རྩོམ་སྒྲིག་པའི་གཏམ།

༢༠༡༤/༠༩/༣༠   རིག་པ།(༠)

གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱས་པ་དང་། བོད་ནང་གི་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་བསྲེགས་བཏང་བ་སོགས་ཛ་དྲག་གི་གནས་ཚུལ་སྐོར་ཞིག་དང་མཉམ་དུ་རྫོགས་སོང་། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་རེར་ཚོགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་གཏན་འབེབས་དང་ལས་བསྡོམས་བསྐྱར་ཞིབ་གནང་གི་ཡོད་ལ། ཞོར་དུ་བོད་པའི་རྩ་དོན་དང་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་དག་ལའང་བགྲོ་གླེང་དང་ཐག་གཅོད་གནང་གི་ཡོད།

༢༠༡༤/༠༩/༢༠   རིག་པ།(༠)

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་གཟིགས་སྐོར་ཐོག་མ་གནང་། རྒྱ་གར་གྱི་སྲིད་བློན་མུ་དྷེ་ཡིས་ཀྱང་རྒྱ་ནག་གི་སྲིད་འཛིན་ལ་གཞུང་འབྲེལ་ཐུག་འཕྲད་དང་པོ་བྱས། ད་རེབ་རྒྱ་དཀར་ནག་གི་མགོ་ཁྲིད་བར་སླར་ཡང་ཨ་སྒོར་ཐེར་འབུམ་འགའ་ཡི་ཚོང་དོན་གྲོས་ཆོད་བཞག་སོང་། རྒྱ་གར་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ནང་རྒྱ་ནག་དང་ཚོང་འབྲེལ་བྱས་པའི་གྱོང་གུད་ཀྱི་བུ་ལོན་སྒྲུབ་འཇལ་མ་ཐུབ་པར་ལྷག་ཡོད་པའི་སྟེང་། ད་རེས་སླར་ཡང་རིན་སྤྲད་དེ་རྒྱ་ནག་གི་ལག་ནས་གྱོང་ཆེན་ཞིག་ཉོ་རྒྱུར་མིང་རྟགས་བཀོད་སོང་

༢༠༡༤/༠༩/༡༠   རིག་པ།(༠)

ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་རྗེས། ཁོས་རྒྱ་ནག་གཞུང་གི་ཆབ་སྲིད་རྩ་བའི་སྒྲོམ་གཞིར་འགྱུར་བ་གང་ཡང་གཏོང་ཐུབ་མེད་ཀྱང་། ནང་ཁུལ་གྱི་སྲིད་བྱུས་མང་པོ་ཞིག་ལ་བཅོས་བསྒྱུར་དག་སྒྲིག་དང་། གཞུང་གི་སྒྲིག་འཛུགས་ཁག་ཏུ་ཡན་ལག་དང་ཉིང་ལག་མང་པོ་གསར་འཛུགས་བྱས་ཡོད། དེའི་<ཁྲོད་ཀྱི་གྲགས་ཆེ་ཤོས་གཅིག་ལྐོག་ཟ་རུལ་སུངས་དང་དབང་ཆ་ལོག་སྤྱོད་བྱེད་མཁན་ཚོའི་ཐོག་སྟག་དང་སྦྲང་ནག་མཉམ་རྡུང་གི་གཙང་ཕྱག་ལས་འགུལ་དེ་ཆགས་ཡོད།

༢༠༡༤/༠༨/༣༠   རིག་པ།(༠)

ཁ་ཐོགས་ཚད་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་དགོས་ཟེར་བ་དང་། ལག་ཐོགས་ཚད་ཀྱིས་༧གོང་ས་མཆོག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་མདོག་སྟོན། དོན་དངོས་ཐོག་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་མཁན་ཉིན་མོའི་སྐར་མ་དང་། ཆོ་ག་ཕྱག་ལེན་གྱི་ངོ་བོར་ཉི་མ་སྐྱེལ་མཁན་དང་ཁ་ནས་མ་ཎི་བཞིན་བགྲང་སྟེ་ལག་ལེན་སྣ་གཅིག་མ་བསྟར་མཁན་མཚན་མོའི་སྐར་ཚོགས་ཡིན། ༧གོང་ས་མཆོག་གི་བཀའ་དགོངས་ལོག་འགྲེལ་བརྒྱབ་ནས་རང་གི་མངོན་འདོད་སྒྲུབ་མཁན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ཉུང་ཉུང་མིན།

༢༠༡༤/༠༨/༢༠   རིག་པ།(༠)

བོད་ནང་གི་མི་ཞིག་དང་དྲ་ཐོག་ནས་ཁ་བརྡ་བྱས། ཁོ་རང་སྐད་ཆ་གཞན་བཤད་པར་སྤྲོ་བ་མི་འདུག ངེད་གཉིས་ཀྱི་ཁ བརྡའི་གོ་རིམ་ནང་ཁོས་དཔལ་འབྱོར་སྐོར་ཡང་དང་བསྐྱར་དུ་གླེང་ཡོང་གི་འདུག དེང་སྐབས་བོད་ནང་གི་གཞོན་སྐྱེས་ཚོས་ལྭ་དང་ཅ་དངོས་སོགས་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རིམ་པའི་ཚོང་རྟགས་སྐད་གྲགས་ཅན་བཀོལ་སྤྱོད་བྱེད་བཞིན་འདུག་ཟེར། གྲོགས་པོ་གྲོགས་མོ་འདུ་འཛོམ་དང་གཉེན་སྒྲིག་གི་ཆོ་ག་སོགས་ཀྱང་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་བཤམ་པ་དང་། སྟོན་ཐོག་གི་སྡེར་ཁ་ཡང་ཅི་ཙམ་ཟ་ཐུབ་མིན་ལས་ཅི་ཙམ་ལྷག་ཡོད་མེད་ཀྱིས་སྟོན་མོ་ཚད་མཐོ་དམན་གཞལ་གྱིན་འདུག་ཟེར།

༢༠༡༤/༠༨/༠༩   རིག་པ།(༠)

ཉེ་ལམ་དྷ་སར་བོད་པའི་བུད་མེད་ཚོར་ཁྲིམས་དོན་གྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་སྐོར་ལ་ཟབ་སྦྱོང་ཞིག་སྤྲད་སོང་། སྔོན་ཆད་ཀྱང་བུད་མེད་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་བུད་མེད་ཀྱི་ནུས་སྟོབས་དང་འཕྲོད་བསྟེན། འགན་དབང་སོགས་ཀྱི་སྐོར་ལ་ཟབ་སྦྱོང་དང་བགྲོ་གླེང་རབ་དང་རིམ་པ་ཚོགས་ཡོད། བོད་མིའི་སྒྲིག་འཛུགས་ནས་ཀྱང་བུད་མེད་ཐད་གཞུང་གི་སྲིད་བྱུས་རང་བཞིན་གྱི་ཐོག་ནས་ལས་འགུལ་སྤེལ་བཞིན་ཡོད།

༢༠༡༤/༠༨/༠༡   རིག་པ།(༠)

རྩ་དོན་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། མི་མང་གི་ཤེས་ཡོན་དང་སེམས་ཤུགས་དེ་ཧ་ཅང་གལ་ཆེན་ཡིན། ལྷག་པར་དུ་འཐབ་རྩོད་ལས་འགུལ་སྣེ་འཁྲིད་པའི་ཤེས་ཡོན་དང་གདེང་སྤོབས་དེ་ད་ལྟའི་དུས་འདིར་འཐབ་རྩོད་པའི་མི་འབོར་དང་མཚོན་ཆ་ལས་ཀྱང་གལ་ཆེན་ཡིན། ཤེས་ཡོན་དང་སེམས་ཤུགས་གཉིས་ལ་གཙོ་ཕལ་མེད། ཤེས་ཡོན་ཡོད་ཀྱང་སེམས་ཤུགས་མེད་ན་འཐབ་རྩོད་ལ་ཁ་ཕྱོགས་མེད་ལ། སེམས་ཤུགས་ཡོད་ཀྱང་ཤེས་ཡོན་མེད་ན་འཐབ་རྩོད་ལ་རྣོ་ངར་མེད།

༢༠༡༤/༠༧/༢༤   རིག་པ།(༠)

དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་གིས་དེ་སྔོན་བོད་དོན་འཐབ་རྩོད་ཐོག་གོ་གནས་གལ་ཆེན་བཟུང་ཡོད། བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་ཐད་དུའང་ལག་རྗེས་མི་ཉུང་བཞག་ཡོད། འོན་ཀྱང་བར་ལམ་ཞིག་ནས་དྷ་སའི་ཚོགས་པ་ཁག་ལ་གྲགས་འགུལ་མེད་པ་དང་། གྲགས་འགུལ་ཕྲན་ཙམ་ཡོད་པ་ཡང་ཚོགས་པ་རེ་ཟུང་གི་ནང་ཁུལ་འཆམ་མིན་དང་ཆབ་སྲིད་ལངས་ཕྱོགས་མཐུན་མིན། ཚོགས་པ་ཚོགས་པའི་བར་དུ་མཉམ་འབྲེལ་ཡོང་མིན་སོགས་ཀྱི་རྙོག་གླེང་དག་རེད།

༢༠༡༤/༠༧/༢༤   རིག་པ།(༠)

ཡུ་རོབ་ནང་གི་བོད་མི་ཚོར་སྐྱབས་བཅོལ་རག་གི་མེད་པའི་གནས་ཚུལ་ཞིག་རྒྱ་ཇེ་ཆེ་ནས་གཏིང་ཇེ་ནག་ཏུ་འགྲོ་བཞིན་འདུག གནས་ཚུལ་འདི་ཐོག་མ་ཡུ་རོབ་སྦེལ་ཇམ་ནས་བྱུང་ཞིང་། སྐབས་དེར་བོད་མི་སུམ་བརྒྱ་ལྷག་ཅིག་ལ་སྦེལ་ཇམ་གཞུང་ནས་སྐྱབས་བཅོལ་མ་སྤྲད་པར་འགག་ཡོད་པ་དང་། དེའི་ཁྲོད་ཀྱི་སྐོར་ཞིག་གི་ཡིག་ཆ་ནག་པོ་ཆཊ་པའི་གནས་ཚུལ་བྱུང་། ཉེ་ལམ་བོད་མི་མང་སྤྱི་འཐུས་གཉིས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ད་ལྟ་སུད་སི་དང་ཧྥ་རན་སི་སོགས་སུའང་དཀའ་ངལ་དེ་འཕྲད་མགོ་ཚུགས་ཡོད་པ་དང་། མ་འོངས་པར་དཀའ་ངལ་དེ་ལས་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་ཡང་བཏང་འདུག

༢༠༡༤/༠༧/༠༥   རིག་པ།(༠)

ཉེ་ཆར་དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་གཞུང་འབྲེལ་ཡིན་མིན་ཁ་གསལ་མེད་པའི་ཐོག་ནས་བོད་རིགས་འདྲེས་མའི་ལྷན་ཚོགས་དང་པོ་ཟེར་བ་ཞིག་ཚོགས་སོང་། དང་པོ་ཟེར་བའི་ཚིག་ཟུར་ལས་ད་དུང་ལྷན་ཚོགས་གཉིས་པ་དང་གསུམ་པ་སོགས་འཚོགས་འཆར་ཡོད་པ་བསྟན་ཡོད། ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་ཀྱང་འཚམས་འདྲི་ཞུས་པའི་ནང་དུ་ལྷན་ཚོགས་གཉིས་པ་རྒྱ་གར་ནང་གོ་སྒྲིག་བྱེད་འཆར་ཡོད་སྐོར་གསུངས་འདུག

༢༠༡༤/༠༦/༢༥   རིག་པ།(༠)

ཉེ་ལམ་དྷ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་གིས་བོད་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སོང་། ད་ལོ་ནི་༧གོང་ས་མཆོག་གིས་བོད་ཕྲུག་ཚོར་ནང་ཆོས་འཛིན་གྲྭ་ཚོགས་ཐེངས་བདུན་པ་དེ་རེད། བཙན་བྱོལ་ནང་གི་བུ་ཕྲུག་འདི་དག་ཅི་འདྲའི་བསོད་བདེ་ཆེན་པོ་ཅན་རྐྱང་རེད། བོད་བརྒྱུད་ནང་བསྟན་ཀྱི་ཆེས་མཐོའི་དབུ་ཁྲིད་ཅིག་གི་ཞལ་དྲོན་མོ་ནས་ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་སློབ་ཁྲིད་འཐོབ་བཞིན་ཡོད། བོད་ནང་གི་སློབ་ཕྲུག་ཚོར་༧གོང་ས་མཆོག་གི་ནང་ཆོས་སློབ་ཁྲིད་ཕར་ཞོག ཁོང་གི་གསུང་སྐད་ཐོས་རྒྱུ་དང་སྐུ་པར་མཇལ་རྒྱུའི་སྐལ་བའང་བློ་ཁོག་ཅིག་དང་བློས་གཏོང་ཞིག་ལ་བརྟེན་དགོས། ཐ་ན་བོད་ཡིག་བོད་སྐད་ཀྱི་སློབ་དེབ་སློབ་ཐུན་དེ་དག་ཀྱང་རང་གི་ཚེ་སྲོག་གིས་སྲུང་སྐྱོབ་བྱེད་དགོས།

༢༠༡༤/༠༦/༡༩   རིག་པ།(༠)

རྒྱ་ནག་ལ་ཨང་རྟགས་ཅན་གྱི་དུས་ཚིགས་མང་པོ་ཞིག་བརྩི་སྲོལ་ཡོད། དྲུག་བཞི་དང་ང་བཞིའི་དོན་རྐྱེན། གསུམ་རྒོལ་དང་ལྔ་རྒོལ་ལས་འགུལ། བདུན་ལྔ་དང་གསུམ་གཅིག་བཞིའི་རྡུང་གཅོག་འཕྲོག་བསྲེག་སོགས་ཀྱི་མིང་གིས་བཏགས་ཏེ། ཁག་ཅིག་གསང་བ་བྱེད་པ་དང་ཁག་ཅིག་ཁྱབ་བསྒྲགས་བྱེད་པ། ཁག་ཅིག་གསང་བསྒྲགས་གཉིས་དང་བྲལ་བའི་ཏིང་སྙོམས་ལ་གནས་ཐབས་བྱེད་བཞིན་ཡོད།

༢༠༡༤/༠༦/༠༦   རིག་པ།(༠)

ཉེ་ལམ་མཐོ་སྒང་གི་པུ་ཝང་དཀར་པོ་ཟེར་བའི་ཨ་མདོའི་གཞས་པ་དགེ་བྷེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག འཛིན་དགོས་པའི་རྒྱུ་མཚན་ད་སྔ་གསལ་ཁ་མེད་ཀྱང་ཁོ་ལ་རྒྱ་གཞུང་གིས་ཆབ་སྲིད་ཉེས་འཛུགས་བྱས་ཡོད་པ་མ་བཤད་ཀྱང་ཤེས་ཐུབ། གླུ་བ་ལོ་ལོ་དང་བཀྲ་ཤིས་དོན་གྲུབ། ཕུལ་བྱུང་དང་འཕྲིན་ལས་ཚེ་དཀར་སོགས་ཀྱང་དེ་སྔོན་འདི་ལྟར་ཁུ་སིམ་སིམ་འཛིན་བཟུང་བྱས་ཏེ། ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་རྡུང་རྡེག་མནར་གཅོད་མྱངས་དང་མྱོང་གི་ཡོད། གཞན་རྩོམ་པ་པོ་དང་སྒྱུ་རྩལ་པ་གང་མང་ཞིག་ཀྱང་ཉེས་མིང་འདིའི་འོག་ནས་རྨེག་མེད་བཏང་དང་གཏོང་གི་ཡོད།

༢༠༡༤/༠༥/༢༠   རིག་པ།(༠)

ཉེ་ལམ་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ནང་ཆིབས་བསྒྱུར་སྐབས། དོལ་རྒྱལ་རྗེས་འབྲང་པ་བོད་པ་འགས་སྣེ་ཁྲིད་དེ་རྒྱ་མི་དང་ཕྱི་རྒྱལ་བ་སྐོར་ཞིག་གིས་༧གོང་ས་མཆོག་གི་རྗེས་དེད་ནས་སྐད་འབོད་བྱས། དམངས་ཁྲོད་ཁ་བརྡ་ཟེར་བའི་གློག་བརྙན་ཁག་ཏུའང་ཡ་མཚན་གྱི་གཏམ་སྤྱོད་སྣ་ཚོགས་སྤེལ། ཁོ་བ་ཅག་གིས་ཆོས་སྲིད་ཟུང་འབྲེལ་དུག་ཡིན་པ་དང་དེས་བོད་མི་མང་པོའི་ཚེ་སྲོག་ཤོར་བཅུག་ཚུལ། རང་ལུས་མེར་བསྲེགས་འཚེ་བ་ཡིན་པ་དང་དེ་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་འགལ་ཡོད་སྐོར། པཎ་ཆེན་ཆོས་ཀྱི་རྒྱལ་བོ་ངོས་ལེན་དང་རྒྱལ་གཅེས་ཆོས་གཅེས་འགན་སྲུང་བྱེད་དགོས་ཚུལ་ཤོད་ཀྱིན་འདུག

༢༠༡༤/༠༥/༡༢   རིག་པ།(༠)

ཆད་མཐུད་ལན་དགུ་བྱས་པའི་བོད་རྒྱ་འབྲེལ་མོལ་ལ་གྲག་འགུལ་མེད་པར་ལོ་བཞི་ཕྱིན་སོང་། འབྲེལ་མོལ་ལས་རིམ་མཚམས་ཆད་པའི་འགན་དེ་རྒྱ་གཞུང་གིས་བོད་མགོ་ལ་གཡུགས། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་མགོ་ལ་གཡོག སྤོ་ལོ་བཞིན་ཕར་གཡུག་ཚུར་གཡུག་གིས་ལོ་བཞི་ཕྱིན་སོང་། ཕྱོགས་གཞན་ནས་ཕན་ཚུན་གཉིས་ཀས་འབྲེལ་མོལ་ལ་འདོད་པ་ཡོད་ལ་གྲ་སྒྲིག་ཀྱང་ཨང་གསར་ཡོད་རབ་བཤད། ཡང་སྙིང་བོད་རྒྱ་འབྲེལ་མོལ་དེ་སུ་ཞིག་གིས་བཀག་པ་རེད་དམ། བོད་གཞིས་བྱེས་རྒྱ་ཆེའི་མི་མང་གིས་པེ་ཅིན་གཞུང་དང་རྡ་སའི་སྒྲིག་འཛུགས་ལ་མིག་ཅེར་ནས་རྣ་བ་གཏད་ཡོད།

ཤོག་གྲངས་: [༡] ..༡༣[རྗེས་མ།]