དུས་དབང་ཐེངས་ ༣༤ པའི་ཐོག་གསལ་བཤད།

འདོན་སྤེལ། ༢༠༡༣/༠༥/༡༦

༸མཚུངས་མེད་བོད་ཀྱི་དུས་བབ་གསར་ཤོག་འགན་འཛིན་ལྷན་རྒྱས་མཆོག་ལ།

ཆེད་ཞུ།

དེ་ ལས་ཀྱི་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༨ ཕྱི་ལོ་ ༢༠༡༣།༤།༢༠ ཚེས་འཁོད་པའི་ཐོག དུས་དབང་ཐེངས་ ༣༤ ཐོན་མི་ ༨༠༠༠༠ འཛོམས་འཆར ཞེས་གསལ་བསྒྲགས་ཞིག་གསར་འགོད་པ་དཔལ་ལྡན་ནས་གནང་འདུག་པ་དེའི་ཐད། གསལ་བཤད་ཤིག་ངེས་པར་དགོས་གལ་འདུག་པར་སོང། གཤམ་གསལ་དོན་གནས་རྣམས་དེ་ལས་སུ་འབྱོར་འཕྲལ་གསལ་བསྒྲགས་གསར་བཀོད་བསྐྱངས་གནང་ ཡོང་བ་ཞུ་རྒྱུར། དེ་གའི་གསར་བཀོད་ནང་དོན་དུས་དབང་སྐབས་ ༣༤ པའི་བསྟན་པའི་སྦྱིན་བདག་རྣམས་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་རྒྱུ་དང། འོན་ཀྱང་གསལ་བསྒྲགས་དེའི་ནང་གཞིས་བྱེས་ཀོང་པོ་མི་མང་ཞེས་བཀོད་གནང་མཛད་འདུག་ པ་དེའི་ཐད་ཀོང་པོ་རིག་གཞུང་བདེ་དོན་ཚོགས་པ་ནས་བདེན་དོན་གསལ་བཤད་ཞུ་རྒྱུར། བྱེས་འབྱོར་ནང་ཀོང་པོ་མི་མང་དང་། ཚོགས་པ་སྐྱིད་སྡུག་ཁག་རྗེ་མང་ཡོད་པ་སུས་ཀྱང་ཤེས་ཚོར་མེད་པར་གསལ་བསྒྲགས་འདི་ འདྲ་ཞིག་བསྐྱངས་བར་སེམས་ཚབ་ཆེ་བ་དང། ཧ་ཅང་བློ་ཕམ་ཆེ་བའི་རང་བཞིན་དང། གསལ་བསྒྲགས་བསྐྱངས་མཁན་སྤྱི་ཟུར་ངག་དབང་བསྟན་པ་ལགས་ཡིན་པ་ཤེས་ཚོར་བྱུང་བས་ ངག་དབང་བསྟན་པ་ལགས་གཞི་བྱེས་ཀོང་པོ་མི་མང་གི་ངོ་ཚབ་མཚོན་ཐབས་མེད་པའི་མི་ ཞིག་ཡིན་པར་སོང། ཁྲིམས་མཐུན་ཀོང་པོ་རིག་གཞུང་བདེ་དོན་ཚོགས་པས་གཙོས། མི་མང་དང་སྐྱིད་སྡུག་ཁག་ནས་ངོས་ལེན་བྱ་ཐབས་རྩ་བ་ནས་མིན་འདུག་པས་དེ་དོན་ དགོངས་པར་མངའ་བར་ཞུ་རྒྱུ་དང། གནས་ཚུལ་འདི་བཞིན་འཕྲལ་དུ་གླ་ཡོད་གསལ་བསྒྲགས་སུ་གསར་བཀོད་གནང་སྐྱོང་ཅི་ནས་ ཡོང་བ་ཞུ་རྒྱུ་མཁྱེན།

མཁྱེན་བཅས་ཀོང་པོ་རིག་གཞུང་བདེ་དོན་དོན་ཚོགས་ཐོག་ནས་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༩ ལ་ཕུལ།

ཤོག་ངོས་འདི་ཐེངས་ ༣༢༣༥ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།