བོད།

༢༠༡༥/༠༢/༢༦   རིག་པ།(༡)

རྒྱ་རིགས་བོད་དོན་ཆེད་མཁས་པ་ཧུ་ཧྲེ་ཧྲིན་གྱིས་༧གོང་ས་མཆོག་འདི་ལོརྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་ལ་ཕེབས་ཐུབ་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག

 

༢༠༡༥/༠༢/༢༢   རིག་པ།(༠)

མདོ་སྨད་རྔ་པ་ཁུལ་གྱི་དགོན་གྲོང་གཉིས་ནས་ད་ལོའི་ལོ་གསར་སྐབས་༧གོང་ས་མཆོག་དགུང་ལ་༨༠ ཕེབས་པའི་སྐུའི་གྱ་སྟོན་ཆེད་རྟེན་འབྲེལ་ཆེད་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་འདུག

༢༠༡༥/༠༢/༡༢   རིག་པ།(༡)

རྒྱ་ནག་གཞུང་འབྲེལ་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་ལས་འགུལ་ཁྲོད་དཔོན་རིགས་འབུམ་གཅིག་ལྷག་ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད་ཚུལ་འཁོད་འདུག

༢༠༡༥/༠༢/༠༧   རིག་པ།(༠)

ཁ་སང་སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་པའི་གྲྭ་པདྨ་རྡོ་རྗེ་ཞུ་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་གནང་སྟེ་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་འདུག

༢༠༡༥/༠༢/༠༢   རིག་པ།(༠)

ཟླ་སྔོན་མའི་ཟླ་མགོ་ཙམ་ལ་ཕ་ཡུལ་མཚོ་སྔོན་མང་ར་ནས་ཡིན་པའི་ཟླ་ཚང་དགེ་འདུན་རྒྱ་མཚོ་ལགས་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

༢༠༡༥/༠༢/༠༢   རིག་པ།(༢)

རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པའི་གློག་བརྙན་རིང་པོ་ཞིག་བཟོས་ཏེ་ཉིན་འདི་གར་བོད་དང་རྒྱ་ནག་ནང་སྟོན་བཞིན་ཡོད་འདུག

༢༠༡༥/༠༡/༣༠   རིག་པ།(༢)

ཞི་ཅིན་ཕིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས། ” ཟེར་བ་འདི་རེད།

༢༠༡༥/༠༡/༢༩   རིག་པ།(༨)

བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རང་སྐྱོང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་ ༡༥ ཡིས་བོད་རང་བཙན་དང་ཏཱ་ལའི་བླ་མའི་ཚོགས་ཁག་ལ་འབྲེལ་བ་བྱས་པའི་ཉེས་འཛུགས་འོག་ཁྲིམས་བཤེར་བྱས་ཡོད་འདུག

༢༠༡༥/༠༡/༢༩   རིག་པ།(༢)

ཁ་སང་སྔ་དྲོར་སི་ཁྲོན་ཞིང་ཆེན་གྱི་འཐུས་མིའི་ཚོཊ་ཆེན་དང་བསྟུན་ཏེ། ཚོགས་ཁང་ཕྱི་རོལ་དུ་བོད་མི་ ༡༠ གྲངས་ཤིག་གིས་ཞི་རྒོལ་གནང་བར་བརྟེན་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

༢༠༡༥/༠༡/༢༨   རིག་པ།(༦)

ཟླ་འདིའི་ཚེས་ ༢༤ ནས་ ༢༥ བར་ཉིན་གཉིས་རིང་སྐབས་དང་པོའི་ལྷ་སའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་ཞེས་པ་དེ་ལྷ་སར་ཚོགས་ཡོད་འདུག

༢༠༡༥/༠༡/༢༨   རིག་པ།(༠)

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་བྱས་པ་བརྒྱུད་བོད་མིའི་རང་ལུས་མེར་བསྲེཊ་ཀྱི་དོན་རྐྱེན་བྱུང་སའི་རེབ་གོང་མདོ་བ་ཤང་གི་བོད་རིགས་ལས་བྱེད་པ་ ༣ ཏང་ནང་ནས་ཕྱིར་འབུད་བཏང་ཡོད་འདུག

༢༠༡༥/༠༡/༢༧   རིག་པ།(༣)

མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་གཡང་མོ་སྐྱིད་ལགས་ཀྱི་སྒེར་བཙུགས་སློབ་གྲྭར་སྲིད་གཞུང་གི་ཆོག་མཆན་ཐོབ་མེད་སྟབས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་འདུག

༢༠༡༥/༠༡/༢༢   རིག་པ།(༧)

སྟག་གཟིག་ཝ་སྲམ་སོགས་རྒྱ་ནག་གི་རིམ་པ་དང་པོ་དང་གཉིས་པའི་སྲོག་ཆགས་སྲུང་སྐྱོབ་གྲས་ཡིན་སྟབས་བོད་པའི་འཐུས་མི་ཚོས་དེ་དག་གི་པགས་རིགས་རྒྱན་གོས་བྱེད་པ་དེར་རྒྱ་ནག་གཞུང་གི་སྣང་བར་ཡང་འགྲོ་གི་མེད་ཟེར།

༢༠༡༥/༠༡/༢༢   རིག་པ།(༠)

ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་འདུ་ཞིག་ཏུ་སྟག་གཟིག་དང་ཝ་སྲམ་བཅས་ཀྱི་པགས་རིགས་རྒྱན་གོས་གྱོན་པ་མང་པོ་ཞིག་བྱུང་བ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་བྱུང་

༢༠༡༥/༠༡/༠༩   རིག་པ།(༠)

ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་པའི་སློབ་མ་ཚོའི་ལས་འཚོལ་རྒྱུགས་ཤོག་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་གཞན་ལ་ལྐོག་ཚོང་བྱས་པར་བརྟེན། འབྲེལ་ཡོད་སློབ་མ་དང་ཁྱིམ་བདག་མང་པོས་སྲིད་གཞུང་ལ་ཞུ་གཏུག་བྱས་ཏེ་ཉིན་གྲངས་ ༡༣ འགྲོ་བཞིན་འདུག

ཤོག་གྲངས་: [༡] ..༩༢[རྗེས་མ།]