པོ་ཏ་ལ་རྫུན་མ་དང་ལོ་རྒྱུས་བཅོས་མ་ཞིག

འདོན་སྤེལ། ༢༠༡༣/༠༨/༡༩

བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་ཚོགས་ཆུང་གིས་བརྩམས། ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར།

པར་འདི་ནི་པེ་ཅིང་དུ་གནས་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་ངོ་དེབ་ལས་བཤུས།

ཨ་རིའི་རླབས་ཆེན་གྱི་རྩོམ་པ་པོ་ཝེས་ལེམ་ཧྥོལ་ཁི་ནིར་(William Faulkner)གྱི་བརྩམས་ཆོས་བཙུན་མ་ཞིག་གི་གཤིན་པོའི་འདས་མཆོདཞེས་བའི་ནང་དུ།འདས་དོན་ནི་རྩ་ནས་ཤི་མེད། དེ་ནི་ཐ་ན་འདས་བའང་མ་རེད།གདམས་ངག་འདིར་བོད་དོན་གྱི་གནས་བབ་དང་འདྲ་བའི་ཆ་མང༌། ཐ་ན་ཧྥོར་ཁི་ལིལ་གྱི་བརྩམས་ཆོས་ཀྱི་མིང་ཡང་རང་ལུས་མེར་བསྲེགས་ཀྱི་དུས་སྐབས་འདིའི་ནང་དུ་ཧ་ཅང་འོས་འཚམ་ཞིག་རེད།

གལ་ཏེ། ལོ་རྒྱུས་ལ་གསོན་ཤུགས་མེད་པ་མ་ཟད། ཐ་ན་ལོ་རྒྱུས་ཞེས་པ་ཞིག་གནས་མེད་ན། ང་ཚོས་ལོ་རྒྱུས་ལ་ལྟ་སྟངས་ཇི་འདྲ་འཛིན་དགོས་པ་དང༌། ལོ་རྒྱུས་ནི་གནའ་རབས་ཀྱི་མི་བུ་ཚོའི་བྱིན་རླབས་ཅན་གྱི་ངོ་བོ་ཡིན་མིན། ལོ་རྒྱུས་ནི་ཆབ་སྲིད་ཀྱི་ལག་ཆ་ཞིག་དང༌། ལོ་རྒྱུས་ནི་འགྱུར་མེད་གཏན་འཇགས་ཤིག་རེད་དམ། ཡང་ན་ལོ་རྒྱུས་འཁྱོག་བཤད་ཆེས་ཆེར་བྱས་ན་ལོ་རྒྱུས་འཐོར་ཞིག་ཏུ་འགྲོ་བའི་དྲི་བ་འདི་དག་གདོན་གྱི་རེད།

ད་ལྟའི་དུས་སུ། ལྷ་སར་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་འཐབ་འཛིང་གསར་བ་ཞིག་བྱེད་མགོ་ཚུགས་འདུག འོད་ཟེར་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ལ་གཞིགས་ན། བོད་ནང་གི་རྒྱ་ནག་དཔོན་རིགས་ཚོས་ཨ་སྒོར་ས་ཡ་ ༡༢༠ བཏང་སྟེ། བོད་པ་ཚོར་རྒྱ་བོད་བར་གྱི་མཐུན་སྒྲིལཞེས་པའི་གཏམ་རྒྱུད་དག་ཁས་ལེན་འཇུག་ཆེད།   སྐྱིད་ཆུའི་འགྲམ་དུ་པོ་ཏ་ལ་རྫུན་མ་ཞིག་གསར་བཟོ་བྱས་འདུག དོན་དག་འདིས་ལོ་རྒྱུས་ནི་འདས་མ་ད་གསུམ་གྱི་དུས་སུ་ཇི་ལྟར་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ན་འགྲིག་མིན་གྱི་དྲི་རྟགས་ཤིག་འགོད་ཀྱི་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ།

རྒྱ་ནག་དཔོན་རིགས་ཚོས་ཡུལ་སྐོར་བ་ཇེ་མང་དང་ཁོང་ཚོར་བོད་ཀྱི་བདག་དབང་ཡོད་པའི་དྲིལ་བསྒྲགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་ཆེད་ཕྱི་ཟླ་ ༨ པའི་ཚེས་ ༡ ནས་ལྷ་སར་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་ཅན་གྱི་རྒྱ་བཟའ་ཀོང་ཇོའི་སྐོར་གྱི་ཟློས་གར་ཞིག་འཁྲབ་སྟོན་བྱེད་མགོ་བཙུགས་ཡོད།

རྒྱ་བཟའ་ཀོང་ཇོའི་སྐོར་གྱི་ཟློས་གར་ཏེ་འཁྲབ་སྟོན་པ་ ༦༠༠ ལྷག་གིས་མི་ཌར་ ༡༠༠ ཅན་གྱི་གར་སྟེགས་ཤིག་གི་སྟེང་དུ་གོང་ས་མཆོག་གི་སྔོན་གྱི་བཞུགས་གནས་པོ་ཏ་ལར་ཁ་གཏད་པའི་པོ་ཏ་ལ་རྫུན་མ་དེའི་ནང་དུ་འཁྲབ་སྟོན་བྱས་ཡོད། འཁྲབ་སྟོན་འདི་ནི་ལྷ་ས་ཧྲིལ་བོ་དམག་མིས་དམ་དྲག་བྱས་ཤིང༌། ཁང་སྟེང་ཡོད་ཚད་ལྐོག་ལྟའི་བརྙན་ཆས་ཀྱིས་ཁེངས་བ། མི་སེར་རྣམས་ལྟ་རྟོག་ནན་མོ་དང་ལྟ་བའི་དྲིལ་བསྒྲགས་ཤུགས་ཆེན་གྱི་འོག་ཏུ་ཡོད་པའི་སྐབས་ཤིག་ལ་བཀོད་སྒྲིག་བྱས་ཡོད། 

རྒྱ་གཞུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟློས་གར་འདི་ལོ་ལྟར་ཐེངས་ ༡༨༠ ལ་འཁྲབ་སྟོན་བྱ་རྒྱུ་བྱས་འདུག ཟློས་གར་འདིའི་འཁྲབ་གཞུང་ནི་རྒྱ་ནག་གཞུང་ཕྱོགས་ནས་བྲིས་པ་དང༌། བརྗོད་དོན་གཙོ་བོ་ནི་དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཇོས་བོད་མིར་དཔལ་ཡོན་དར་བཅུག་པ་དང་བོད་ལ་འཆམ་མཐུན་འཁུར་ཡོང་སྐོར་རེད།

སྲིད་དོན་ལ་དམིགས་ཏེ་ལོ་རྒྱུས་འཁྱོག་བརྗོད་བྱས་པར་འོད་ཟེར་གྱིས་སྐྱོན་བརྗོད་བྱས།

ཆབ་སྲིད་དང་དཔལ་འབྱོར་གཞི་རུ་བཟུང་བའི་ལས་འཆར་གྱི་ཤུགས་རྐྱེན་འོག་ཏུ། རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་དེ་བསམ་བློ་སྒྱུར་བའི་ལག་ཆ་ཆགས་པ་རེད། ཟློས་གར་འདིས་དེང་དུས་ཀྱི་གློག་གི་ལག་རྩལ་གྱི་ཐོན་རྫས་གསར་ཤོས་དག་བེད་སྤྱོད་ཀྱིས་འདས་སོང་གི་གཟི་དཔལ་ཞིག་བསྐྱར་གསོ་བྱེད་པའི་ཐབས་ཤེས་བྱེད་ཀྱི་འདུག འོན་ཀྱང༌། ང་ཚོས་འདས་སོང་གཟི་དཔལ་ཞིག་གི་སྙན་གྲགས་སྤེལ་བཞིན་ཡོད་པའི་སྐོར་གླེང་ཚེ། ཐང་རྒྱལ་རབས་ཀྱི་གཟི་དཔལ་གྱི་སྙན་གྲགས་སྤེལ་གྱི་ཡོད་པ་རེད་དམ།  ཡང་ན། ད་ལྟའི་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་གཟི་དཔལ་སྙན་གྲགས་སྤེལ་གྱི་ཡོད། འདི་ནི་ཕལ་ཆེར་རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་བེད་སྤྱོད་ཀྱིས་རྒྱ་ནག་གི་རྨི་ལམ་གྱི་གྲགས་པ་སྤེལ་གྱི་ཡོད་པ་རེད།  རྨི་ལམ་དེ་ནི་རྒྱའི་རིང་ལུགས་ཅན་ཏུ་སྒྱུར་ཐབས་ལས་གཞན་ཅི་ཡང་མ་རེད།

ཡུན་རིང་མ་འགོར་བའི་སྔོན་ལ།  དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོས་ལྷ་སར་རྒྱ་བཟའ་ཀོང་ཇོའི་སྐོར་གྱི་ཆེད་དོན་བགྲོ་གླེང་ཞིག་བསྡུས་བ་རེད། འབྲེལ་ཡོད་ཀྱི་གནས་ཚུལ་ལྟར་ན། ཆེད་དོན་བགྲོ་གླེང་དེའི་སྐབས་སུ་བོད་ཀྱི་ཡུལ་སྐོར་ལྷན་ཁང་གིས་རྒྱ་བཟའ་ཀོང་ཇོ་དཀྱིལ་སྙིང་དུ་བཟུང་བའི་གླིང་ག་དང་ཟློས་གར་ཁང་བཟོ་སྐྲུན་བྱེད་པའི་གྲོས་མགོ་བཏོན་འདུག བགྲོ་གླེང་དེར་མཁས་དབང་དང་གསར་འགོད་པ། སྒྱུ་རྩལ་བ་མང་པོ་གདན་འདྲེན་ཞུས་ཏེ།རྒྱ་བཟའ་ཀོང་ཇོའིལོ་རྒྱུས་ཀྱི་ཁུངས་ལུང་གཙོ་བོ་ཞིག་ལ་བརྩིས་ཏེ་ཇི་ལྟར་རྒྱ་བོད་བར་གྱི་འཆམ་མཐུན་གོང་མཐོར་གཏོང་བའི་གྲོས་བསྡུར་བྱས་འདུག

འོད་ཟེར་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་ལྟ་ཚུལ་གཞིར་བཞག་ན། རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ཆུང་བ་རྒྱ་བཟའ་ཀོང་ཇོ་ནི་རྒྱ་བོད་གཉིས་ཀྱི་རྒྱལ་ཁབ་གཅིག་གྱུརདང་མཐུན་སྒྲིལ་གྱི་མཚོན་རྟགས་ལྟ་བུར་ངོས་འཛིན་གྱིས་བསམ་བློ་སྒྱུར་བའི་བྱ་སྤྱོད་ཉེན་ཚབས་ཅན་ཞིག་ལག་བསྟར་བྱེད་ཀྱི་འདུག

ལོ་རྒྱུས་ཀྱི་སྤྱོད་སྒོ་དང་རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་ཀྱི་ཐད་ལ་སྲིད་སྐྱོང་བློ་བཟང་སེང་གེའི་ ༢༠༠༤ ལོའི་རྩོམ་ཡིག་བོད་ནང་གི་རྒྱ་ནག ལོ་ངོ་བཞི་བཅུའི་རིང་གི་བཅིངས་འགྲོལ་རེད་དམ་བཙན་བཟུང་རེད།”()ཅེས་བའི་ནང་དུ་ལྟ་ཚུལ་མི་འདྲ་བ་ཞིག་བཏོན་འདུག རྩོམ་ཡིག་དེའི་ནང་དུ། རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་དེ་བེད་སྤྱོད་གཏོང་ཐབས་བྱེད་པ་དེས་བོད་མི་ཚོ་རྒྱ་མི་དང་མཉམ་དུ་ཞི་བའི་སྒོ་ནས་མཉམ་གནས་བྱེད་ཐུབ་པ་དང་བརྩི་བཀུར་བྱེད་པ་མཚོན་གྱི་ཡོད་ཀྱི་ཡོད།སྲིད་སྐྱོང་གི་རྩོམ་ཡིག་དེའི་ནང་དུ། བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་བ་དེས་རྒྱ་བོད་བར་གྱི་ལོ་རྒྱུས་ལྡན་པའི་འཆམ་མཐུན་གྱི་དུས་རབས་ཤིག་མཚོན་གྱི་ཡོད་ཅེས་བཀོད་འདུག ཁོང་གིས་ང་ཚོར་འབྲེལ་བ་དེའི་སྤྱི་ཁོག་ཡོད་ཚད་བསྐྱར་གསོ་བྱེད་པའི་ལམ་ཁ་ཞིག་ཡོད་དམ།སྲིད་སྐྱོང་གིས་བོད་ཀྱི་གནས་མཇལ་བ་ཚོས་གཙུག་ལག་ཁང་དུ་ཡོད་པའི་སྲོང་བཙན་སྒམ་པོ་དང་ཁོང་གི་བཙུན་མོ་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་ཀོང་ཇོའི་མདུན་དུ་ཕྱག་འཚལ་གྱི་ཡོད་པ་དེས་བོད་ཀྱི་གནས་མཇལ་བ་ཚོས་རྒྱ་ནག་གི་སྲས་མོར་ཕྱག་འཚལགྱི་ཡོད་པའི་ལུང་འདྲེན་བྱས་འདུག སྲིད་སྐྱོང་གི་བསམ་ཚུལ་གཞིར་བཞག་ན།བོད་ཀྱི་གནས་མཇལ་བ་ཚོས་ལོ་ངོ་སྟོང་ཕྲག་གཅིག་ལྷག་རིང་ལ་རྒྱ་བཟའ་ཀོང་ཇོའི་སྐུ་འདྲར་བརྩེ་བ་དང་གུས་ཞབས་ཆེན་པོ་བྱས་པ་དེ་ནི་རྒྱ་བོད་མི་རིགས་བར་ལ་རྒྱུན་གནས་ཀྱི་འཁོན་སེམས་མེད་པའི་རྟགས་མཚན་རེད།༢༠༡༡ ལོར་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེའི་ ༢༠༠༤ ལོའི་རྩོམ་ཡིག་ཚུད་པའི་ད་བར་པར་བསྐྲུན་བྱས་པའི་བརྩམས་ཆོས་ཁག་ལ་བསྐྱར་ཞིབ་()བྱས་ཡོད་སྟབས། འདིར་རྒྱས་བར་སྤྲོས་དགོས་དོན་མ་མཆིས།

དེ་ལས་ང་ཚོས་འོད་ཟེར་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌། སྲིད་སྐྱོང་བཅས་ཀྱི་ལྟ་ཚུལ་མི་འདྲ་བ་རྣམས་འདིར་ཕྱོགས་གཅིག་ཏུ་སྒྲིལ་ཡོད། ཁོང་ཚོ་ཚང་མས་བོད་དོན་གྱི་ཆེད་དུ་ནུས་བ་འདོན་གྱིན་ཡོད་པས། གོང་དུ་དྲངས་བའི་ལོ་རྒྱུས་ཀྱི་གནད་དོན་ཏེ་གལ་ཆེན་པོ་ཞིག་ཡིན་པ་མཚོན་གྱི་འདུག ང་ཚོས་ཧྥོར་ཁི་ནིར་གྱི་གཏམ་དེ་བདེན་པ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ལོ་རྒྱུས་ནི་གསོན་པོ་དང་ད་ཡོད་ཞིག་རེད། དེར་བརྟེན། ང་ཚོས་བོད་དོན་འཐབ་རྩོད་ཀྱི་ནང་དུ་ཡོད་པའི་བོད་མི་ཚོས་རང་གི་ལོ་རྒྱུས་ཇི་འདྲ་ཞིག་ཡིན་མིན་དང༌། གང་འདྲ་ཞིག་ལ་འགྱུར་མིན། མཐའ་མར་ཅི་ཞིག་ལ་འགྱུར་མིན་གྱི་ཐད་ནས་བསམ་གཞིགས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ཡིད་ཆེས་ཡོད།

མཆན།

མ་རྩོམ་གྱི་དྲ་འབྲེལ། http://tibetanpoliticalreview.org/

༡།  སྲིད་སྐྱོང་གི་ ༢༠༠༤ ལོའི་རྩོམ་ཡིག་གི་དྲ་འབྲེལ། http://www.tibet.ca/en/newsroom/wtn/archive/old?y=2000&m=4&p=22-2_1

༢།  བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱིས་སྲིད་སྐྱོང་གི་བརྩམས་ཆོས་ཁག་བསྐྱར་ཞིབ་བྱས་པའི་རྩོམ་ཡིག་གི་དྲ་འབྲེལ།

http://www.tibetanpoliticalreview.org/project-updates/areviewofdrlobsangsangay%E2%80%99spublishedscholarlyworks

ཤོག་ངོས་འདི་ཐེངས་ ༢༣༢༥ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༨/༡༩ ཉིན་འདོན་སྤེལ་བྱས།
ད་ལྟའི་དུས་སུ། ལྷ་སར་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་འཐབ་འཛིང་གསར་བ་ཞིག་བྱེད་མགོ་ཚུགས་འདུག འོད་ཟེར་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ལ་གཞིགས་ན།
བོད་ནང་གི་རྒྱ་ནག་དཔོན་རིགས་ཚོས་ཨ་སྒོར་ས་ཡ་ ༡༢༠ བཏང་སྟེ། བོད་པ་ཚོར་རྒྱ་བོད་བར་གྱི་“མཐུན་སྒྲིལ”ཞེས་པའི་གཏམ་རྒྱུད་དག་ཁས་ལེན་འཇུག་ཆེད།
སྐྱིད་ཆུའི་འགྲམ་དུ་པོ་ཏ་ལ་རྫུན་མ་ཞིག་གསར་བཟོ་བྱས་འདུག དོན་དག་འདིས་ལོ་རྒྱུས་ནི་འདས་མ་ད་གསུམ་གྱི་དུས་སུ་ཇི་ལྟར་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་ན་འགྲིག་མིན་གྱི་དྲི་རྟགས་ཤིག་འགོད་ཀྱི་ཡོད། ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།