ལས་བྱེད་ས་མིག

འདོན་སྤེལ། ༢༠༡༣/༠༨/༠༧

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་རྡ་རམས་ས་ལའི་ཡན་ལག་ལས་ཁུངས་སུ་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པའི་ས་མིག་གཅིག་ཏུ་ལས་བྱེད་གསར་བསྡུ་བྱ་རྒྱུ་ལགས་ན། འཛུལ་ཞུགས་བྱེད་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༣ ལོའི་ཟླ་ པའི་ཚེས་ ༣༠ བར་འགྱངས་མེད་དུ་སྙན་ཞུ་འབུལ་བར་ཞུ།

ལས་ཀའི་ངོ་བོ།

༡། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་བྱ་རྒྱུ།

༢། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཉམས་ཞིབ་བྱ་རྒྱུ།

༣། གཞན་ཡང་བཀོད་མངགས་ལྟར་ཉམས་ཞིབ་ལས་དོན་གཞན་རིགས་འགྲུབ་དགོས་རྒྱུ་བཅས་ཡིན།

དགོས་ངེས་ཀྱི་གནས་ཚད་ཆ་རྐྱེན།

༡། བོད་ཡིག་དང་དབྱིན་ཡིག་གི་ཤེས་ཚད་གང་འཚམ་ཡོད་པ།(རྒྱ་ཡིག་ཤེས་མཁན་ལ་དམིགས་བསལ)

༢། ཉམས་ཞིབ་འམ་གསར་འགོད་ལས་རིགས་ཐོག་ཉམས་མྱོང་ཡོད་མཁན་རིགས་ལ་དམིགས་བསལ་སྤྲོད་རྒྱུ།

༣། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་གནས་སྟངས་ཐོག་རྒྱུས་མངའ་ཡོད་པ།

༤། བུད་མེད་སྙན་ཞུ་འབུལ་མཁན་ཚོར་དམིགས་བསལ་སྤྲོད་རྒྱུ།

གོང་ཞུས་ཆ་རྐྱེན་ཚང་ཞིང་ཉམས་ཞིབ་པའི་ལས་ཀ་བྱེད་འདོད་ཡོད་མཁན་རྣམས་ནས་བོད་གནས་ལྟ་ཞིབ་ཁང་གི་དྲ་ངོས http://www.tibetwatch.org/ སུ་ཕེབས་ཏེ་སྙན་ཞུ་འབུལ་སྟངས་དང་སྙན་ཞུའི་དགོས་ངེས་ཆ་རྐྱེན་རྒྱས་པར་གཟིགས་རོགས།

འབྲེལ་གཏུགས་ཁ་པར། 9882077915  &  9816194969

ཤོག་ངོས་འདི་ཐེངས་ ༢༥༩༦ ལ་བཀླགས་འདུག
རིག་པ་འདོན་པ།
རྩོམ་ཡིག་འདིའི་ཐོག་མཆན་འགོད་རྒྱུ་བཀག་ཚར།