ཆབ་མདོ། སྐར་ལྔའི་དར་དམར་དགོན་དང་ཤང་གྲོང་ཁེངས།

འདོན་སྤེལ། ༢༠༡༣/༠༦/༡༦

འོད་ཟེརགྱིས་བརྩམས།     ནགས་ཤོད་སད་མིས་བསྒྱུར།

བོད་རང་སྐྱོང་ལྗོངས་སུ་དགོན་ ༡༧༠༠ ལྷག་ཡོད་ལ།  དགོན་པ་ཐམས་ཅད་ལ་བཅའ་སྡོད་ལས་དོན་ཚོགས་ཆུང་ཡོད།  གོ་ཐོས་ལྟར་ན།   པེ་ཅིང་གི་འཆར་ཇུས་ནི་ལས་དོན་མི་སྣ ༣ སྟོང་དགོན་པར་མངགས་གཏོང་བྱ་རྒྱུ་དེ་རེད།  དོན་དངོས་སུ་ལས་དོན་མི་སྣ ༧ སྟོང་ལྷག་དགོན་པར་བསྡད་ཚར་ཡོད།  དེས་མ་ཚད།   བོད་རང་སྐྱོང་ལྗོངས་སུ་སྲིད་འཛིན་གྲོང་ཚོ ༤༥༠༠ ཡོངས་རྫོགས་ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཙུགས་ཡོད།  བོད་ཀྱི་དཔོན་པོ་ཞིག་གིས་གསར་འགྱུར་བརྒྱུད་ལམ་དུ་བཤད་པ་ལྟར་ན།  ལས་བྱེད་ཁྲི་ཚོ ༢ ལྷག་གྲོང་ཚོར་བསྡད་ཡོད་ཟེར།  གྲངས་ཀ་འདིའི་ནང་དུ་དགོན་པར་བཅའ་སྡོད་བྱས་པའི་ལས་བྱེད་ཚུད་ཡོད་མིན་མི་ཤེས།

ཆབ་མདོ་ས་ཁུལ་དུ།  དགོན་སྡོད་ལས་དོན་རུ་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གཉིས་ནི་བོད་རང་སྐྱོང་ལྗོངས་སུཡོད་དགོས་པ་དགུ་ལག་བསྟར་བྱ་ཆེད་རེད།   (དེ་དག་ནི་མགོ་ཁྲིད་བཞིའི་པར་ཡོད་པ།  རྒྱལ་དར་ཡོད་པ།  གཞུང་ལམ་ཡོད་པ།  ཆུ་ཡོད་པ།  གློག་ཡོད་པ།  རླུང་འཕྲིན་བརྙན་འཕྲིན་ཡོད་པ།  གློག་བརྙན་ཡོད་པ།  དེབ་ཁང་ཡོད་པ།  ཚགས་པར་ཡོད་པ་བཅས་རེད།)    ཕྱི་ལོ ༢༠༡༡  ལོ་མཇུག་ནས། ཆབ་མདོ་ས་ཁུལ་གྱི་དགོན་ ༥༠༠  ལ་ཉེ་བའི་ལྷ་ཁང་དང་གྲྭ་ཤག་ཡོད་ཚད་ཀྱི་ཁང་ཐོག་དང་  དེ་བཞིན་ཁྱིམ་ཚང་རེ་རེའི་ཁང་ཀླད་ཏུ་སྐར་ལྔའི་དར་དམར་འཛུགས་དགོས་ལ།  དེ་བཞིན་དགོན་པ་ཡོངས་རྫོགས་ཀྱི་ལྷ་ཁང་དང་གྲྭ་ཤག   དུད་ཁྱིམ་རེ་རེའི་ནང་རྒྱ་ནག་གི་མགོ་ཁྲིད་ཚོའི་འདྲ་པར་བཤམས་དགོས།   

དེས་མ་ཚད་འདྲ་པར་དེ་དག་ལ་དར་ཁ་ངེས་པར་གཡོགས་དགོས།  གལ་ཏེ་མཇལ་དར་གཡོགས་མེད་ཚེ་ཆབ་སྲིད་ཀྱི་གནད་དོན་ལ་བརྩི།   ཞིང་འབྲོག་ཁྱིམ་ཚང་དུ་སྐར་ལྔའི་དར་དམར་བཤམས་རྒྱུའང་རིན་པ་འཇལ་དགོས་ཀྱི་ཡོད། དར་དམར་རེ་རེའི་སྤུས་ཚད་ལྟར་སྒོར  ནས ༦ བར་རེད།   རྙིང་པ་ཆགས་ནས་གསར་པ་བརྗེ་བ་ལའང་སྒོར་མོ་ལེན་གྱི་ཡོདཡིན་ནའང་ད་ལོ་རིན་པ་བླངས་མ་སོང་ཟེར།   དགོན་སྡོད་ལས་དོན་རུ་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གཉིས་ནས་རྟག་ཏུ་གློ་བུར་གློ་བུར་ལ་གྲ་ཤག་དང་དུད་ཁྱིམ་སྔོག་བཤེར་བྱེད་འོང་  ད་ཆ།  ཆབ་མདོ་ས་ཁུལ་གྱི་དགོན་སྡེ་དང་ཤང་གྲོང་དག་ལ་བསྐྱོད་དུས།   མིག་ལམ་དུ་སྣང་འོང་བ་ནི་རླུང་བུས་རྡེབ་བཞིན་པའི་ཀླུང་རྟ་མིན་ལ།   དེ་ནི་དམར་ལེབ་ལེབ་ཀྱི་སྐར་ལྔའི་དར་དམར་རེད། 

རེད་དེ་ཡ་མཚན་པ་ཞིག་ལ།   གལ་ཏེ་པེ་ཅིང་དང་ཡང་ན་རྒྱ་ས་གཞན་དག་གི་མགོ་ཁྲིད་ས་གནས་སུ་ལས་དོན་རྟོག་ཞིབ་ལ་འབྱོར་ཚེ།   ལས་དོན་རུ་ཁག་ནས་གྲྭ་པ་དང་མི་དམངས་ལ་སྐབས་འཕྲལ་རིང་དར་དམར་ཕྱིར་བསྡུ་བྱ་བཅུག་གི་ཡོད།  ལས་དོན་རྟོག་ཞིབ་ཚོགས་པ་ཐོན་ཚར་རྗེས་དར་དམར་ངེས་པར་བསྐྱར་འཛུགས་བྱེད་དགོས་ཀྱི་ཡོད།   ཉེ་བའི་ཆར།   སི་ཁྲོན་ཞིང་ཆེན་གྱི་ཤེས་རིག་ལས་ཁུངས་དཔོན་པོ་ཞིག་མིང་གྲགས་ལྡན་པའི་ཀརྨ་དགོན་པར་ལྟ་སྐོར་ལ་འགྲོ་དུས།  དགོན་པའི་ལྷ་ཁང་དང་གྲྭ་ཤག་ཐོག་གི་དར་དམར་སྔ་ས་ནས་ཕབ་ཚར་ཡོད

འདི་ལོའི་ཟླ་བ་གསུམ་པའི་ནང་  དགོན་སྡོད་ལས་དོན་རུ་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གཉིས་ནས་དུད་རེ་ངོ་རེ་བྱས་ནས་ཞིབ་བཤེར་བྱས།   གྲྭ་པ་དང་གྲོང་མིའི་རླངས་འཁོར་རམ་སྦག་སྦག་སོགས་ཀྱི་མོ་ཌའི་ས་སྣུམ་དང་   ཁྲའེ་ཡིའུ་སྣུམ་བཅས་གཞུང་ལེན་བྱས།   གལ་ཏེ།  ས་སྣུམ་ཉོ་དགོས་ཡོད་ཚེ་ངེས་པར་དུ་ཐོབ་ཐང་ལག་ཁྱེར་སྤྱད་ནས་ས་སྣུམ་ཉོ་བྱེད་ཀྱི་འཛིན་བྱང་བཟོ་དགོས།   ད་གཟོད་གཞི་ནས་སྣུམ་སྣོན་ཚུགས་ལ་སོང་ནས་ས་སྣུམ་བླུགས་ཐུབ་ཀྱི་ཡོད་པ་རེད།  དེ་མིན་ས་སྣུམ་བླུགས་ཐུབ་ཀྱི་ཡོད་པ་མ་རེདཡང་གལ་ཏེ།  བོད་ཁུལ་གཞན་དཔེར་ན་སི་ཁྲོན་དང་  མཚོ་སྔོན་གྱི་བོད་མིས་ས་སྣུམ་ཉོ་བར་ཡོང་ན་ས་སྣུམ་གཏན་ནས་བླུགས་ཀྱི་ཡོད་པ་མ་རེད། དེ་དང་མཉམ་དུ།  བོད་མི་ཚོས་ཡིག་ཆ་ཞིག་གི་སྟེང་དུ་མིང་རྟགས་འགོད་དགོས་ལ།  མཛུབ་རིས་ཀྱང་དཔར་དགོས།  འདིའི་ནང་དུ་ཕྲུ་གུའང་ཚུད་ཡོད།   

དྲིལ་བསྒྲགས་བྱས་པ་ལྟར་ན།   གལ་ཏེ་ཁྱིམ་མི་སུ་ཞིག་རང་སྲེག་བྱས་ཚེ།  ཁྱིམ་ཚང་དེར་གཞུང་གི་ལས་བྱེད་ཡོད་ན་ལས་གནས་ལས་འཕུད་རྒྱུ་དང་   ཁྱིམ་ཚང་དེར་གཞུང་གི་ལས་བྱེད་པ་མེད་ན།   ཁྱིམ་མི་ཆ་ཚང་འཛིན་བཟུང་གཏུག་རྒྱུ   གྲོང་མི་སུ་ཞིག་རང་སྲེག་བརྩམས་ཚེ།    གྲོང་ཚོ་དེའི་ཆུང་ཙག་འགན་ལེན་སོགས་ལྟ་སྐྱོང་ལས་གཞི་ཡོངས་རྫོགས་རྩིས་མེད་གཏོང་རྒྱུ་དང་   གྲོང་མི་ཚང་མ་འཛིན་བཟུང་བྱ་རྒྱུདགོན་པའི་གྲྭ་པ་ཞིག་གིས་རང་སྲེག་བྱས་ན།   དགོན་པ་སྒོ་རྒྱག་རྒྱུ་དང་གྲྭ་དམངས་འདྲི་རྩད་བྱ་རྒྱུ   རང་སྲེག་པའི་སླད་དུ་སྨོན་ལམ་འཚོགས་པའི་དགོན་པ་དང་གྲྭ་པ་དེ་དག་ལ།   ཐུན་མོང་གིས་མི་བསད་པའི་ཉེས་བསགས་ལྟར་ཐག་གཅོད་བྱ་རྒྱུ

ན་ནིང་ནས་བཟུང་ཆབ་མདོ་ས་ཁུལ་གྱི་དགོན་ ༥༠༠ ཉེ་བ་དེ་དག་གི་གྲྭ་བཙུན་ཡོངས་རྫོགས་དགོན་པ་ལས་ཕྱིར་ཐོན་མི་ཆོག་པའི་གཏན་འབེབས་བྱས་ནས་རང་སོ་སོའི་དགོན་པར་སྡོད་དགོས་ཀྱི་ཡོད།  ཅི་སྟེ་དོན་དག་ཞིག་གི་སླད་དུ་ཕྱིར་ཐོན་དགོས་ཡོད་ན།  དགོན་སྡོད་ལས་དོན་རུ་ཁག་ནས་ཉིན   དུས་ཚོད་སྤྲོད་ལ།   དེ་ལས་མང་བའམ་ཉིན  ༡༥ ནང་ཚུན་ལ་ས་གནས་ཤང་ཀྲང་དང་ཧྲུའུ་ཅིའི་བཀའ་འཁྲོལ་ཐོབ་དགོས།    དུས་ཆད་ནང་རང་གནས་སུ་ལོག་ཐུབ་མེད་རིགས་ལ་སྲིད་གཞུང་ལ་ཁ་གཏད་གཅོག་གི་ཡོད་པ་བརྩི་འགྲོ་ལ།  དེ་ནས་ཆད་པའང་གཅོད་འོང་ཤེས་གསལ་ལྟར་ན།   སྔ་ལོའི་ནང་ཆབ་མདོ་ས་ཁུལ་གྱི་གྲྭ་པ་གཅིག་ཀྱང་ལྷ་སར་བསྐྱོད་ཐུབ་མེད།   འདི་ལོའི་ནང་། མིག་སྔར་གྲྭ་     ཡིས་ལྷ་སར་བསྐྱོད་ཆོག་པའི་ལག་ཁྱེར་རག་པ་རེད

ཡང་གལ་ཏེ་དགོན་པ་འདི་དང་གྲོང་ཚོ་དེའི་མི་གང་ཞིག་དགོན་པ་དང་གྲོང་ཚོ་གཞན་ལ་འགྲོ་དགོས་ཡོད་ཚེ།   ས་གནས་དེ་གར་འབྱོར་འཕྲལ་ངེས་པར་དགོན་སྡོད་ལས་དོན་རུ་ཁག་གམ་གྲོང་སྡོད་ལས་དོན་རུ་ཁག་སར་སྙན་སེང་ཞུ་དགོས་ལ་མིང་ཐོ་ཡང་འགོད་དགོས།   དེ་མིན་ཁོང་ཚོས་ཧ་གོ་ཚེ།   ས་ཆ་དེ་ནས་བསྐྲོད་རྒྱུ་མ་ཟད་ཆད་པའང་གཅོད་འགྲོ  གལ་ཏེ་བོད་ཁུལ་གཞན་དཔེར་ན་སི་ཁྲོན་དང་  མཚོ་སྔོན་གྱི་བོད་མི་ཞིག་ཆབ་མདོར་འགྲོ་དགོས་ན་ཉུང་མཐར་ལག་ཁྱེར  ཚང་དགོས། ཐོབ་ཐང་ལག་ཁྱེར་དང་གྲྭ་པའི་ལག་ཁྱེར་ཕུད།  ད་དུང་གྲོང་ཚོ།  ཤང་  མངགས་གཏོང་ཁང་   སྤྱི་བདེ་ཅུས་སོགས་ཀྱི་ལག་ཁྱེར་ཡོད་དགོས། 

ཆབ་མདོ་རྫོང་གི་གཞུང་ལམ་ཡོངས་སུ་རྫོགས་ ( གནམ་ཐང་ལ་ཟུག་པའི་གཞུང་ལམ་དང་ཡུལ་སྐོར་གཞུང་ལམ་ཕུད། )   ཞིབ་བཤེར་ས་ཚིགས་བཙུགས་ཡོད།  ཆབ་མདོ་རྫོང་ནས་སྨད་མདའ་ཤང་བར་གྱི་ལམ་ཐག་སྤྱི་ལེ ༡༧༠ ལས་མེད་ནའང་ཞིབ་བཤེར་ས་ཚིགས་ཆེ་ དང་ཆུང་ ཡོད།  སྦག་སྦག་འགྲོ་སྐྱོད་བྱ་ཆོག་གི་མེད།   ས་གནས་གྲོང་མི་དང་དགོན་པའི་འཁོར་ཆུང་རྣམས་རྡེ་གདང་ཟེར་བའི་ཞིབ་བཤེར་ས་ཚིགས་སུ་སྒོར ༢༠༠ འཇལ་དགོས་ཀྱི་ཡོད།   དེ་ནི་ཏན་ཏན་ཞིབ་བཤེར་ས་ཚིགས་རང་ཉིད་ཀྱི་གཏན་འབེབས་ཙམ་ཡིན།   འཁོར་ཆེན་ཡང་རིན་པ་བསྡུ་དགོས་མོད་ཅི་ཙམ་བསྡུ་གི་ཡོད་མེད་མ་ངེས།    བོད་མི་ཞིག་ཡིན་ཕྱིན་ཞིབ་བཤེར་ས་ཚུགས་དག་ལས་ལུས་བཤེར་བཟོ་དགོས་ལ།   ད་དུང་ལྟོ་ཕད་དང་ཁ་པར་ལ་ཞིབ་བཤེར་ནན་མོ་རེ་བྱ་འོང་   གལ་ཏེ་ཁ་པར་ནང་དུ་གོང་ས་མཆོག་གི་སྐུ་པར་དང་བཀག་གཞས  ( ཁྲིམས་འགལ་གླུ་གཞས )  སོགས་ཉར་ཡོད་ཚེ།  ས་ཆ་དེ་ག་རང་ནས་བཀག་ཉར་བྱེད་ཀྱི་རེད། 

༢༠༡༣    

ཤོག་ངོས་འདི་ཐེངས་ ༡༨༣༣ ལ་བཀླགས་འདུག
རིག་པ་འདོན་པ།
བདེན་པའི་རྒྱལ་སྲས།
༢༠༡༣/༠༦/༡༧ ཉིན་འདོན་སྤེལ་བྱས།
སྐར་ལྔའི་དར་ཆ་དབུ་མའི་དགོངས་དོན་རེད།
དེ་འཕྱར་ན་ཧ་ལས་ཧོན་འཐོར་རྒྱུ་ཅི་ཡོད།
བཙན་བྱོལ་ནའང་ཕྱར་ཟིན་པ་རེད་ལ།
ད་དུང་འཕྱར་དགོས་ཀྱི་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།