འཛམ་གླིང་།

༢༠༡༤/༠༧/༢༩   རིག་པ།(༠)

ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེས་དུས་རབས་ཉེར་གཅིག་ནང་རྒྱ་གར་དང་ཨ་རིའི་མཉམ་ལས་ནི་མེད་ཐབས་མེད་པའི་མཉམ་ལས་ཤིག་ཆགས་ཡོད་སྐོར་བརྗོད་འདུག

༢༠༡༤/༠༧/༢༨   རིག་པ།(༢)

ཉིན་འགའི་སྔོན་རྒྱདམག་གིས་ལ་དྭགསནང་བཙན་འཛུལ་བྱས་ཏེ་འབྲོག་པ་ཚོའི་སྡོད་གུར་གཏོར་རྗེས་ཕྱོགས་གཉིས་བར་གྲོས་མོལ་བྱས་ཏེ་གནས་སྐབས་རིང་འགྲིག་འཇགས་བྱུང་ཡོད་འདུག

༢༠༡༤/༠༧/༢༥   རིག་པ།(༠)

སུད་སིའི་ནང་ཚོགས་པའི་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ཀྱི་གྲོས་མཐུན་ཞིག་ལ་རྒྱ་གར་གྱིས་མིང་རྟགས་བཀོད་མེད་པར་ཚོགས་མིའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

༢༠༡༤/༠༧/༢༣   རིག་པ།(༠)

ལྷོ་ཨེ་ཤ་ཡའི་ས་ཁུལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའིརྒྱལ་ཁབ་ཚོའི་བར་རང་དབང་ཚོང་འབྲེལ་བྱེད་པར་གྲོས་བསྡུར་བྱས་ཡོད་འདུག

༢༠༡༤/༠༧/༢༣   རིག་པ།(༠)

དེ་རིང་ཞོགས་པར་ཐའེ་ཝན་གྱི་ས་ཁུལ་ཁག་ཅིག་ནང་མཚོ་རླུང་ཤུགས་ཆེན་ལྡང་བ་དང་དྲག་ཆར་བབས་ཏེ་མི་གཅིག་བསད་པ་དང་གཞན་ཁང་པ་དང་ལམ་ཁ་སོགས་ལ་གཏོར་སྐྱོན་ཆེན་པོ་བཟོ་བཞིན་ཡོད་འདུག

༢༠༡༤/༠༧/༢༢   རིག་པ།(༠)

དེ་རིང་ཡུག་རེན་གྱེན་ལོག་ཤོག་ཁག་གིས་མཱ་ལེ་ཞི་ཡའི་སྐུ་ཚབ་ཚོགས་པར་ཉེ་ལམ་གས་ཐོར་ཕྱིན་པའི་གནམ་གྲུའི་སྒམ་ཆུང་ནག་པོ་གཉིས་སྤྲད་ཡོད་འདུག

༢༠༡༤/༠༧/༡༩   རིག་པ།(༠)

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཚོས་ཨི་རན་གྱི་ཉིང་རྡུལ་གནད་དོན་ཐོག་ཚོགས་འདུ་བསྐོངས་པར་གྲུབ་འབྲས་མ་སོན་པར་གནད་དོན་ཐག་གཅོད་བྱེད་རྒྱུ་ཕྱི་ཟླ་ ༡༡ པའི་ནང་ལ་ཕྱིར་འགྱངས་བྱས་འདུག

༢༠༡༤/༠༧/༡༨   རིག་པ།(༠)

བྷར་ཛལ་དུ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔས་ཚོགས་འདུ་ཚོགས་ཏེ་རྒྱ་ནག་ཧྲང་ཧེ་རུ་རྒྱལ་ཁབ་ལྔ་མཐུན་མོང་གི་དངུལ་ཁང་ཞིག་གསར་འཛུགས་བྱ་རྒྱུའི་ཐག་གཅོད་བྱས་འདུག

༢༠༡༤/༠༧/༡༨   རིག་པ།(༢)

ཁ་སང་མཱ་ལེ་ཞི་ཡའི་གནམ་གྲུ་ཞིག་ཨུ་རུ་སུའི་ས་མཚམས་ཡུག་ཁུ་རེན་གྱི་ཤར་ཕྱོགས་གྲོང་གསེབ་ཅིག་ཏུ་ཟེགས་ཏེ། གནམ་གྲུའི་ནང་འགྲུལ་བ་ ༢༩༨ ཡོད་པ་ཚང་མ་རྐྱེན་འདས་སུ་གྱུར་ཡོད་འདུག

༢༠༡༤/༠༧/༡༧   རིག་པ།(༠)

ཨུ་རུ་སུའི་གཞུང་གིས་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་རོགས་བྱེད་ཀྱི་ཡོད་སྟབས་ཁ་སང་ཨ་རི་དང་ཡུ་རོབ་མཐུན་ཚོགས་ཀྱིས་ཨུ་རུ་སུར་དཔལ་འབྱོར་ཚོང་འབྲེལ་ཐོག་ཉེས་ཆད་བཏང་འདུག

༢༠༡༤/༠༧/༡༦   རིག་པ།(༠)

ཁ་སང་ཕྱི་དྲོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་རྣམ་གཉིས་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་དང་དམག་དོན་སོགས་ལ་གྲོས་མོལ་བྱས་འདུག

༢༠༡༤/༠༧/༡༥   རིག་པ།(༡༣)

དེ་རིང་སང་ཉིན་བྷར་ཛིལ་ནང་རྒྱལ་སྤྱིའི་ཐོག་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལྔའི་ཚོགས་འདུ་ཞིག་ཚོགས་བཞིན་ཡོད་སྟབསབོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་ཐུན་མོང་གིས་གསར་འགོད་བསྒྲཊ་གཏམ་སྤེལ་ཏེ། རྒྱལ་ཁབ་ཁག་གི་གོ་ཁྲིད་ཚོས་ཞི་ཅིན་ཕིན་ལ་བོད་དོན་སེལ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་ཞུས་སོང་

༢༠༡༤/༠༧/༡༡   རིག་པ།(༠)

ཁ་སང་འཇར་མན་གཞུང་གིས་འཇར་མན་ནང་གི་ཨ་རིའི་གཞུང་ཚབ་ཀྱི་གསང་བའི་ལས་བྱེད་ཅིག་ཨ་རིར་ཕྱིར་སློག་བཏང་ཡོད་འདུག

༢༠༡༤/༠༧/༡༠   རིག་པ།(༡)

ཁ་སང་དེ་རིང་གཉིས་ལ་ཉི་ཧོང་ནང་མཚོ་རླུང་ཤུགས་ཆེན་ལྡང་སྟེ་ཉི་ཧོང་གི་སྐད་གྲགས་ཅན་གྱི་བཟོ་གྲྭ་མང་པོ་ཞིག་ལས་མཚམས་འཇོག་དགོས་བྱུང་ཡོད་འདུག

༢༠༡༤/༠༧/༠༩   རིག་པ།(༠)

དེ་རིང་བྱང་ཀོ་རི་ཡས་ལྷོ་བྱང་ཀོ་རི་ཡའི་མཚོ་ཁུལ་དུ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་རྗེས་ལ། གཞུང་འབྲེལ་ཐོག་བྱང་ཀོ་རི་ཡའི་རྡུལ་འཕྲིན་མཚོན་ཆའི་ཆེད་མཁས་པ་ཇོན་ཧྥེན་ཧོ་ཁ་སང་འདས་གྲོངས་སུ་ཡོད་པ་བསྒྲཊ།

ཤོག་གྲངས་: [༡] ..༣༠[རྗེས་མ།]