སློབ་ཕྲུག་ཚོས་མ་ཎི་འདོན་མི་ཆོག་ཟེར།འདོན་སྤེལ། ༢༠༡༠/༠༥/༢༥
རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་བོད་རིགས་སློབ་ཆུང་གཉིས་སུ་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར་བཤམས་མི་ཆོག་པ་དང་མ་ཎི་བགྲང་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག
རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དང་རྨ་ཆུ་རྫོང་སློབ་ཆུང་གི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བར་བརྟེན། ཉེ་བའི་དུས་ནས་བཟུང་རྒྱ་གཞུང་གིས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཙོས། མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་འགྲུབ་རྒྱལ་བཅས་རླབས་ཆེན་གྱི་མི་སྣ་དག་གི་འདྲ་པར་བཤམས་པར་བཀག་འགོག་བྱས་ཡོད་པར་མ་ཟད། སློབ་གྲྭའི་ནང་མ་ཎི་འདོན་པ་དང་ཕྱག་ཕྲེང་སོགས་ཆོས་ཕྱོགས་ཀྱི་ཅ་དངོས་ཅི་ཡང་ཉར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག་ལ། དགེ་རྒན་གྱི་སློབ་གསོའི་ལས་དོན་འཐུས་ཤོར་གྱི་དབང་གིས་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་བྱུང་ཚུལ་བརྗོད་དེ། སློབ་གྲྭའི་དགེ་རྒན་བློ་བཟང་དར་རྒྱས་དང་པདྨ་རྡོ་རྗེ་རྣམ་གཉིས་ཀྱི་ལོ་ལྔའི་གླ་ཕོགས་གཞུང་བཞེས་དང་། གཞན་དགེ་རྒན་ཁག་ཅིག་གིས་ལོ་ ༣ གྱི་གླ་ཕོགས་གཞུང་བཞེས་བཏང་ཡོད་པ་མ་ཟད། དགེ་རྒན་ཁག་ཅིག་ལ་ཟླ་རེའི་གླ་ཕོགས་རྒྱ་སྒོར་བདུན་བརྒྱ་སྤྲོད་ཀྱིན་ཡོད་འདུག་ལ། བསྡོམས་པའི་
|