རྒྱ་ནག་ཏུ་དགོས་པ་ནི་དྲང་བདེན་ལས་འདྲ་མཉམ་མིན།

འདོན་སྤེལ། ༢༠༡༣/༠༦/༠༦

མརཊེན་ཀིང་ཝའེཊེ་ཡིས་བརྩམས།  རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་མགོ་གཙོ་བརྗེ་འགྱུར་བྱས་པ་དང འཐུས་མི་སུམ་སྟོང་ལ་ཉེ་བས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་རྒྱལ་ཁབ་ཀྱི་དཔའབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཇི་ཙམ་སྤྲད་ཐུབ་ཡོད་པ་བཅས་ཀྱི་སྐོར་སྤྲོ་སྣང་ལྡན་པའི་གཏམ་བཤད་ཐོས་ཡོད་མོད། དམངས་ཁྲོད་ནང་དབང་འཛིན་ཚོགས་པར་དེ་ཙམ་སྤྲོ་སྣང་ལྡན་པའི་རྣམ་འགྱུར་སྟོན་མཁན་མེད། དམར་ཤོག་ཚོགས་པའི་མགོ་གཙོ་གསར་པ་ཞི་ཅིཕིནདང་ལས་རོགས་ཚོས་སྐྱར་ཟློས་ཡང་ཟློས་ཀྱིས་ནན་བརྗོད་བྱེད་བཞིན་པ་ནི། སྤྱི་ཚོགས་ནང་ངོ་རྒོལ་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པ་དེ་རེད། ཉེན་རྟོག་སྡེ་ཁག་གི་ཚོད་རྩིས་ལྟར་ན། ལོ་རེའི་ནང་རྒྱལ་ནང་དུ་མི་དམངས་ཀྱི་ངོ་རྒོལ་དོན་རྐྱེན་ ༡༨༠༠༠༠ ཙམ་འབྱུང་གི་ཡོད་ཅིང་དེ་ནི་ལོ་རབས་དགུ་བཅུ་པ་ལས་ལྡབ་ ༢༠ མང་པ་ཆགས་ཀྱི་ཡོད་འདུ

མགོ་གཙོ་ཚོས་ངོ་རྒོལ་གྱི་ཡོ་ལངས་དེ་ནི་དབུལ་ཕྱུག་གི་བར་ཁྱད་ལ་བསྟན་པའི་ཁོང་ཁྲོའི་རྣམ་འགྱུར་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། བར་ཁྱད་དེ་ཆུང་དུ་གཏོང་པར་མགོ་གཙོ་ཚོས་མི་ལོ་བཅུ་ཕྲག་འགའི་དུས་ཚོད་བཏང་ཡོད་མོད། འོན་ཀྱངདངོས་བདེན་ནི་རྒྱ་ནག་མི་དམངས་ཀྱིས་དབང་ཆ་ཡོད་པ་མེད་པའི་བར་ཁྱད་ལ་བསྟན་པའིཁོང་ཁྲོ་ཞིག་ཡིན་ཡང དབང་འཛིན་པ་ཚོས་དཀའ་ངལ་དེར་མིག་བཞག་ནས་ལྟག་ཁུག་གིས་ཀྱང་ལྟ་ཡི་མེད། དྲང་བདེན་མིན་པའི་ཁྲིམས་ལུགས་གཉེར་སྟངས་དང་ལས་བྱེད་པའི་ལྐོག་ཟ་རུལ་སུངས་ཐོག་མི་དམངས་ཀྱིས་བསྟན་པའི་ཁོང་ཁྲོའི་རྣམ་འགྱུར་ལ་དབྱེ་ཞིབ་དང་གནས་བབ་འཕོ་འགྱུར་མ་འབྱུང་ཚེ། འབྱུང་འགྱུར་དབང་ཆ་རྒྱུན་འཛིན་བྱེད་ཐབས་ཀྱི་ཆབ་སྲིད་དབང་འཛིན་ནི་རེ་བ་སྟོང་ཟད་ཅིག་རེད

འདས་པའི་ལོ་ངོ་བཅུ་ཕྲག་གི་བསྒྱུར་བཅོས་དཀའ་སྤྱད་ལ་མ་ལྟོས་པར་དབུལ་ཕྱུག་གི་བར་ཁྱད་ཇེ་ཆེར་ཕྱིན་ཡོད་པ་མིག་མཐོང་ལག་ཟིན་ཡིན་སྟབསམགོ་གཙོ་གསར་པ་ཚོས་དེ་བས་འབད་བརྩོན་སྔར་ལྷག་བྱེད་འཆར་ཡོད་པ་ནི། གྲོངཁྱེར་ནང་ཁུལ་གྱི་ཡོང་འབབ་སྤར་རྒྱུ་དང་གཞུང་གཉེར་ཁེ་ལས་ཚོང་སྡེ་ཁག་གི་ཁེའབབ་ལ་གཞིགཔའི་ཁྲལ་མང་པ་བསྡུས་ཏེསྤྱི་ཚོགས་བདེ་དོན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་གྱི་བསམ་ཚུལ་འདོན་གྱི་ཡོད། ཕྱོགས་འགའ་རེ་ནས་ལས་འཆར་དེ་དོན་སྙིང་ལྡན་པ་ལྟ་བུསྣང་གི་ཡོད་མོད། ཡོང་འབབ་ཆ་བགོས་འཆར་རྩིས་དབྱེ་ཞིབ་རེའུ་མིག་ལ་གཞིགན།  རྒྱ་ནག་ནང་ཡོང་འབབ་འདྲ་མཉམ་མེད་པ་ནི་ཕྱི་ལོ་ ༡༩༨༠ ཙམ་ལ་༼་༢༨༽ནས་ཕྱི་ལོ་ ༢༠༠༧ ནང་༼་༤༩༽མངོན་གསལ་དོད་པོས་ཁྱད་པར་ཕྱིན་ཡོད། འཆར་རྩིས་དབྱེ་ཞིབ་རེའུ་མིག་འདིའི་ནང་རྒྱ་ནག་ནི་ཉི་ཧོང་༼་༣༡༽དང། རྒྱ་གར་༼་༢༨༽དང། ཨ་རི་༼་༣༦༽དང  ཨུ་རུ་སུ་༼་༤༤༽བཅས་དང་བསྡུར་ན་ཡོང་འབབ་འདྲ་མཉམ་མེད་པ་ཆགས་ཀྱི་ཡོད། རོབ་རྩིས་བྱས་ན་རྒྱ་མི་ས་ཡ་ ༡༠༠ ཙམ་ད་དུང་ཡང་ཆེས་ཉམ་ཐག་ཡིན། འོན་ཀྱངརྒྱ་མི་ས་ཡ་གཅིག་ལས་མང་པ་ས་ཡ་ཅན་གྱི་ཕྱུག་བདག་ཡིན་པ་དང་ཁོ་ཚོས་རྒྱས་སྤྲོས་ཅན་གྱི་ཁང་ཆེན་དང སྒེར་གཉེར་གནམ་གྲུ། ཕྱི་རྒྱལ་གྱི་རླངས་འཁོར་བཅས་ལོངས་སྤྱོད་བྱེད་ཀྱི་ཡོད

འདི་ལྟ་བུའི་འདྲ་མཉམ་མེད་པའི་གནས་སྟངས་འོག་དབུལ་ཕོངས་དང་འབྱོར་འབྲིང་མི་མང་སང་ལམ་ཐོག་ཐོན་ཏེ་ངོ་རྒོལ་གྱེན་ལངས་ཤིག་འབྱུང་ཡང་དེ་ལ་ཧ་སང་དགོས་པ་གང་ཡང་མེདཕྱི་ལོ་ ༢༠༠༠ ལོར་པེ་ཅིན་དང་ཕྱི་ལོ་ ༢༠༠༤ དང་ ༢༠༠༩ ལོར་རྒྱལ་ཡོངས་སུ་ངས་ཐེངས་མང་པོ་ཞིབ་འཇུག་བྱས་བརྒྱུད་རྒྱ་ནག་གི་མི་སེར་ཕལ་མོ་ཆེས་རྒྱལ་ནང་དུ་ཡོང་འབབ་འདྲ་མཉམ་མེད་པ་དེ་ཙམ་དཀའ་ངལ་ཅན་མིན་པ་དང་རྒྱལ་ཁབ་གཞན་གྱི་མི་སེར་རེབ་ཆེ་ཙམ་ཚོར་གྱི་ཡོད་འདུག དཔེར་ན། ངའི་རྒྱུས་ལོན་ཞིག་གི་སྐབས། ཕྱུག་བདག་ཆགས་པར་ཆ་རྐྱེན་ཅི་ཞིག་ལྡན་དགོས་པའི་སྐོར་ཕྱི་ལོ་ ༢༠༠༩ ལོའི་དྲི་རྩད་ཅིག་གི་སྐབས། རྒྱ་མི་བརྒྱ་ཆ་ ༧༣ གྱིས་དེ་ནི་རྒྱུ་རྐྱེན་གལ་ཆེན་ཞིག་༼དབང་ཆ་༽ལ་ཐུག་ཡོད་རེད་ཟེར། རྒྱལ་ཁབ་གཞན་དང་བསྡུར་སྐབས་ཕྱི་ལོ་ ༡༩༩༦ ལོར་ཨུ་རུ་སུའི་ནང་རྒྱུ་རྐྱེན་དེ་བརྒྱ་ཆ་ ༤༨ ཙམ་དང  ཕྱི་ལོ་ ༢༠༠༦ ལོར་འཇར་མན་ནང་རྒྱུ་རྐྱེན་དེ་བརྒྱ་ཆ་ ༥༢ ཙམ་ཆགས་ཀྱི་ཡོད་པ་དང། ཕྱི་ལོ་ ༡༩༩༡ ལོར་ཨ་རི་ནང་རྒྱུ་རྐྱེན་དེ་བརྒྱ་ཆ་ ༦༠ ཆགས་ཀྱི་ཡོད། དེ་བས་ཕྱི་ལོ་ ༢༠༡༡ ནང་ཐོན་པའི་གནས་ཚུལ་ཞིག་གི་ནང་ཨ་རིའིནང་བརྒྱ་ཆ་ ༤༣ ཙམ་གྱིས་ཕྱུག་བདག་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་འབད་རྩོལ་དང་དམིགས་ཡུལ། ཤེས་ཡོན་ལ་ཐུག་ཡོད་པ་རེད་ཅེས་བརྗོད

རྒྱ་ནག་གི་མི་དམངས་ཀྱིས་སྲིད་གཞུང་གིས་དབུལ་བོ་ཚོར་རོགས་སྐྱོར་མང་ཙམ་བྱེད་པའི་རེ་འདུན་འཆང་གི་ཡོད་མོད། སྤྱིར་བཏང་གི་ཡོང་འབབ་ཚད་ངེས་ཅན་དང་ཕྱུག་བདག་ལས་དབུལ་བོ་ལ་དཔའབྱོར་བགོ་འགྲེམས་བྱེད་མཁན་གྱི་རྒྱལ་ཁབ་གཞན་དང་བསྡུར་ན་རྒྱ་ནག་མི་དམངས་ཀྱི་རེ་འདུན་དེ་ནི་ཆུང་ཆུང་ཞིག་རེད། རྒྱ་ནག་ནང་དབུལ་ཕྱུག་གི་བར་ཁྱད་ཇེ་ཆེར་འགྲོ་བ་ནི་འགལ་ཟླ་ལྟ་བུ་ཞིག་ཏུ་སྣང རྒྱ་ནག་ནང་ཕྱུག་བདག་ཚོ་དེ་བས་ཕྱུག་ཏུ་འགྲོ་རྒྱུ་མེད་ཀྱང་དབུལ་ཕོངས་ཚོ་ནི་དེ་བས་ཉམ་ཐག་ཏུ་འགྱུར་བཞིན་ཡོད། འདས་པའི་ལོ་བཅུ་ཕྲག་གསུམ་ཙམ་རིང་ཕྱུག་འགྱུར་རླབས་ཆེན་བྱུང་ཡོད་ཀྱང་འཕེལ་རྒྱས་ཀྱི་འགྱུར་ལྡོག་ནི་དབུལ་ཕོངས་ལས་ཕྱུག་བདག་ཚོར་མྱུར་བ་ཆགས་ཡོད། ང་ཚོས་གནས་ཚུལ་རྒྱུས་ལེན་བྱས་པ་བརྒྱུད་བརྒྱ་ཆ་ ༦༠ བརྒལ་པས་ཁྱིམ་ཚང་གི་གནས་སྟངས་ལོ་ལྔའི་གོང་ལས་ལེགས་པ་ཡོད་ཟེར། བརྒྱ་ཆ་དེ་དང་ཕྱོགས་མཚུངས་པས་འབྱུང་འགྱུར་ནང་དེ་བས་བཟང་དུ་འགྲོ་བའི་རེ་བ་བྱེད། དཔའབྱོར་འཚོལ་སྒྲུབ་ནི་དམིགས་ཡུལ་ལྟ་བུ་ཞིག་མིན་པར་སྡང་འཛིན་བྱེད་ཡུལ་ལྟ་བུ་ཞིག་ཏུ་འགྱུར་ཡོད

སྐབས་གོང་མའི་སྲིད་གཞུང་གི་མགོ་གཙོ་ཚོས་ལས་དོན་ལྷན་ཁང་ཆེད་འཛུགས་ཀྱིས་སྐྱབས་མེད་མགོན་མེད་ཀྱི་མི་དམངས་རྣམས་ལ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་ཉམ་ཐག་ལས་སྒྲོལ་ཐབས་བྱས་ཡོད། ཞི་ཡི་སྔོན་གྱི་མགོ་གཙོ་ཧུའུ་ཅིའོ་ཡིས་འབྲུ་རིགས་ཁྲལ་མེད་བཟོས་པ་དང། སློབ་ཡོན་སྤྲོད་མི་དགོས་པའི་སློབ་གྲྭར་ངེས་པར་འགྲོ་དགོས་པ་དང་གྲོང་གསེཁག་ཏུ་སྨན་བཅོས་རོགས་སྐྱོར་ཁང་ཆེད་འཛུགས་བྱས། ཤེས་རྟོགས་བྱུང་པར་གཞིག་ན་ཕྱི་ལོ་ ༢༠༠༤ ལོར་གྲོང་གསེནང་བརྒྱ་ཆ་ ༡༥ ལ་སྨན་བཅོས་འགན་སྲུང་ཐོབ་ཡོད་པ་དང་ཕྱི་ལོ་ ༢༠༠༩ ལོར་བརྒྱ་ཆ་ ༩༠ ཙམ་ཟིན་ཡོད། ཡོང་འབབ་འདྲ་མཉམ་མེད་པའི་ཐད་མི་མང་གིས་དེ་ཙམ་དོ་སྣང་མི་བྱེད་པས་ཁོང་ཁྲོ་མེད་པ་མཚོན་མི་ཐུབ།

ལོ་རེར་ཉུངམཐར་ངོ་རྒོལ་དོན་རྐྱེན་སྟོང་ཕྲག་འགའ་ཞིག་འབྱུང་གི་ཡོད། དོན་རྐྱེན་དེ་དག་གི་རྒྱུ་རྐྱེན་ནི་ཡོང་འབབ་བར་ཁྱད་ལས་བྱུང་པ་ཞིག་མིན་པར་དབང་ཆ་འདྲ་མཉམ་མེད་པ་ལ་ཐུག་ཡོད། ཉེ་ཆར་གྱི་མི་མང་ངོ་རྒོལ་དོན་རྐྱེན་ཁག་ལ་ཞིབ་ཚགས་ཀྱིས་རྩད་ཞིབ་བྱས་མེད་པ་དེས་དབང་ཆ་འདྲ་མཉམ་མེད་པའི་གནད་དོན་མཚོན་གྱི་ཡོད།  འོན་ཀྱང་སྲིད་གཞུང་གིས་དོ་ཁུར་དང་བརྒྱུད་རིམ་ལྡན་པའི་ཐོག་ནས་དྲང་བདེན་མིན་པར་ཞིབ་བཤེར་བྱེད་མི་སྲིད། སྤྱིར་བཏང་མི་དམངས་ཀྱིས་གདུང་འབོད་བྱེད་དོན་ནི། གྲོང་འཁྱེར་འཛུགས་བསྐྲུན་ཆེད་ས་ཞིང་གཞུང་བཞེས་བཏང་པར་གུན་གསབ་དང་དོ་ཁུར་མི་བྱེད་པ་དང  མི་དམངས་དུག་རྫས་རིགས་ལས་སྲུང་སྐྱོབ་མེད་པ་དངབཟའ་བྱའི་རིགས་ལ་བསྲེསལྷདམང་པ་དང བཙན་དབང་གིས་སྐྱེ་སྒོའགོག་པ། འཆི་རྐྱེན་གནས་བབ་ལ་འགན་སྲུང་ཚད་ལྡན་མེད་པ། མི་མང་གི་ཐོན་རྫས་སྲིད་གཞུང་གི་ཁེ་འབབ་ཏུ་བཀོལ་པ་དང ཁྲིམས་མཐུན་མིན་པའི་བཙོན་འཇུག་དོ་དམ་བྱེད་པ་དང་བཙོན་པར་ལྟ་སྐྱོང་ལེགས་བཅོས་ཀྱི་དགོས་འདུན་འདོན་མཁན་རྣམས་འདས་གྲོངས་ཕྱིན་པ་བཅས་ལ་མི་དམངས་ཀྱིས་གདུང་འབོད་བྱེད་ཀྱི་ཡོད

རྒྱ་ནག་གི་མི་དམངས་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་ཐད་གོ་རྟོགས་སད་མཁན་མང་དུ་འགྲོ་བཞིིན་ཡོད། ཡིག་ཐོག་གི་ཁྲིམས་དང་འགྲོ་ལུགས་ཀྱི་ཆ་ནས་ཁོ་ཚོར་འོས་འཚམ་གྱི་སྲུང་སྐྱོབ་ཐོབ་ངེས་ཡིན་པ་ཤེས་ཀྱི་ཡོད་མོད། འོན་ཀྱང ཡིག་ ཐོག་ཏུ་བཀོད་པའི་དོན་དངོས་དང་ལག་ལེན་དངོས་ཀྱི་བར་ཁྱད་པར་ཆེན་པོ་ཡོད། གཏན་འབེབས་བྱས་པའི་འགྲོ་ལུགས་ཐོག་ནས་སྲིད་གཞུང་གིས་དྲང་བདེན་མ་བྱས་པར་གདོང་ལེན་བྱེད་སྐབས་རྒྱལ་ཁ་ཐོབ་རྒྱུ་དཀའ་བ་མ་ཟདདཀའ་སྙོག་གི་དྲ་བར་ཚུད་སྲིད། དེར་བརྟེན་ཁོ་ཚོས་སང་ལམ་ཐོག་འཐོན་གྱི་ཡོད་པ་རེད

དམར་ཤོག་སྲིད་གཞུང་གིས་མི་དམངས་ཀྱི་རེ་འདུན་ངོ་མ་གང་ཡིན་ཤེས་ཀྱི་ཡོད་པ་དང། སྲིད་གཞུང་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ལ་གདོང་ལེན་ནན་པོ་བྱེད་སེམས་ཡོད་པ་སྒྲོག་གི་ཡོད། འོན་ཀྱང་སྲིད་གཞུང་གིས་ཡོང་འབབ་འདྲ་མཉམ་མེད་པའི་རྒྱུ་མཚན་གཙོ་བོར་འཛིན་གྱི་ཡོད། དཔའ་འབྱོར་འདྲ་མཉམ་མེད་པ་ནི་ལས་དོན་གསར་པ་དང་ཐབས་ཚུལ་གསར་པ། མ་དངུལ་ཁ་སྣོན་ཐོག་ནས་ཐག་གཅོད་བྱེད་ཐུབ་ངེས། སྤྱིར་བཏང་ནས་གནད་དོན་འདི་དག་དབང་ཆ་འཐབ་རྩོད་ལ་བར་ཆད་མེད་པར་སྒྲུབ་ཐུབ་པ་ཞིག་རེད། དམར་ཤོག་སྲིད་གཞུང་གིས་དབུལ་ཕོངས་ཀྱི་དཀའ་སྙོག་སེལ་ཐབས་བྱས་ཡོད་མོད་མི་སེར་ནང་དབུལ་ཕྱུག་གི་ཁྱད་པར་ནི་བར་སྟོང་ཆེན་པོ་ཞིག་ཏུ་ལུས་ནས་ཡོད། དྲང་བདེན་མིན་པར་རྩོད་ལེན་བྱེད་རྒྱུ་ནི་དེ་བས་དཀའ་ཚེགས་ཅན་ཞིག་རེད། རང་དབང་ཅན་གྱི་ཁྲིམས་ལུགས་དང གསར་འགོད་རང་དབངམང་དོན་མཚུངས་པའི་རང་དབང་གི་ཚོགས་སྡེ། ཞི་བའི་འདུ་འཛོམས་བཅས་དགོས་ངེས་དག་དབང་འཛིན་པ་ཚོས་བཙན་བཀག་བྱེད་པ་ནི་རྒྱ་ནག་དམར་ཤོག་གི་ལཱེའི་ཉིལྟ་<གྲུབ་ཀྱི་སྙིང་རྩ་གག་སྲིད་པས་རེད

རྒྱ་ནག་མགོ་གཙོ་ཚོར་གཏོང་བཞིན་པའི་འཇིགས་སུ་རུང་པའི་རྨི་ལམ་ནི་མེཀཱལ་གྷོར་བྷ་ཅེའུ་ཡི་ཆབ་སྲིད་བསྒྱུར་བཅོས་ལས་བྱུང་པའི་ཨུ་རུ་སུའི་དམར་ཤོག་ཞིག་འཐོར་ཕྱིན་པ་བློ་བུར་དུ་སྐྱར་ཟློས་བྱེད་སྲིད་པ་དེ་རེད། འོན་ཀྱངཁོ་ཚོས་མུ་མཐུད་ནས་ཡོང་འབབ་འདྲ་མཉམ་མེད་པར་དོ་ཁུར་བྱེད་པ་ལས་ཆབ་སྲིད་སྒྲོམ་གཞི་ནང་དྲང་བདེན་མེད་པར་སྣང་འཇོག་མི་བྱེད་པས་རྒྱ་ནག་ནང་ཞི་བདེ་ལྷིང་འཇགས་ཤིག་བསྐྲུན་ཐུབ་མི་སྲིད། དེ་བས་དེ་ནི་མེ་འབར་པའི་ཐོག་བུད་ཤིང་ཆགས་ངེས།། །།

མ་རྩོམ་གྱི་དྲ་ཐག http://www.foreignaffairs.com/articles/139365/martin-king-whyte/china-needs-justice-not-equality?page=show 

ཤོག་ངོས་འདི་ཐེངས་ ༡༡༨༠ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།