ཐུཊ་ཕམ་བཟོ་མཁན་གཞོན་ཚོགས་གཅིག་བུ་ཨེ་ཡིན།

འདོན་སྤེལ། ༢༠༡༣/༠༦/༠༤

བློ་གྲོས་རབ་བརྟན

མི་མང་པོས་བཤད་ཚོད་ལྟར་ན། གཞོན་ཚོགས་ཀྱི་ལས་ཀ་བྱེད་སྟངས་ཀྱིས་༧གོང་ས་མཆོག་ཐུགས་ཕམ་བྱུང་བ་རེད་ཟེར། གཞོན་ཚོགས་ཀྱིས་ལས་ཀ་ཅི་ཞིག་བྱས་ནའང་༧གོང་ས་མཆོག་སྐུ་སྒེར་ལ་ཐུགས་ཕམ་བྱུང་དོན་ཡེ་ནས་མེད། ༧གོང་ས་མཆོག་ལ་ཐུགས་ཕམ་བྱུང་ཡོད་ན་བྱུང་དོན་བོད་སྤྱིའི་དོན་རེད། དེ་རེད་མ་གཏོགས་༧གོང་ས་མཆོག་སྐུ་སྒེར་ལ་གཞོན་ཚོགས་ཀྱིས་འདྲ་མི་འདྲ་བཅོ་བརྒྱད་བྱས་ཀྱང་ཐུགས་ཕམ་གི་མ་རེད། ༧གོང་ས་མཆོག་ཐུགས་ཕམ་ས་དེ་བོད་སྤྱི་དོན་དང་དེའི་ནང་ནས་མ་འོངས་པའི་མདུན་ལམ་ཐད་ནས་རེད།

གཞོན་ཚོགས་ཀྱིས་ཀྱང་འདས་པའི་ལོ་འགའི་རིང་ཐལ་ཆ་ཅན་གྱིས་ལས་ཀ་མང་པོ་བྱས་སོང་། ༧གོང་ས་མཆོག་དང་བོད་མིའི་དབུས་སྒྲིག་འཛུགས་ཀྱི་ཁ་གཏད་དུ་ལངས་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་དེ་རང་བཙན་ལ་འགྱུར་བ་གཏོང་དགོས་ཟེར་བ། བོད་གཞུང་ཟེར་བའི་མཚན་བྱང་མུ་མཐུད་དེ་ཉར་རྒྱུ་ཡིན་ཟེར་བ། རང་བཙན་མ་དངུལ་དབུས་བོད་མིའི་སྒྲིག་འཛུགས་ལ་འབུལ་རྒྱུ་ཡིན་ཟེར་བ། དེ་དང་དེ་འདྲ་བ་མང་དག་ཅིག་གིས་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ལ་ཁ་གཏད་བཅག་པ་རེད། འདི་དག་ཚང་མ་རྒྱུ་མཚན་ཡོད་པ་དང་དོན་དངོས་དང་མཐུན་པ། ལག་ལེན་བསྟར་ཐུབ་པ་དེ་འདྲ་མིན་སྟབས་ད་ལྟའི་ཆར་ཕམ་པ་རེད། ཕམ་ཁ་དེས་གཞོན་ཚོགས་ཀྱི་རིན་ཐང་ལའང་བརྡབ་གསིག་ཐེབས་ཡོད་ཅིང་། བརྡབ་གསིག་དེ་ཡང་དབུས་གཞོན་ནུའི་རྒྱུན་ལས་ཀྱི་ལས་ཀ་བྱེད་སྟངས་ལས་བྱུང་བ་རེད།

བོད་སྤྱི་དོན་ཐད་ནས་༧གོང་ས་མཆོག་ཐུགས་ཕམ་བཟོ་མཁན་གཞོན་ཚོགས་གཅིག་བུ་མ་རེད། མི་སྒེར་བ་འཇམ་དབྱངས་ནོར་བུ་གཅིག་རེད། ཁོས་༧གོང་ས་མཆོག་གིས་བོད་སྤྱི་དོན་ལ་ཕྱག་ལས་གནང་སྟངས་ནས་སྐུ་སྒེར་གྱི་མཛད་པ་ཡན་ལ་མ་རངས་པའི་རྩོམ་ཡིག་མང་པོ་སྤེལ་སོང་། ལྷག་ཏུ་ཉེ་རྩོམ་Tibet's Next's Incarnation?༽འབོད་པའི་རྩོམ་དེར་༧གོང་ས་མཆོག་དང་དབུས་བོད་མའི་སྒྲིག་འཛུགས། སྲིད་སྐྱོང་ལགས་དང་བཅས་ལ་མ་འགྲིག་མ་འཐུས་པ་མང་དག་བྲིས་པ་རེད། རྩོམ་ཡིག་དེ་ལས་མངོན་པ་ནི་༧གོང་ས་མཆོག་སྐུ་སྒེར་ལ་ཟུར་ཟ་དང་སྡུག་ཡུས་ཀྱི་ རྣམ་པ་ཤུགས་ཆེན་མངོན་ཡོད།

བོད་མིའི་སྤྱི་ཚོགས་ཁྲོམི་སྒེར་བ་སྐོར་ཞིག་གིས་བོད་རང་བཙན་ཟེར་ནས་སེམས་ཤུགས་ཡོད་མདོག་བསྟན་ཏེ། དོན་ལ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་རྒྱབ་འགལ་བྱེད་ཀྱིན་ཡོད། མི་འདི་དག་གིས་ཆེད་དུ་སྡིངས་ཆ་སྟེ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བ་གསར་འཛུགས་དང་ཚོགས་འདུ་རིམ་པར་འཚོགས་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་ཐབས་ཀྱི་ཐོག་མའི་གོམ་པ་དེ་སྤོ་བཞིན་ཡོད་ཅིང་། འདི་ལྟའི་ལས་དོན་སྒྲུབ་པའི་འགན་གཙོ་ལེན་མཁན་འཇམ་དབྱངས་ནོར་བུ་རེད། དེ་མིན་འཇམ་ནོར་གྱི་རྗེས་འབྲང་བ་སྐོར་ཞིག་ཀྱང་ཡོད

དགུང་གྲངས་<༧༧ བར་དུ་བོད་མི་རིགས་འདིའི་ཆེད་དུ་སྡུག་དཀའ་ལས་རྒྱག་མཁན་༧གོང་ས་མཆོག་རེད། ད་དུང་ཡིན་ནའང་མི་རིགས་འདི་ལ་ཤ་ཚ་ཞིང་སྙིང་ནས་མ་བཟོད་པར་གྲོས་འདེབས་ཀྱི་བཀའ་སློབ་གནང་བ་དག་བོད་མི་འགས་ཇི་བཞིན་ལག་བསྟར་གྱི་ཚབ་ལ། མངགཙོ་དང་སྨྲ་བརྗོད་རང་དབང་གི་གཏམ་ཁྱེར་ཏེ། ༧གོང་ས་མཆོག་གིས་ཁ་འགོག་གི་འདུག་མདོག་མདོག་སྟོན་ལ་ཐབས་ཤེས་འདྲ་མིན་བྱེད་ཀྱིན་ཡོད། མི་འདི་དག་ལ་དགོས་པ་དངོས་གནས་བོད་དོན་ཡིན་ནམ། ༧གོང་ས་མཆོག་ལ་སྐྱོན་ཞིག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་བཀྲ་མ་ཤིས་པ་ཞིག་ དགོས་ཀྱི་ཡོད་པ་རེད།

མི་འགས་བོད་པའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་རང་གི་འདི་ཕྱི་གཉིས་ཀྱི་བླ་མ་<ཡིན་ཟེར་བ། ༧གོང་ས་མཆོག་ལ་བླ་ན་མེད་པའི་གུས་བཀུར་ཞུ་གི་ཡོད་ཟེར་བཞིན་༧གོང་ས་མཆོག་གི་གསུང་རྩིས་མེད་དང་། སྐྱོན་བརྗོད། ཐ་ན་༧གོང་ས་མཆོག་གི་སྐུ་གཤིས་ལའང་བ་སྐུར་འདེབས་བྱེད་ཀྱི་ཡོད་ཀྱང་། བོད་པའི་སྤྱི་ཚོགས་ཁྲོད་མགོ་གཉིས་མ་འཁྲབ་སྟངས་དེས། བོད་མི་ཚོ་མགོ་འཐོམ་ཏེ་བཟང་ངན་ཡག་བཙོག་གི་དབྱེ་བ་འབྱེད་ཤེས་ཀྱི་མེད། 

ཡ་མཚན་པ་ཞིག་ལ། ཕར་༧གོང་ས་མཆོག་ལ་བཤད་རྒྱུ་ཡོད་ཚད་བཤད། ཚུར་༧གོང་ས་མཆོག་གིས་རྒྱུ་མཚན་དང་བཅས་བཀའ་སློབ་རེ་གནང་བར་བོད་མི་ཚོས་བཀའ་སློབ་ལ་གུས་རྩིས་དང་འབྲེལ་བླང་དོར་ལ་ཞུགས་པར་མ་བཟོད་པར་སྡུག་ཡས་དང་བཅས་བོད་མི་ཚོ་ད་དུང་ཆོས་དད་ཀྱི་འོག་ནས་ཐར་མི་འདུག་ཟེར་ནས་བོད་མི་ཚོའི་རྣམ་དཔྱོད་ལ་མཐོང་ཆུང་དང་བྱེད་ཀྱིན་ཡོད།

མདོ་དོན་སྐད་ཆ་ཧྲིལ་གྱིས་བཤད་ན། ༧གོང་ས་མཆོག་གིས་༼ངས་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་ཆོག་གི་མ་རེད་ནམ་ཡང་ཟེར་ཀྱི་མེད་ལ། གཟབ་གཟབ་དང་དོ་དོ་ཏན་ཏན་གྱིས་བསམ་བློ་གཏང་ན་མ་གཏོགས་རེ་བ་ཡོད་ས་དང་གོ་སྐབས་མང་ས་དེ་མེད་པར་བཟོས་ཏེ། འགྲུབ་རྒྱུ་མེད་པ་ཞིག་ལ་འུར་བརྒྱབ་བསྡད་ན། མཐའ་མར་ཅི་བྱེད་འདི་བྱེད་པའི་གནས་སུ་ལྷུང་སྟེ་གཞིས་ལུས་བོད་རྒྱ་ཆེའི་མི་མང་ལ་གྱོང་རེག་གི་རེད་༽ཅེས་གསུངས་པ་ལྟར་རོ།།

ཤོག་ངོས་འདི་ཐེངས་ ༢༧༢༨ ལ་བཀླགས་འདུག
རིག་པ་འདོན་པ།
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༠༥ ཉིན་འདོན་སྤེལ་བྱས།
ཐ་མའི་རྒྱལ་ཁ་བདེན་པར་ཐོབ་ཀྱི་ཡོད་པ་བཞིན་མི་དེ་དག་གི་ཕུགས་བསམ་ད་ལམ་གྱི་གནས་ཚུལ་འདིས་ཙབ་རལ་ཆགས་པ་རེད། སྤྱི་ཚོགས་ཁྲོད་བྱེད་གཏེ་སུ་དང་སུ་ཡིན་གསལ་པོ་ཆགས་པ་རེད། ༧སྐྱབས་མགོན་ཆེན་པོའི་ཡང་དག་ལམ་སྟོན་དང་རྒྱ་ཆེའི་མང་ཚོགས་ཀྱི་མང་མོས་དང་གྲོས་ཚོགས་ནས་སྔ་རྗེས་གཏན་ལ་ཕབ་པའི་སྲིད་བྱུས་འོག་ཤར་སྐྱོད་གནང་མཁན་རྒྱལ་གཅེས་མི་མང་རྣམས་ཐུགས་བློ་བདེ་པོ་གནང་ཆོག །འོན་ཀྱང་ཕྱོགས་མང་པོར་དྭོགས་ཟོན་ངེས་པར་དུ་གནང་གལ།
གནས་ཚང་
༢༠༡༣/༠༦/༠༥ ཉིན་འདོན་སྤེལ་བྱས།
ཧ་ལམ་སྐུ་སྒེར་གྱི་ཆའང་ཡོད་ཚོད་རེད། དེ་མ་གཏོགས་རྒྱལ་དབང་བཅུ་གསུམ་པའི་མཛད་འཕྲིན་རྗེས་དྲན་ཐད་ཐུགས་ཕམ་བྱུང་དོན་མི་འདུག་གཱ
གྲ་ཕྱི་བུ།
༢༠༡༣/༠༦/༠༥ ཉིན་འདོན་སྤེལ་བྱས།
རེད། ད་དུང་མི་འགའ་ཞིག་གིས་༸གོང་ས་མཆོག་གི་བཀའི་རྗེས་སུ་འགྲོ་མཁན་དག་ནི། རྨོངས་གཉིད་ལས་སད་མེད་པར་འདོད་ལ། རང་བཙན་ཞེས་ཁ་ཕོ་ཆེ་སྒྲོག་ཅིང་། གཏམ་རྫིག་པོ་འཆད་པོ་རྣམས་ད་གཟོད་དེང་དུས་ཅན་དང་། ཆབ་སྲིད་མཁས་དབང་། དངོས་ཐོག་བདེན་འཚོལ་མཁན་སོགས་སུ་སྒྲོ་བཏགས་ཏེ། མདོར་ན་ཀླད་ཆུང་ཚོར་ཤུགས་ཅན་ཚོའི་ཁ་ཕྱོགས་བསྒྱུར་བར་བརྩོན་བཞིན་འདུག དེ་དག་གི་ཁྲོད་དུ་ཆབ་སྲིད་ཅན་རྫུན་མ་དང་། བླ་སྤྲུལ་རྫུན་མ་འགས་ཀྱང་ཧུར་ཐག་བྱེད་ཀྱིན་འདུག འོན་ཏེ་ཁོ་ཚོའི་རྒྱབ་ལྗོངས་ལ་ཞིབ་པར་བརྟག་ན་སྒེར་འཁོན་སྤྱི་དང་༸གོང་ས་མཆོག་ལ་རྩོད་མཁན་དག་དང་། འགའ་ཞིག་ནི་གསར་བུ་ཚོར་བའི་རྗེས་སུ་རྒྱུག་མཁན་དག་ལགས་སོ། །
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།