ལས་ཀའི་ས་མིག་གསལ་བསྒྲགས།

འདོན་སྤེལ། ༢༠༡༣/༠༧/༣༡

༄༅། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཐང་ཀ་ལྷན་དྲུབ་དང༌། ལག་འཚེམ། འཁོར་འཚེམ། ཤིང་བཟོ་དང་ཤིང་བརྐོས། ཤིང་ཚོན་རི་མོ་བཅས་ཀྱི་ལས་ཀའི་ས་མིག་ཡོད་ན། གཤམ་གསལ་ཆ་རྐྱེན་གཏན་འབེབས་ཞུ་ཡོད་པ་བཞིན་ཞུགས་བློ་ཡོད་རིགས་ནས་ནོར་གླིང་ཡིག་ཚང་དུ་གང་མགྱོགས་སྙན་ཞུ་འབུལ་དགོས།

དགོས་ངེས་ཆ་རྐྱེན།

༡། འབུལ་འབབ་གཙང་མ་ཟིན་པའི་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་འདྲ་བཤུས།
༢། ཁྲིམས་མཐུན་དུས་འགྱངས་ཟིན་པའི་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།

༣། རང་ཉིད་ཀྱི་ལོ་རྒྱུས་དང་ལས་དོན་ཉམས་མྱོང་གསལ་བཤད་ཀྱི་སྙན་ཞུ་མཉམ་སྦྱར།

གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་གི་དག་འཆན་དང་ལས་དམ་ངེས་པར་འཁོད་དགོས། ཡིག་ཆ་ངོ་མ་རྣམས་ངོ་བཅར་སྐབས་མིག་སྟོན་དགོས།

འཚང་སྙན་འབུལ་ཡུལ།

Human Resources Manager
Norbulingka Institute
P.O Sidhpur-176057

Dharamsala, Distt.Kangra
Himachal Pradesh

E:Mail: [email protected]
www.norbulingka.org

ཤོག་ངོས་འདི་ཐེངས་ ༢༥༧༥ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།