས་སྤུས་གཟིགས་གནང་བར་ཕེབས།

འདོན་སྤེལ། ༢༠༡༣/༠༢/༠༦

རྨ་ཀླུང་རྡོ་རྗེ་བྲག་ཚོང་ཁང་དུ་ཉེ་ཆར་གསར་དུ་བོད་ཀྱི་ཐུན་མིན་གྱོན་ཆས་བཟོ་འཚོང་བྱེད་མགོ་བརྩམས་ཡོད་ལ། ཚོང་ཁང་འདི་གར་བོད་ཆོལ་ཁ་གསུམ་གྱི་ཡུལ་ལུང་སོ་སོའི་སྲོལ་རྒྱུན་ཕྱུ་པ་དང་སྟོད་གོས་རིགས་སྣ་ཚོགས་ཀྱི་མཚོན་པས། དེང་སྐབས་བོད་ཕྱི་ནང་གཉིས་སུ་དར་སྲོལ་ཆེ་ཞིང་བོད་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་དཔེ་གསར་ལུགས་ཀྱི་ཕྱུ་པ་དང་སྟོད་གོས་འདྲ་མིན་ཚོང་ལས་བྱེད་བཞིན་པ་མ་ཟད། ལྷག་པར་དུ་འདི་གར་འཚོང་བཞིན་པའི་གོས་ཆེན་ཟ་འོག་གི་མཐའ་ཤན་ཅན་གྱི་ཕྱུ་པ་(རྒྱ་སེར་ཕྱུ་)དེ་ནི་དེང་དུས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཕོ་མོ་མང་པོས་དགའ་མོས་ཅན་གྱི་གྱོས་ཆས་ཞིག་ཆགས་ཡོད། དེར་མ་ཟད་ཚོང་ཁང་འདི་རུ་དོ་བདག་སོ་སོའི་འདོད་བློ་ལྟར་བཟོ་ལྟ་འདྲ་མིན་གྱི་བོད་པའི་གྱོན་ཆས་གང་དགོས་མངགས་བཟོ་གནང་ཆོག

བོད་ཆས་བཟོ་བྱེད་ཀྱི་རྒྱུ་ཆའི་ཕྱོགས་ནས་ཀྱང་འབུ་རས་དང་ ཐེར་མ། གོས་ཆེན་ཟ་འོག་(རྒྱ་སེར་ཕྱུ་)སོགས་ཀྱིས་མཚོན་པའི་རས་གོས་རྒྱུ་ཆ་སྣ་ཚོགས་ཡོད་ལ།  བོད་ཆས་ཀྱི་ཆེ་ཆུང་གི་ཐད་ནས་རྒན་དར་བྱིས་གསུམ་ཚང་མའི་ཕྱུ་པ་དང་སྟོད་གོས་རིགས་སྣ་ཚོགས།  བལ་གྱིས་བཟོས་པའི་དགེ་འདུན་པ་དག་གི་དགུན་ཆས་གཟན་གྱིས་མཚོན་པས། གྲྭ་ཆས་ཆེ་ཆུང་སྣ་ཚོགས་དོ་བདག་སོ་སོར་གང་དགོས་ལྟར་མཁོ་སྒྲུབ་གནང་གི་ཡོད།

རྨ་ཀླུང་རྡོ་རྗེ་བྲག་བོད་ཀྱི་ཐུན་མིན་གྱོན་ཆས་ཚོང་ཁང་གི་བོད་ཆས་རྣམས་ནི།  རྒྱུན་རིང་བོད་ཀྱི་གྱོན་ཆས་འཚེམ་བཟོའི་ཉམས་མྱོང་ལྡན་པའི་ལག་ཤེས་འཚེམ་བཟོ་བ་གང་ལེགས་འདེམས་སྒྲུག་ཐོག་བཟོ་བཞིན་ཡོད་སྟབས། འདི་ནས་བཟོས་པའི་བོད་ཆས་རྣམས་རྒྱུ་གཙང་སྤུས་གཙང་ཡིན་པའི་ཁག་ལེན་བྱེད་ཀྱི་ཡོད་ལ། རིན་གོང་གི་ཕྱོགས་ནས་ཀྱང་གོང་ཁེ་བོ་འོས་འཚམ་ཡོད་པས།  བོད་ཆས་འདྲ་མིན་དགོས་མཁོ་ཅན་གྱི་རྒྱ་ཆེའི་བོད་རིགས་མང་ཚོགས་རྣམས་ངེད་ཚོང་ཁང་དུ་ཕེབས་ཏེ། སོ་སོའི་འདོད་མོས་ལྟར་བོད་པའི་གྱོན་ཆས་སྤུས་གཟིགས་དང་མངགས་བཟོ་གནང་རྒྱུར་དགའ་བསུ་ཞུ་བཞིན་ཡོད།

རྨ་ཀླུང་རྡོ་རྗེ་བྲག་བོད་ཀྱི་ཐུན་མིན་གྱོན་ཆས་ཚོང་ཁང་ནི། དྷ་ས་མོག་གྷན་གྱི་ཉི་མོ་སློབ་གྲྭའི་སྒོ་འགྲམ་སྒྲོལ་མ་དཀྱོགས་(Dolma Chowk) ལམ་མདོ་ནས་གཙུག་ལག་ཁང་དུ་འགྲོ་སའི་ལམ་བར་གྱི་སའོ་རའེ་ཡཱ་མགྲོན་ཁང་(Surya Hotle)གི་གཤམ་འོག་གི་ཐོག་བརྩེགས་གཉིས་པ་སྟེ།  མཱོན་ཇ་ཁང་(Moon Cafe)གི་ཡར་ཕྱོགས་ཉེ་འཁྲིས་སུ་ཡོད་ལ། ཚོང་ཁང་གི་སྒོ་བྱང་སྟེང་བོད་ཡིག་གིས་རྨ་ཀླུང་རྡོ་རྗེ་བྲག་དང་  དབྱིན་ཡིག་ཐོག་ M.Dorjee Trag ཞེས་བཀོད་ཡོད། 

འབྲེལ་གཏུགས་མི་སྣ། ཚེ་རིང་ལྷ་མོ།

འབྲེལ་གཏུགས་ཁ་པར་ཨང་ ༩༤༡༨༡ ༤༣༢༨༧      ༩༨༥༧༧ ༣༤༥༡༡

དྲ་ཐོག་ཡིག་སྒམ།  E-mail:  [email protected]

སྡོད་གནས་ཁ་བྱང་

Shop # 16, Surya Complex,
|Temple Road, Mcleodganj, Dharamshala

(H.P.) – 176219 – India Code 0091

 

ཤོག་ངོས་འདི་ཐེངས་ ༥༥༠༩ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།