དེ་རིང་བོད་དོན་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་ཉི་མ་ཡིན།

འདོན་སྤེལ། ༢༠༡༣/༠༥/༡༧

དེ་རིང་ངྷ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཉིན་མོ་སྲུང་གཙི་གནང་ཡོད་པ་དང་། ལས་འགུལ་འདིའི་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱིས་པར་རིགས་འགྲེམས་སྟོན་ཞིག་གནང་སོང་

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་གསུང་ཆོས་རཱ་བའི་ནང་ བོད་མའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་མིའི་རང་ལུས་མེར་བསྲེགས་དང་བོད་ཀྱི་ལོ་རྒྱུས། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་བཅས་ཁ་བྱང་གཙོ་བོ་གསུམ་གྱི་ཐོག་ཉིན་གཅིག་རིང་པར་རིགས་འགྲེམས་ཤིག་གནང་སོང་། ལས་འགུལ་འདི་དེ་སྔོན་བཀའ་སྤྱི་གཉིས་ཐུན་མོང་གིས་གསལ་བསྒྲགས་སྤེལ་ཏེ། ཕྱི་ཟླ་ ཚེས་ ༡༧ ཉིན་དགུང་ལོ་ སོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གི་དོ་དམ་འོག་གར་སོང་ཆ་མེད་དུ་གྱུར་པའི་ཉིན་མོ་ཡིན་པ་དང་། ཉིན་མོ་འདི་ཉིད་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་སྲུང་གཙི་བྱ་རྒྱུའི་གསལ་བསྒྲགས་གནང་པ་ལྟར་སྤེལ་བ་ཞིག་ཡིན་འདུག 

གསར་འགོད་པས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིའི་པར་རིགས་འགྲེམས་སྟོན་ནི་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་གཙི་བྱེད་པ་ཞིག་དང་ པར་རིགས་འགྲེམས་སྟོན་འདི་ནི་བོད་མི་ཙམ་མ་ཡིན་པར་ཕྱི་རྒྱལ་དང་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར། བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མཚན་དང་འདྲ་པར། མེར་བསྲེགས་ཀྱི་གནས་བབ། བོད་ཅེས་པ་དེ་གང་འདྲ་ཞིག་ཡིན་སྐོར་ལོ་རྒྱུས་དང་འབྲེལ་བའི་པར་རིགས་ཐོག་ནས་གསལ་སྟོན། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་ འཕྲོག་བཅོམ་གཏོར་གཤིག སྡུག་སྦྱོང་མནར་བཅོད་གང་འདྲ་གཏོང་གི་ཡོད་པ་བཅས་མཚོན་པའི་པར་རིགས་འགྲེམས་སྟོན་ཞིག་ཡིན་སྐོར་བརྗོད་བྱུང་

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༤ སྟེང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གཙུག་ལག་ཁང་དུ་ཉེ་ལམ་ཕྱི་ ༤ ཚེས་ ༢༤ ཉིནབོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་དང་གྲྭ་དཀོན་མཆོག་འོད་ཟེརགཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་དུ་རང་ལུས་མེར་སྲེགབཏང་བའི་མཚོན། བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་བྱེད་མཁན་ཡོངས་ལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་བཀའ་སྤྱི་གཉིས་ཀྱིས་གསུང་བཤད་དང་པཎ་ཆེན་སྐུ་ཕྲེང་བཅུ་བའི་མཛད་རྣམ་སྒྲོག་སྦྱོང་། གཞས་སྣ་དང་གཏམ་བརྗོད་འཁྲབ་སྟོན་སོགས་གནང་རྒྱུ་ཡིན་འདུག

ཉེ་ཆར་ཕྱི་ཟླ་ ཚེས་ ༣༠ ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ནང་ བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་དང་བོད་ཀྱི་གྲོགས་ཡོངས་ཀྱིས་སོ་སོའི་གནས་ཡུལ་རྒྱལ་ཁབ་དང་ས་གནས་ཀྱི་གནས་བབ་དང་བསྟུན། དེ་རིང་ཕྱི་ཟླ་ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་སྲུང་བརྩི་དང་ ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༡༠༦༧ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།