རྒྱ་ནག

༢༠༡༤/༠༧/༡༦   རིག་པ།(༠)

དེ་རིང་སྔ་དྲོར་པེ་ཅིན་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་མི་ ༧ གྱིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག

༢༠༡༤/༠༧/༡༥   རིག་པ།(༠)

རྒྱ་ནག་ཧུའུ་ནན་ཞིང་ཆེན་གྱི་སྒེར་གཉེར་སློབ་གྲྭ་ཁག་གི་དགེ་རྒན་ ༢༠༠༠ ལྷག་གིས་ལས་མཚམས་བཞག་སྟེ་ངག་བཅད་ངོ་རྒོལ་བྱེད་བཞིན་ཡོད་འདུག

༢༠༡༤/༠༧/༡༠   རིག་པ།(༡)

ཁ་སང་ནས་ཉིན་གྲངས་ ༢ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨ་རྒྱ་བར་གྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་ཐེངས་ ༦ པ་བྱས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་གང་ཡང་མེད་སྐོར་བརྗོད་འདུག

༢༠༡༤/༠༧/༠༧   རིག་པ།(༡)

ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོར་རྒྱ་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་བོད་རིག་པ་བ་ཨི་ལོ་ཊི་སི་ཕེར་ལིན་ལགས་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་སློག་བཏང་འདུག

༢༠༡༤/༠༧/༠༥   རིག་པ།(༠)

རྒྱ་གཞུང་གིས་ཁ་ཆེའི་དུས་ཆེན་ཐོག་གཞུང་གི་ཁ་ཆེ་ལས་བྱེད་དང་སློབ་གྲྭ་ཁག་གི་དགེ་སློབ་རྣམས་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་འདུག

༢༠༡༤/༠༧/༠༣   རིག་པ།(༠)

ཧོང་ཀོང་ནང་མི་གྲངས་འབུམ་ ༥ ལྷག་གིས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་ཞི་རྒོལ་བ་ ༥༡༡ འཛིན་བཟུང་བྱས་ཡོད་འདུག

༢༠༡༤/༠༧/༠༡   རིག་པ།(༠)

ཁ་སང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་འདུའི་ཐོག རྒྱ་ནག་དམག་དོན་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཟུར་པ་ཞི་ཚེ་ཧུའོ་ཏང་ནང་ནས་ཕུད་དེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པའི་གཞུང་འབྲེལ་ཁྱབ་བསྒྲགས་བྱས་འདུག

༢༠༡༤/༠༦/༣༠   རིག་པ།(༠)

ཁ་སང་དགོང་མོའི་ཆུ་ཚོད་ ༡༠ ཐོག ཧོང་ཀོང་གི་སྤྱི་མང་བསམ་ཚུལ་བསྡུ་ལེན་གྱི་ལས་འགུལ་མཇུག་བསྡུས་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་མི་གྲངས་འབུམ་ ༧ ལྷག་གིས་རྒྱབ་སྐྱོར་གྱི་འོས་བླུགས་ཡོད་འདུག

༢༠༡༤/༠༦/༢༦   རིག་པ།(༠)

རྒྱ་ནག་གི་གྱོན་གོས་འཚེམ་བཟོ་བ་བཙོན་པ་ཞིག་གིས་ཡི་གེ་བསྐུར་ཏེ། གྱོན་གོས་ཕྱིར་ཚོང་ཆེད་བཙོན་པ་ཚོས་ཁྱི་ཕག་གི་ལྟོ་ཆས་ཟོས་ཏེ། ཉིན་རེའི་ཆུ་ཚོད་ ༡༥ ནང་ལས་ཀར་བཀོལ་བཞིན་ཡོད་པས་བཙོན་པ་ཚོ་སྐྱོབས་རོགས་ཞེས་རེ་འབོད་བྱས་འདུག

༢༠༡༤/༠༦/༢༡   རིག་པ།(༠)

རྒྱ་ནག་ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ལིན་ཀྲིན་ཙི་དང་ཧྲན་ཏུང་ཞིང་ཆེན་གྱི་མགོ་ཀྲིད་གཞོན་པ་ཏོའུ་ཧྲན་ཞེ་གཉིས་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

༢༠༡༤/༠༦/༡༧   རིག་པ།(༠)

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་གཞོན་པ་སུའུ་རོང་གིས་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

༢༠༡༤/༠༦/༡༢   རིག་པ།(༣)

རྒྱ་ནག་གཞུང་གིས་ཧོང་ཀོང་སྐོར་ལ་ཡིག་ཆ་དཀར་པོ་ཟེར་བ་ཞིག་འདོན་སྤེལ་བྱས་ཏེ་ཧོང་ཀོང་གི་རང་སྐྱོང་གནས་བབ་དང་མང་ཚོགས་ཀྱི་རང་དབང་སོགས་ལ་སྟངས་འཛིན་ཤུགས་ཆེ་རུ་བཏང་ཡོད་འདུག

༢༠༡༤/༠༦/༠༧   རིག་པ།(༩)

ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་བར་གྲོས་མོལ་སྒོ་མོ་ཕྱེ་ཡོད་ཀྱང་། བཙན་བྱོལ་བོད་གཞུང་དང་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གྱི་གཞི་རྩ་གང་ཡང་མེད་ཟེར།

༢༠༡༤/༠༥/༢༩   རིག་པ།(༢)

རྒྱ་གཞུང་གིས་ཤིན་ཅང་ནང་བྱུང་བའི་དོན་རྐྱེན་ ༦ ལ་འབྲེལ་ཡོད་ཀྱི་ཉེས་ཅན་ ༥༥ དང་དོགས་ཡོད་མི་སྣ་ ༣༨ དངོས་སུ་འཛིན་བཟུང་བྱས་པ་ཕྱིར་བསྒྲགས་བྱས་འདུག

༢༠༡༤/༠༥/༢༡   རིག་པ།(༠)

ཁ་སང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡེན་ཅིག་གིས་ན་གཞོན་བཞུགས་མོལ་ཚོགས་འདུའི་ཐོག ཐའེ་ཝན་ཁྲིམས་འཛིན་ལྷན་ཁང་གིས་ན་གཞོན་བློ་འདྲི་ཚོགས་པ་གསར་འཛུགས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག

ཤོག་གྲངས་: [༡] ..༣༧[རྗེས་མ།]