Notice: Undefined offset: 9 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 10 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 11 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 12 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 13 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 14 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 15 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 16 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 17 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 18 in /home/tibettim/public_html/includes/functions/browser.detection.php on line 446

Notice: Undefined offset: 19 in /home/tibettim/public_html/includes/functions/browser.detection.php on line 446

ལམ་བཟང་རྟགས་མ།

འདོན་སྤེལ། ༢༠༡༠/༠༧/༢༦

ཟླ་འདིའི་ཚེས་མགོར་བོད་ལྗོངས་དགེ་འོས་སློབ་ཆེན་གྱི་ཚོགས་ཁང་ནང་  ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྐབས་དང་པོའི་ལམ་བཟངརྟགས་མའི་སྙན་ངག་གྱེར་འདོན་འགྲན་བསྡུར ཟེར་བ་ཞིག་སྐོང་ཚོགས་བྱས་ཡོད་ཅིང་ འགྲན་བསྡུར་དེར་བཞུགས་མཁན་བོད་ལྗོངས་སློབ་གྲྭ་ཆེན་མོདང་དགེ་འོས་སློབ་གྲྭ་ཆེན་མོ གསོ་རིག་སློབ་གྲ་ཆེན་མོ། ལྷ་ས་སློབ་འབྲིང་ལྔ་པ་དང་མཐོ་འབྲིང་གསུམ་པ། དཔལ་རྩེགས་སློབ་གྲྭ ལམ་བཟང་སྐད་ཡིག་སློབ་གྲྭ དུང་དཀར་སྐད་ཡིག་སློབ་གྲྭསོགས་ཀྱི་ན་གཞོན་སྙན་ངག་པ་ ༣༧ ཙམ་ཡོད་འདུག

 

ཐེངས་འདིའི་འགྲན་བསྡུར་པྱད་འདེམས་དག་ནི། བོད་ལྗོངས་སློབ་གྲ་ཆེན་མོའི་དགེ་རྒན་ལྷག་པ་ཆོས་འཕེལ་དང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་རྗེ་རིན་ཆེན། བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བྱ་གཞུང་དབྱངས་བྷ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་སྙན་ངག་དགེ་རྒན་ཉི་མ་ཚེ་རིང་ བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་སྐལ་བཟང་ལྷུན་གྲུབ།  བོད་ལྗོངས་སློབ་འབྲིང་ལྔ་པའི་དགེ་རྒན་བོད་ཀྱི་བུད་མེད་རྩོམ་པ་པོ་རྒན་ཧོར་མོ་སོགས་མི་ ཙམ་ཡོད་འདུག གྱེར་འདོན་སྙན་ངག་གི་ནང་དོནཕ་ཡུལ་ལ་བཅངས་པའི་དུངས་སེམས་མཚོན་པ་དང་  སྤྱི་ཚོགས་ཀྱི་ཀུན་སྤྱོད་ངན་པར་འཐེར་འདོན་བྱེད་པ་སོགས་ཡིན་འདུག་ཅིང་ འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་དང་གཉིས་པ། གསུམ་བཅས་ལ་བྱ་དགའི་རྟགས་མ་དང་ ཕུལ་བྱུང་ཅན་དང་རེ་བ་ཅན་སོགས་ལའང་བྱ་དགའི་གསོལ་རས་བཅས་བསྩལ་ཏེ། འབྱུང་འགྱུར་ཡང་འགྲན་ཚོགས་འདི་ལྟ་བུའི་བྱ་འགུལ་མུ་མཐུད་སྤེལ་རྒྱུར་སྐུལ་སློང་ཡང་བྱས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

ཤོག་ངོས་འདི་ཐེངས་ ༣༣༥ ལ་བཀླགས་འདུག
རིག་པ་འདོན་པ།
རྨེ་རུ།
༢༠༡༠/༠༧/༢༦ ཉིན་འདོན་སྤེལ་བྱས།
སྙན་ངག་གྱེར་དོན་གྱི་ལས་གཞི་འདི་བོད་དབུས་ཕྱོགས་ལ་མཚོན་ན་གོམ་
སྟབས་གསར་པ་ཞིག་ཡིན་སྲིད་པའི་ཤིན་ཏུ་ལེགས། སྙན་ངག་གྱེར་དོན་གྱི་ལས་གཞི་འདི་མུ་མཐུད་འཇུག་སྐྱོང་ཡོང་བའི་རེ་བ་ཆེ་
སྙན་ངག་གྱེར་དོན་གོ་སྒྲིག་གནང་ཡོངས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ།
རྨེ་རུ།
༢༠༡༠/༠༧/༢༦ ཉིན་འདོན་སྤེལ་བྱས།
སྙན་ངག་གྱེར་དོན་གྱི་བྱ་འགུལ་འདི་བོད་དབུས་ཕྱོགས་ལ་མཚོན་གོམ་སྟབས་གསར་བ་ཞིག་ཡིན་སྲིད་པའི་གུས་པས་སྙིང་དབུས་ནས་འཚམས་འདྲིའི་བཀྲ་
ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྙན་ངག་གྱེར་དོན་གྱི་ལས་གཞི་འདི་མུ་མཐུད་སྤེལ་གནང་ཡོད་པ་མཁྱེན།
ལས་ཞི་འདི་གོ་སྒྲིག་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུ།
ཕུན་ཚོགས །
༢༠༡༠/༠༧/༢༦ ཉིན་འདོན་སྤེལ་བྱས།
འདི་ནི་ལྷ་ས་རང་ལ་མཚོན་ན་གསར་འགྱུར་གལ་ཆེན་ཞིག་དང་མདུན་བསྐྱོད་གསར་བ་ཞིག་རེད།བཀྲ་ཤིས་བདེ་ལེགས།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།