བཙན་བྱོལ།

༢༠༡༥/༠༨/༣༡   རིག་པ།(༠)

དུས་དབང་ཐེངས་ ༣༤ པ་ལོ་གཅིག་ཕར་འགྱངས་གནང་དགོས་བྱུང་སྟབས་སྦྱིན་བདག་དང་གོ་སྒྲིག་པ། དེ་བཞིན་རྒྱ་ཆེའི་མི་མང་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཟེར།

༢༠༡༥/༠༨/༣༠   རིག་པ།(༠)

མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་རྒྱུ་མཚན་གསུམ་གྱི་ཐོག་ནས་ད་རེས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་མཚན་འདོན་གནང་རྒྱུ་མིན་པ་གསལ་བསྒྲགས་གནང་འདུག

༢༠༡༥/༠༨/༢༨   རིག་པ།(༠)

སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་འོས་མི་གསར་པ་དཀོན་མཆོག་ཡར་འཕེལ་ལགས་སུ། ཁོང་སྤྱི་འཐུས་འོས་མིར་ལངས་པའི་དགོས་དམིགས་དང་བོད་མི་མང་སྤྱི་འཐུས་ཤིག་གི་ གཡོལ་དུ་མེད་པའི་འོས་འགན་སོགས་ཀྱི་ཐད་བཅར་འདྲི་བྱས་པར། བོད་མི་མང་སྤྱི་འཐུས་ཤིག་ཡིན་ན་ལྐོག་ཟ་རུལ་སུངས་དང་གཡོ་སྒྱུ་ཁྲམ་གསུམ། སྤྱི་སེམས་མེད་པར་ཆུ་ཚོད་འཕྲོ་བརླག་གཏོང་བ་བཅས་ངེས་པར་དུ་འདོར་དགོས་སྐོར་བརྗོད་བྱུང་

༢༠༡༥/༠༨/༢༤   རིག་པ།(༤)

“ད་ལྟ་སྲིད་སྐྱོང་འོས་མིར་ལངས་མཁན་ ༥ བྱུང་ཡོད་པ་དག་ལ་སྡོམ་ཚིག་ཅིག་བཀོད་པ་ཡིན་ན། འུལ་ཤོབ་ཤོད་མཁན་གྱི་རྒྱལ་བློན་རྣམ་པ་གཉིས་དང་། ཉམས་དང་འཇོན་ཐང་ངོམ་མཁན་གྱི་དཔའ་རྒོལ་རྣམ་པ་གཉིས། རྟེན་འབྲེལ་བརྩི་བའི་རྒད་པོ་གླེན་པ་གཅིག་བཅས་རེད།” ཟེར།

༢༠༡༥/༠༨/༢༤   རིག་པ།(༠)

“ད་ལྟ་སྲིད་སྐྱོང་འོས་མིར་ལངས་མཁན་ ༥ བྱུང་ཡོད་པ་དག་ལ་སྡོམ་ཚིག་ཅིག་བཀོད་པ་ན། འུལ་ཤོབ་ཤོད་མཁན་གྱི་རྒྱལ་བློན་རྣམ་པ་གཉིས་དང་། ཤེས་ཡོན་དང་འཇོན་ཐང་ངོམ་མཁན་གྱི་དཔལ་རྒོལ་རྣམ་པ་གཉིས། རྟེན་འབྲེལ་བརྩི་བའི་རྒད་པོ་གླེན་པ་གཅིག་བཅས་རེད།” ཟེར།

༢༠༡༥/༠༨/༢༤   རིག་པ།(༠)

དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ ༧ ནས་དབུས་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ཇི་བཞིན་ལག་བསྟར་དགོས་ལ། འོས་བསྡུའི་ཆ་ཤས་ལེན་མཁན་ཚོས་ཀྱང་འོས་བསྡུའི་སྒྲིག་གཞིར་རྩི་བཀུར་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་བྱུང་

༢༠༡༥/༠༨/༢༢   རིག་པ།(༣)

དེ་རིང་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་འདོད་པའི་བསྟན་བཅོས་ཀྱི་དཔེ་དེབ་ཞིག་དབུ་འབྱེད་གནང་སོང་

༢༠༡༥/༠༨/༡༩   རིག་པ།(༦)

དེ་རིང་དབུས་གཙང་ཆོལ་ཁའི་ངོས་ནས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་དང་དབུས་གཙང་སྤྱི་འཐུས་འོས་མི་ ༢༣ གྱི་མཚན་གཞུང་གསལ་བསྒྲགས་གནང་སོང་

༢༠༡༥/༠༨/༡༦   རིག་པ།(༣)

དེ་རིང་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོཊ་ནང་དཔལ་འབྱོར་མེད་པའི་དཀའ་ངལ་ལས་ཟ་སྟངས་འཐུང་སྟངས་ཚོད་མ་ཟིན་པའི་དཀའ་ངལ་ཆེ་བ་ཡོདསྐོར་བརྗོད་སོང་

༢༠༡༥/༠༨/༡༢   རིག་པ།(༠)

དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་བརྙན་འཕྲིན་མཉེན་ཆས་གསར་པ་དབུ་འབྱེད་གནང་སྐབས་ཁོང་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་ དེ་དམངས་གཙོའི་དུས་དྲན་གྱི་རྗེས་སུ་གནང་རྒྱུ་ཡིན་སྐོར་གསུངས་སོང་

༢༠༡༥/༠༨/༡༡   རིག་པ།(༣)

དེ་རིང་ཕ་མའི་ཚོགས་ཆེན་ཐོག་སྲིད་སྐྱོང་མཆོག་གིས་ཕ་མར་ཀུན་སྤྱོད་ཡག་པོ་མེད་པ་ཡིན་ན། ཕྲུ་གུར་བསླབ་བྱ་ག་ཚོད་བརྒྱབ་ཀྱང་རང་བཞིན་གྱིས་མ་རབས་ཆགས་རྒྱུ་ཡིན་སྐོར་གསུངས་སོང་

༢༠༡༥/༠༧/༢༩   རིག་པ།(༢)

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དེ་རིང་མཇུག་བསྒྲིལ་ཡོད་པ་དང་། ཐེངས་འདིའི་གྲོས་ཆོད་ནང་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་གཙི་ཞུ་རྒྱུ་དང་། བོད་རང་བཙན་གྱི་དངོས་ཡོད་ལོ་རྒྱུས་ཁྱབ་སྤེལ་གཏོང་རྒྱུ་སོགས་བཀོད་འདུག

༢༠༡༥/༠༧/༢༨   རིག་པ།(༠)

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པའི་ཉིན་བཞི་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་འོག་ཚོགས་བཅར་བ་ཁག་ཆ་འགོས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་ཞིག་སྤེལ་ཡོད་འདུག

༢༠༡༥/༠༧/༢༦   རིག་པ།(༠)

གཞོན་ནུའི་འགན་འཛིན་ལྷན་ཚོགས་ལྡི་ལི་བོད་སྒར་དུ་ཚོགས་པའི་སྟེང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས། རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་གང་འདྲ་ཡིན་ནམ་སྙམ་པའི་དོགཔ་ཐེ་ཚོམ་གྱི་བློ་སྐྱེ་རྒྱུ་དེ་ལྷན་ཚོགས་འདིའི་ནང་ཡོད་པ་མ་རེད་ལ། དེ་གསལ་པོ་བཟོ་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། གལ་སྲིད་དེ་འདྲ་ཡོད་པ་ཡིན་ན་གཞོན་ནུ་ལྷན་ཚོགས་འདི་སྤྱི་ཚོགས་ནང་གནས་ཐུབ་ཡོད་པ་མ་རེད་ལ། གནསཀྱང་ཕན་ཐོགམེད་པ་ཞིག་ཆགས་ཀྱི་རེདཅེས་ལམ་སྟོན་གནང་འདུག

ཤོག་གྲངས་: [༡] ..༡༢༣[རྗེས་མ།]