གནས་ཚུལ་ཁ་གསལ་པོ་བསྒྲཊ་རོགས།

འདོན་སྤེལ། ༢༠༡༣/༠༦/༠༢

སྨན་པ་བློ་བཟང་ཡེ་ཤེས

བོད་མིའི་རང་དབང་གསར་ཤོག ནང་བདེ་སྲུང་ལས་ཁུངས་ནས་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་ རྒྱ་ནག་གཞུང་གི་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་སོ་མྱུལ་དུ་བཏང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས།  ཞེས་པའི་གོ་བརྗོད་དང་གསང་མྱུལ་བ་དེའི་འདྲ་པར་བཅས་དུས་གཅིག་ཏུ་མཐོང་སྐབསསྔོན་མ་གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་འཐབ་རྩོད་བྱས་པའི་རྒྱུད་རིམ་ནང་ཕན་ཚུན་གསང་མྱུལ་བ་གཏོང་རེས་བྱཔ་དང་གུང་ཁྲན་ཏང་གི་གསང་མྱུལ་བ་དེ་ཚོ་གོ་མིན་ཏང་གིའཛིན་བཟུང་བྱས་ཏེ། སྡུག་གཅོད་ཇི་ལྟར་བཏང་ཡང་བློ་རྩ་གཏན་པོ་དང་ཀླད་པ་མཁྲེགཔོཐོག་ནས་ཐ་ན་ཚེ་སྲོགལ་ཐུག་ཀྱང་ངོས་ལེན་མི་བྱེད་པ་སོགས་ཀྱི་གློག་བརྙན་རྣམས་ལྷང་ངེར་དྲན་ཡོང་གི་འདུག་ལ། དེ་དང་མཉམ་དུ་ཁོང་ཁྲོ་དང་སེམས་འཚབ་ལྷན་དུ་སྐྱེས་ཏེ། གསང་མྱུལ་བ་དེ་ཤི་མིན་རོ་མིན་ཅིག་རྡུང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་དང་བདེ་སྲུང་ལས་ཁུངས་དངོས་གནས་གྲུང་པོ་བྱུང་འདུག་སྙམ་པའི་དགའ་ཚོར་ཅིག་ཅར་དུ་སྐྱེས་ཡོང་གི་འདུག

འོན་ཀྱང་གསལ་བསྒྲགས་དེ་ཡང་སྐོར་སྐྱར་སྐོར་ཀྱིས་ཐེངས་གསུམ་ཙམ་ལ་ཀླགས་ཀྱང་བློ་ཡིད་འཚིམ་རྒྱུ་ལས་བློ་དོགཇེ་མང་དུ་འགྲོ་བ་དང་ཁ་གསལ་དུ་འགྲོ་རྒྱུ་ལས་མགོ་རྙོགཇེ་ཆེ་རུ་ཕྱིན་སོང་ལ། ལྷག་པར་དུ་ཕྱི་ཚེས་ ༢༣ ཉིན་དུས་བབ་གསར་འགོད་པས་བདེ་སྲུང་དྲུང་ཆེ་མཆོག་ལ་གནས་ཚུལ་དེའི་སྐོར་བཅར་འདྲི་ཞུས་པའི་སྐོར་དུས་བབ་འདྲ་རྒྱལས་ཐེངས་གཉིས་གསུམ་ཀླགས་རྗེས གནས་ཚུལ་དེ་མགོ་ཉོག་རྦད་དེ་ཇེ་ཆེ་དང་ཁ་མི་གསལ་འི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་སོང་

གནས་ཚུལ་འདིགཞིས་བྱེས་བོད་མི་ཚང་མས་ཁ་གསལ་པོཞིག་ཁྱེན་རྟོགས་ཡོང་རྒྱུ་ཧ་ཅང་གལ་ཆེནཔོ་ཡིན་པ་དང་། དེ་ནི་གཅིག་ནས་༧གོང་ས་མཆོག་གིས་གཙོས་པའི་བཙན་བྱོལ་བོད་མིའི་དབུ་ཁྲིད་རྣམས་ཀྱི་སྐུ་ཕྱྭ་དང་ གཉིས་ནས་བཙན་བྱོལ་བོད་མིའི་སྒྲིགའཛུགས་ལ་གཏོར་ཤིག་ཡོང་མིན གསུམ་ནས་གསང་མྱུལ་བ་དེ་བོད་ནས་སླེབས་པའི་བོད་མི་ཞིག་ཡིན་པ་སོགས་ཚོར་ཤུགས་སྐྱེན་པོས་དང་ལེན་བྱེད་དགོས་པའི་གནས་ཚུལ་ཞིག་ཆགས་ཡོད་སྟབས འདི་ག་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་མཆོག་ལ་གནས་ཚུལ་དེ་བདེ་སྲུང་ནས་སྤེལ་བའི་གསལ་སྒྲགས་དང་དུས་བབ་ཀྱིས་བཀོད་པའི་བཅར་འདྲི་གཉིས་ནང་ཁ་མི་གསལ་བའི་དོགགནས་ཁག་དང་གསལ་བསྒྲགས་དང་བཅར་འདྲི་གཉིས་བར་མི་མཐུན་པའི་འགལ་ཟླ་ཇི་སྙིད་ཅིག་མཆིས་པ་དེ་དག་འདི་གར་བཀོད་ནས་དོགའདྲི་ཞུ་འདོད་བྱུང་

གསལ་བསྒྲགས་ནང་རྒྱ་དཔོན་ ལིའི་གཡུས་ཆུན་ཟེར་བའི་གཅིག་གིས་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་རྒྱ་ནག་གི་དམག་མི་ལས་བསྒྱུར་དང་སྤྱི་བདེ་ཉེན་རྟོག་པ་ཡིན་པའི་མི་གཅིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་དུ་བཏང་སྟེ་༧གོང་ས་མཆོག་གི་སྐུ་ཕྱ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མ་ཟད། བཙན་བྱོལ་སྒྲིགས་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ་རེད ཅེས་དང་ ད་དུང་སྤེན་པ་ཚེ་རིང་གི་རྒྱབ་ལྗོངས་ལོ་རྒྱུས་ནང་ཁོ་ཆེད་ལས་སློབ་སྦྱོང་དང་སྦྱོང་རྡར་སྤྲད་ཡོད་པའི་སོ་མྱུལ་བ་ཞིག་ཡིན་སྐོར་འཁོད་འདུག

དུས་བབ་བཅར་འདྲིའི་ནང་ དེ་དག་ཕལ་ཆེ་བ་སྤེན་པ་ཚེ་རིང་ཁོ་རང་ལ་སྐད་ཆ་དྲིས་ཏེ་ཁོ་རང་གིས་ལབ་པ་རྐྱང་རེད། རྒྱ་གཞུང་གི་དེ་འདྲ་བྱས་ནས་ང་བཏང་སོང་། ལས་འགན་དེ་དག་སྤྲད་སོང་། ཞེས་ཁོ་རང་གི་ལབ་པ་རེད། ཁོ་རང་གི་བཤད་པ་ལྟར་བྱས་ན། ཁོ་རང་སྔོན་མ་བཙོན་ཁང་དུ་ཚུད་འདུག་སྐབས་དེར་རྫོང་དཔོན་དང་ཉེན་རྟོག་པ་ཚོར་ཁ་རྩོད་ཤོར་འདུག་དེ་ནས་ལིའི་གཡས་ཆུན་ཟེར་བ་དེས་ཁྱོད་རང་བཙོན་ཁང་དུ་སྡོད་འདོད་མེད་ན་རྒྱ་གར་ལ་སོང་སྟེ་ལས་འགན་དེ་དག་བསྒྲུབ་དགོས་ཞེས་ཆེད་མངགས་བཏང་བ་ཞིག་རེད། ༢༠༠༩ ལོར་ཁོ་རང་རྒྱ་གར་དུ་ཡོང་བ་ཞིག་ཆགས་འདུགཅེས་ཁོ་པ་ཉེས་གཡོལ་ཐོབ་ཆེད་སོ་མྱུལ་ཀྱི་ལས་འགན་བླངས་པ་ཞིག་ཡིན་པར་གསུངས་འདུག

དོགའདྲི་དང་པོ།  གསལ་བསྒྲགས་དང་བཅར་འདྲི་གཉིས་ནང་གི་སྤེན་པ་ཚེ་རིང་སོ་མྱུལ་བ་ཆགས་པའི་རྒྱབ་ལྗོངས་དེ་གཉིས་ལས་བདེན་པ་ང་ཞིག་རེད་དམ། རྒྱབ་ལྗོངས་དེ་གཉིས་ཀ་སྤེན་པ་ཚེ་རིང་ཁོ་རང་གིབརྗོད་ཡོད་ན་དེ་གཉིས་མི་མཐུན་སྟབས། དང་པོ་གནས་ཚུལ་དེ་རིགས་ཁ་གསལ་བཟོ་དགོས་པ་གལ་ཆེན་པོར་མི་དགོངས་སམ།

བསམ་ཚུལ་དང་པོ། གལ་སྲིད་གསལ་བསྒྲགས་ནང་འཁོད་པ་ལྟར་ཁོ་པ་གུང་ཁྲན་ཏང་གི་སྦྱོང་བརྡར་སྤྲད་པའི་ཆེདམངགས་སོ་མྱུལ་བ་ཞིག་ཡིན་བདེ་སྲུང་ལས་ཁུངས་ནས་མནར་གཅོད་སྡུག་སྦྱོང་གང་ཡང་མ་བཏང་བར་འདྲི་རྩད་བྱས་པ་ཙམ་གྱིས་ཁོ་པས་ཁོ་རང་རྒྱ་གཞུང་གི་སོ་<མྱུལ་བ་ཡིན་པ་དང་ ལས་འགན་གང་དེ་སྤྲད་ཡོད་པ། སྒང་གི་གོ་ཁྲིད་སུ་ཡིན་སོགས་ལས་སླ་པོས་ངོས་ལེན་བྱས་པ་དེར། བསམ་གཞིགགཏོང་དགོས་པ་ཞིག་མ་རེད་དམ།

གལ་སྲིད་བཅར་འདྲིའི་ནང་གསུངས་པ་བཞིན་ཁོ་བོ་བཙོན་གྲོལ་ཐོབ་ཆེད་གསང་མྱུལ་གྱི་ལས་འགན་ལྕི་མོ་དེ་འདྲ་ཞིག་དང་དུ་བླངས་བ་ཡིན་ རྒྱ་ནག་གཞུང་གིབཙོན་པ་ཞིག་ལ་ཡིད་ཆེས་བློས་འགེལ་དེ་ཙམ་བྱས་ཏེསོ་མྱུལ་དུ་བཏང་པརཡིད་ཆེས་བྱས་ན་འགྲིག་གམ། རྒྱནགགཞུང་རང་གི་ངོས་ནས་བྱས་ཀྱང་ཁོ་པས་རང་ཉིད་རྒྱ་གཞུང་གི་གསང་མྱུལ་བ་ཞིག་ཡིན་པ་དང་ལས་འགན་སོགས་གང་ཡིན་པ་འདི་གར་ངོས་ལེན་བྱསཏེ་ངོ་ལོག་པ་ཞིག་ཆགས་སྟབས ཕྱིས་སུ་བོད་ལ་ལོག་ན་དཀའ་ངལ་ཕྲད་སྲིད་པ་དང་ལྷག་པར་བོད་དུ་ཡོད་པའི་ཁོ་པའི་ནང་མི་ཡང་རྒྱ་གཞུང་གི་ཡན་པོར་འཇོག་མི་སྲིད་པ་ཁོ་པས་ཤེས་ངེས་ཡིན་ལ་ང་ཚོས་ཀྱང་ཤེས་གསལ་ཡིན། དེས་ན་ཁོས་སྡུག་སྦྱོང་དང་མནར་གཅོད་གང་ཡང་མ་བཏང་ཡང་ཁོ་རང་རྒྱ་གཞུང་གི་སོ་མྱུལ་བ་ཡིན་པ་ངོས་ལེན་བྱས་པ་དེར་དགོངས་པ་བཞེས་རྒྱུ་ཏན་ཏན་ཡོད་པར་མི་མཐོང་ངམ།  

དོགའདྲི་གཉིས་པ། གསལ་བསྒྲགས་དང་བཅར་འདྲི་གཉིས་མཐུན་པའི་ཆ་ནི། རྒྱ་དཔོན་ལིའི་གཡུས་ཆུན་གྱིས་ཁོ་པ་ཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་དུག་རྫས་བེད་སྤྱོད་ཀྱིས་ལྐོག་གསོད་གཏོང་དགོས་པའི་ལས་འགན་སྤྲད་པ་དང་རྒྱུ་མཚན་ནི་༼ཁོང་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་བྱས་ཏེ་བོད་གཞུང་ལ་ཡི་གེ་ཞིག་ཕུལ་ཡོད་པ་རེད་༽ཅེས་པའི་ནང་བཀྲཤིསརྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་རྒྱ་ནག་ལ་དྲག་སྤྱོད་གཏོར་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་རྒྱུའི་ཁས་ལེན་གྱིས་བོད་གཞུང་ལ་ཡི་གེ་འཕུལ་བ་དེ་ཁོང་གཉིས་བོད་ལ་ཡོད་པའི་སྐབས་ཀྱི་གནས་ཚུལ་རེད་དམ་ཡང་ན་རྒྱ་གར་ལ་སླེབས་པའི་རྗེས་ལ་རེད་དམ། ཡང་སྙིང་གནས་ཚུལ་དེ་འདྲ་ཞིག་ངོ་ཐོག་ལ་ཡོད་དམ། ཁོ་པ་ ༢༠༠༩ ལོར་རྒྱ་གར་དུ་འབྱོར་ནས་ད་བར་ལོ་བཞི་ལྷག་ཙམ་ནང་ཁོ་གང་དུ་བསྡད་པ་དང་གང་དུ་ལས་ཀ་བྱས་པ་རེད་དམ། ཁོས་གསང་མྱུལ་གྱི་ལས་འགན་ག་རེ་སྒྲུབ་ཐུབ་ཡོད་དམ། 

མཁྱེན་ལྡན་གྱི་ཀློག་པ་པོ་རྣམ་པ་ལགསངས་དེ་གར་སྤེན་པ་ཚེ་རིང་ཟེར་བ་དེ་སོ་མྱུལ་ཆགས་པའི་རྒྱབ་ལྗོངས་ནས་ཐེར་འདོན་དང་དྲི་རྩད་བྱས་པ་སོགས་གནས་ཚུལ་གྱི་རྒྱུད་རིམ་ཁ་གསལ་པོ་མེད་པ་དེ་ཁ་གསལ་པོ་བཟོ་དགོས་པའི་རེ་སྐུལ་ཞུས་པ་ཙམ་ལསཁོ་པ་སོ་མྱུལ་བ་མིན་པའི་ར་སྤྲོད་བྱེད་ཀྱི་མེད་བདེ་སྲུང་ལས་ཁུངས་ནས་ཁོ་པ་འཛིན་བཟུང་དྲི་རྩད་གནང་བར་དེ་བས་ཁངས་ར་བྱེད་ཀྱི་མེད།

སྤྱིར་ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག་གི་རྩམས་དང་རྩོམ་བཞིན་པའི་ལས་འགུལ་ཁག་ནི་འཛམ་གླིང་ཡོངས་ལ་ཁ་གསལ་གཏིང་གསལ་ཡིན་པ་ལས་གསང་བ་བྱེད་དགོས་པ་ཞིག་གཏན་ནས་མེད་ཟདང་ཚོའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་དང་ང་ཚོའི་ལས་འགུལ་ནི་ཞི་བའི་ལས་འགུལ་ཡིན་སྟབས་རྒྱ་ནག་གཞུང་དང་མི་མང་ག་ཚོད་ཙམ་མང་ཤེས་རྟོགས་བྱུང་དེ་ཙམ་གྱིས་དགེ་ཕན་ཆེ་བ་ཡོང་བ་ལས་གནོད་སྐྱོན་གང་ཡང་མེད

འོན་ཀྱང་རྒྱ་གཞུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆེད་དུ་མི་སྣ་མངགས་ཏེ༧གོང་ས་མཆོག་གཙོས་པའི་གནཡོད་མི་སྣར་གནོད་འཚེ་དང་གྱོད་ཁ་མཆུ་བཟོས་ནས་བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་བའི་ལས་འགུལ་ཏན་ཏན་སྤེལ་སྲིད་སྟབས། ང་ཚོས་དུས་དང་རྣམ་པ་ཀུན་ཏུདོགཟོན་བྱེད་རྒྱུ་ཤིན་ཏུ་འགལ་ཆེན་པོ་ཡིན་གལ་སྲིད་མི་སྣ་དེ་འདྲ་ངོ་འཕྲོད་ལག་ཟིན་བྱུང་ན་ཐག་གཅོད་ནན་པོ་བྱེད་དགོས་པ་ལས་ངན་པ་རྒྱ་ཡན་དུ་ནམ་ཡང་གཏོང་ཐབས་མེད

༢༠༡༣ ཟླ་ ༥ ཚེས་ ༣༠ ལ།།

ཤོག་ངོས་འདི་ཐེངས་ ༢༠༠༦ ལ་བཀླགས་འདུག
རིག་པ་འདོན་པ།
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༠༤ ཉིན་འདོན་སྤེལ་བྱས།
མང་གཙོ་ཡིན་ཡང་སོ་སོའི་ས་མཚམས་རེ་ངེས་པར་ཡོད་དགོས། དེ་ལས་བརྒལ་མི་ཉན། འཁྲུག་རྐྱེན་དུ་འགྲོ་གི་རེད། སྤྱི་ལ་ཕན་ཐོགས་པའི་དགོངས་པ་བཞེས་གལ། གནས་ཚུལ་མང་པོ་ཞིག་ལ་ཕྱི་ནང་བྱེད་དགོས་པའང་མང །
ཤར་ཕྱོགས་ཁུག་རྟ།
༢༠༡༣/༠༦/༠༣ ཉིན་འདོན་སྤེལ་བྱས།
གནད་དོན་འདི་རིགས་ཟུར་ནས་བཞུགས་མཁན་ཚོས་ལབ་དེ་ཏག་ཏག་གནས་ཀྱི་མ་རེད། ལས་གནས་སྟེང་དངོས་སུ་ཞུགས་ཏེ་ལས་ཀ་བྱས་ཡོང་ན་ད་གཟོད་ཁ་གསལ་བོ་ཅི་ཙམ་བཟོ་དགོས་མིན་ཧ་གོ་ཡི་རེད། ངས་བལྟས་ནས་ད་ཐེངས་བདེ་སྲུང་གིས་བཤད་ལུགས་བྱེད་སྟངས་དེ་ཧ་ལས་པ་འདུག འདིའི་ལྷག་ཅིག་ཁ་གསལ་བཟོ་དགོས་ཀྱི་མི་འདུག མ་གཞི་ནས་གསང་པ་དང་སོ་པའི་གནས་ཚུལ་འདི་མི་རྣམས་ཀྱི་འདོད་བློ་ཚིམས་པ་ཞིག་འགྲེལ་བཤད་བྱས་ན། དེ་གསང་པ་ཉར་ཞོག་དང་གསང་བ་དང་འབྲེལ་བའི་གནས་ཚུལ་སྒྲུག་ཕྱོགས་གཞན་དང་གཞན་ལ་མཐུན་གྱི་ཡོད་མེད་མི་ཤེས་པས། ཁ་གསལ་ཚད་གསལ་བསྒྲགས་ཟིན་པ་འདི་ཙམ་ལས་དགོས་ཀྱི་མི་འདུག་པ་དེ་དོན་ཐུགས་མངའ་ཞུ།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།