འབྲེལ་མོལ་ཐོག་ནུས་པ་དང་འབད་བརྩོན་ཆེ་རུ་གཏོང་རྒྱུ་ཡིན།

འདོན་སྤེལ། ༢༠༡༣/༠༥/༣༠

དེ་རིང་སྲིད་སྐྱོང་མཆོག་གིས་རྒྱ་གར་མཐོ་སློབ་ཁག་གི་བོད་རིགས་སློབ་མ་སྐོར་ཞིག་ལ་གསུང་བཤད་གནང་སྟེ། བཀའ་ཤག་སྐབས་བཅུ་བཞི་པར་ནུས་ཤུགས་ཕྱོགས་བསྒྲིལ་དང་བོད་དོན་ལས་འགུལ་སྤེལ་རྒྱུ། བོད་རྒྱ་འབྲེལ་མོལ་བཅས་ལས་དོན་གཙོ་བོ་གསུམ་ཡོད་པ་ལས་ད་ཆར་འབྲེལ་མོལ་ཐོག་ཤུགས་རྒྱག་པའི་དུས་ཚོད་སླེབས་ཡོད་གསུངས་འདུག

དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡ ཐོག གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་རིགས་མཐོ་རིམ་སློབ་མར་ཉིན་དགུའི་རིང་དེང་གི་ ན་གཞོན་དང་མ་འོངས་མགོ་ཁྲིད ༽ ཅེས་པའི་ཟབ་སྦྱོང་མཇུག་རྫོགས་པའི་སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཏེ། ཟབ་སྦྱོང་སློབ་མ་ཚོར་ལག་འཁྱེར་གནང་རྗེས། བཀའ་ཤག་སྐབས་བཅུ་བཞི་བའི་འདས་པའི་ཟླ་ ༢༢ རིང་གི་ལས་དོན་སྒྲུབ་ཕྱོགས་དང་བཀའ་ཤག་གི་ལྟ་གྲུབ་གསུམཕྱི་རྒྱལ་གྲོས་ཚོགས་འཐུས་མི་དང་གཞུང་འཛིན་མི་སྣ། གསར་འགྱུར་བརྒྱུད་ལམ་ཁག་བཅས་ལ་བོད་དོན་ཞུ་གཏུག་གནང་པ། བོད་རྒྱའི་འབྲེལ་མོལ་སྐོར་བཅས་ཀྱི་ཐོག་གསུང་བཤད་དང་། སློབ་མ་ཚོའི་དྲི་བར་ལན་འདེབས་བཅས་གནང་སོང་

སྲིད་སྐྱོང་མཆོག་གི་གསུང་བཤད་ཀྱི་ཐོག་མརམཱ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱིས་འདི་ལོའི་འཛིན་རིམ་ ༡༢ པའི་རྒྱལ་ཡོངས་ཡིག་རྒྱུགས་ཁྲོདབཙན་བྱོལ་ལོ་རྒྱུས་ནང་བོད་མིའི་སྤྱི་ཚོགས་ཀྱི་གཏན་སློབ་ཁག་གི་ནང་བརྒྱ་ཆ་ ༩༥། རག་མཁན་ཐོག་མ་དེ་ཆགས་ཡོད་འི་ཐད། ང་ཚོ་ཤེས་རིག་ལས་ཁུངས་དང་། དེ་བཞིན་བཀའ་ཤག་སྐབས་ ༡༤ པའི་ཐོག་ནས། ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་གསལ་བསྒྲགས་བྱས་ཡོད དེ་ལྟར་སློབ་ཡོན་ཡང་གང་འཚམ་སྤར་ཡོད། ཡིག་ཚད་བརྒྱ་ཆ་ ༩༥ སྒང་ལེན་མཁན་བྱུང་ན་ཧིན་སྒོར་འབུམ་གཅིག་ཡོད་ཅེས་གསལ་བསྒྲགས་བྱས་ཏེ་ཟླ་འགའ་འགྲོ་བཞིན་པའི་སྐབས་འདིར། རྟེན་འབྲེལ་དང་སྦྲགས་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་བླངས་པ་དེ་ཡག་པོ་ཞེ་དྲག་བྱུང་སོང་བསམ་གྱི་ཡོད”བསྔགས་བརྗོད་གནང་སོང་

ཟབ་སྦྱོང་གི་བརྗོད་གཞི་དང་འབྲེལ་ཏེ་སློབ་ཕྲུག་ཚོས་མ་འོངས་པར་མགོ་ཁྲིད་བྱ་རྒྱུའི་ཕུགས་བསམ་འགྲུབ་ཐབས་སྐོར་ལ་གསུངས་དོན། རྗེས་མ་གཞུང་ཞབས་དང་གྲོས་ཚོགས། བཀའ་བློན་དང་སྲིད་སྐྱོང་བཅས་ལ་ཕེབས་མཁན་རྣམ་པ་ཚོ་ཡིན་དུས། དགོངས་པ་བཞེསྟངས་གང་འདྲ་ཞིག་དགོས་པའི་ཐོག་ཞུས་ན་བསམ་སོང་གཙོ་བོ་ལས་དོན་དེར་ཕུགས་རྒྱང་རིང་པོའི་སྤྱིའི་འཆར་གཞི་(Strategy )དགོས་རྒྱུ་གལ་ཆེ་ཤོས་རེད། སྤྱིའི་འཆར་གཞི་དེ་གཞི་འཇོག་སའི་ལྟ་གྲུབ་(Principle )ཅིག་དང་ དེའི་སྒང་ལག་བསྟར་འཆར་འགོད་(Planning) ཡག་པོ་ཞིག་ཡོད་པའི་ཐོག ལག་བསྟར་(Execution) བྱེད་དགོས་ཀྱི་ཡོད་རེད། འདི་དག་མེད་པ་ཡིན་ན། ཉིན་རེ་ཉིན་རེའི་ལས་ཀ་བྱས་ཏེ་གྲོ་སྐབསམཚམས་རེར་དཀའ་ངལ་འཕྲད་ཡོང་གི་རེད། གོང་གི་འཆར་གཞི་དེ་དག་ཡོད་ན་ལག་ལེན་བསྟར་པའི་སྐབས་སུ་ནོར་ཁྲལ་དང་བསྒྲུབ་མ་ཐུབ་པ་དེ་འདྲ་ཡོང་སྲིད་ཀྱང་ སྤྱིའི་ཆ་ནས་དེ་འདྲ་ཞིག་གི་ཐོག་འགྲོ་ཐུབ་ན་བློ་བདེ་བོ་དང་ སྐབས་དང་དུས་ལ་འགྱུར་པ་གཏོང་གི་གཏོང་གི་འགྲོ་རྒྱུར་ཕན་ཐོགས་ཡོང་གི་རེད། ཅེས་གསུངས་སོང་

སྲིད་སྐྱོང་མཆོག་གིས་ད་ལྟའི་བཀའ་ཤག་གིས་ལས་དོན་གལ་ཆེན་ཁག་གསུམ་ལས། དང་པོ་ནུས་ཤུགས་ཕྱོགས་སྒྲིལ་ཐདརྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན། འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཚོགས་ཆེན་སོགས་ངྷ་སར་སྐོང་ཚོགས་བྱས་པ། བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་ཆེད་སྐྱོད་གནང་པ་སོགས་དང་ གཉིས་པ་ལས་འགུལ་ཐད་ནས་ལྡི་ལིར་ཚོགས་པའི་བཀའ་སྤྱིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སོགས་ཐང་ལ་ཐོན་ཏེ་སྤེལ་པའི་ལས་འགུལ་རིགས་དང་ ཐང་ལ་མ་ཐོན་པའི་ལས་འགུལ་རིགས་ནི་གྲོས་ཚོགས་ཁག་ལ་བཅར་ཏེ་གྲོས་ཚོགས་འཐུས་མི་དང་གཞུང་གི་མི་སྣར་ཐུག་འཕྲད་གནང་པ། གསར་འགྱུར་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བཅས་ཡིན་སྐོར་གསུངས་སོང་

སྲིད་སྐྱོང་མཆོག་གིས་ལས་དོན་གསུམ་པ་བོད་རྒྱ་འབྲེལ་མོལ་སྐོར་གསུངས་དོན། ད་ང་ཚོ་བཀའ་ཤག་གི་ལས་གཞི་གསུམ་པ་ག་རེ་རེད་ཟེར་ན། བོད་རྒྱ་འབྲེལ་མོལ་རེད། ད་ནུས་ཤུགས་ཕྱོགས་སྒྲིལ་དང་ལས་འགུལ་ཚར་སོང་ཟེར་གི་ཡོད་པ་མ་རེད། དེ་དག་མུ་མཐུད་འགྲོ་དགོས་པ་ཞིག་རེད། གཞི་རྩའི་ ༢༠༡༡ ཕྱི་ཟླ་ ཚེས་ ནས་འབྲེལ་མོལ་དང་འབྲེལ་པའི་ཚོགས་འདུ་རིམ་པར་ཚོགས་ཡོད་རེད། དེ་བཞིན་རྒྱལ་བ་ཁག་ཏུ་སྐྱོད་སྐབས་གྲོས་ཚོགས་འཐུས་མི་དང་གཞུང་གི་མི་སྣརང་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་དགོས་ཀྱི་འདུག ང་ཚོ་རྒྱ་ནག་གཞུང་དང་མཉམ་དུ་ག་དུས་ཡིན་ག་པར་ཡིན་ན་བཀའ་མོལ་གནང་རྒྱུར་གྲ་སྒྲིག་ཡོད་ཅེས་རིམ་པར་ཞུས་ཡོད། ད་ནས་འབྲེལ་མོལ་སྒང་ལ་ནུས་པ་དང་འབད་བརྩོན་ཆེ་རུ་གཏོང་རྒྱུ་དེ་རེད། འབྲེལ་མོལ་ཐོག་ལྟ་གྲུབ་ཟེར་ན་འདྲ་ང་ཚོའི་ལངས་ཕྱོགས་དེ་ག་རེ་རེད་ཟེར་ན།ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་ཡིན་ཟེར་པ་འདི་ཡིན། དེ་ཟེར་དགོས་དོན་ག་རེ་ཡིན་ཞེ་ན། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་གནང་ཚར་པའི་རྗེས་ལ། དམིགས་བསལ་སྐུ་ཚབ་སུས་བསྐོ་གི་རེད། ག་དུས་བསྐོ་གི་རེད། ཇི་ལྟར་བསྐོ་གི་རེད་ཟེར་པ་ཞིག་སྤྱི་ཚོགས་ནང་གླེང་སློང་ཡོང་བསྡད་ཡོད་པ་རེད། སྲིད་སྐྱོང་གིས་བསྐོས་ན་རྒྱ་གཞུང་གིས་ཁས་ལེན་བྱེད་ཀྱི་རེད་དམ་ཟེར་ནས་དྲི་བ་ཡོང་གི་ཡོད་པ་རེད། དེར་བརྟེན། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེཡིན་ཟེར་དུས། སྐུ་ཚབ་བསྐོ་རྒྱུ་དེ་ཕྱིའི་རྣམ་པ་རེད། ག་འདྲ་བྱས་ཏེ་བསྐོ་དང་མ་བསྐོ་ཟེར་པ་དེ་གལ་ཆེན་པོ་རེད། དེ་ལས་གལ་ཆེ་བ་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་ལ་ང་ཚོས་བཀའ་མོལ་གནང་དགོས་པ་དེ་གཙོ་བོ་ཡིན། དེ་བསྒྲུབ་ཐབས་སུ་སྐུ་ཚབ་བསྐོ་སྟངས་སོགས་ཀྱི་ཐད་ང་ཚོ་གུ་ཡངས་ཡིན་ཟེར་གྱི་ཡོད། དེ་ཟེར་དགོས་དོན་ཕྱོགས་གཅིག་ནས་བཅཁྲིམས་དོན་ཚན་དང་པོའི་ནང་གསེས་གསུམ་པའི་ནང་དམིགས་བསལ་སྐུ་ཚབ་བསྐོ་སྟངས་སྐོར་གསལ་བོ་ཞེ་དྲག་ཡོད། རྒྱ་ནག་གཞུང་གིས་དེ་མ་བཤད་གོང་ལ་རྒྱལ་སྤྱིའི་ཐོག་གི་གསར་འགྱུར་བརྒྱུད་ལམ་ནང་ཤུགས་ཆེན་པོ་གླེང་སློང་མ་ཡོང་སྔོན་ལ། ང་ཚོའི་ལངས་ཕྱོགས་དེ་བཤད་བཞག་པ་ཡིན་ན། གནད་དོན་ག་པར་ལྷག་གི་རེད་ཟེར་ན། སྐུ་ཚབ་བསྐོ་དང་མ་བསྐོ་དེ་མིན་པར་དོན་དག་སྙིང་པོ་བོད་ཀྱི་ཛ་དྲག་གནས་སྟངས་སེལ་ཐབས་སུ་ག་འདྲ་གནང་དགོས་པ་རེད། དེའི་ཐོག་འགྲོ་བསྡད་ཡོད་པ་རེད། འདིའི་ཐོག་འབད་བརྩོན་ག་རེ་གནང་གི་ཡོད་ཟེར་ན། རྣམ་པ་ཚོས་གཟིགས་དང་ གྲོས་ཚོགས་ནང་གྲོས་ཆོད་བཞག་ཡོད་པ། གྲོས་ཚོགས་འཐུས་མིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞག་པའི་ཡིག་ཆ་ཁག་མང་ཆེ་བའི་ནང་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་མོལ་གནང་དགོས་རེད། རྒྱ་ནག་ཞུང་གིས་འབྲེལ་མོལ་གནང་དགོས་རེད་ཅེས་པ་དེ་ཕལ་ཆེ་བར་བཀོད་ཡོད་པ་རེད། ཅེས་གསུངས་སོང་

གསར་འགོད་པ། བནྡེ་སྐྱབས།
ཤོག་ངོས་འདི་ཐེངས་ ༢༣༨༩ ལ་བཀླགས་འདུག
རིག་པ་འདོན་པ།
ལུང་རྟོགས།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
བོད་རྒྱ་འབྲེལ་མོལ་ལས་ལེགས་པ་གང་ཡང་མེད། གཞན་ཅི་ཞིག་བྱེད་དགོས་སམ། དམག་འཁྲུག་ནི་རྒྱབ་མི་ཐུབ། གནོན་ཤུགས་ནི་སྤྲད་མི་ཐུབ། འདི་ནི་ཐབས་ལམ་མེད་པའི་ཐབས་ལམ་རེད།
གསེར་འབྲུག་སྡེར་ལྔ་
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
བོད་རྒྱ་འབྲེལ་མོལ་འདི་ཟམ་གདོང་བཀའ་ཤག་གིས་མགོ་ལུས་ཡོད་ཚད་ཀྲུང་ནན་ཧེའེ་ལ་ཕུལ་ཏེས་སྒོ་དམ་པོར་བརྒྱབས་ཟིན་པ་རེད། ད་སྲིད་སྐྱོང་སེང་གེས་སྒོ་ཕྱེ་རྒྱུ་ཞིག་ཧ་ཅང་ཧ་ཅང་གིས་ཁག་པོ་རེད། གལ་ཏེ་སྒོ་ཕྱེ་ཐུབ་པའི་དབང་དུ་བཏང་ཡང་སྒོ་དེའི་ནང་དུ་མི་བཞག་ནས་ཙི་ཙི་ཡང་འཐར་གྱི་མ་རེད་དོ།
གྲགས་པ་དར་རྒྱས།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
བན་ཏེ་སྐྱབས་ཀྱི་གསར་འགྱུར་འབྲི་སྟངས་འོ་ཙམ་ཡར་རྒྱས་འགྲོ་བཞིན་འདུག གནད་འགག་གང་ཡིན་ངོས་འཛིན་སྟངས་ནོར་མི་འདུག དེང་སྐབས་བློ་བཟང་སེངྒེ་མཆོག་གི་བོད་རྒྱ་འབྲེལ་མོལ་ལ་ཕམ་ཉེས་འགྲོ་བཞིན་ཡོད་པ་དང་། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེན་ཡིན་ཟེར་བའི་སྟོང་བཤད་དེར་མཇུག་མ་མེད་པ་ཚང་མས་གླེང་སློང་བྱེད་ཀྱི་ཡོད་པ་དང་འབྲེལ་ནས་ཁོ་རང་གིས་སླར་ཡང་བོད་རྒྱ་འབྲེལ་མོལ་སྒང་ལ་ཅིག་བྱེད་ཡ་ཡོད་མདོག་མདོག་སྟོན་གྱི་ཡོད་རེད། ངས་བསམ་བློ་བཏང་ན་སྐད་ཆ་སྟོང་པ་འདི་ལ་ཚང་མ་དབུ་འཁོར་རྒྱུ་ཡོད་པ་རེད་དྲན་སོང་
མངའ་རིས་འཕྲིན་ལས།
༢༠༡༣/༠༥/༢༩ ཉིན་འདོན་སྤེལ་བྱས།
གང་ལྟར་གཞིས་བྱེས་མི་མང་གིས་སྲིད་སྐྱོང་སྐུ་ཉིད་ཀྱི་མཁྱེན་སྤྱོད་དང་ལྷག་བློ་ལ་གཞིག་ནས་འོས་ཕུལ་ནས་བོད་མི་རིགས་ཆག་འཇིག་གི་གནས་ལས་སྐྱོབ་ཐུབ་པའི་རེ་བ་བྱས་པ་མ་གཏོགས། ཁྱེད་སྔ་མའི་ལོ་རྒྱུས་རྒྱུན་འཛིན་བྱས་ཏེ་ལྷ་བླའི་ལུང་བསྟན་ལ་གཞི་བཅོལ་ནས་བོད་མི་རིགས་སླར་ཡང་རྨོངས་དད་དང་ལྷ་བླའི་དབང་བསྒྱུར་འོག་འགྲོ་ཡོང་བསམ་པ་གང་ན་ཡོད། ད་ནི་རེ་བ་ཚར་ཡིན་ས་རེད།
སའིི་ལྷ་མོ
༢༠༡༣/༠༥/༢༩ ཉིན་འདོན་སྤེལ་བྱས།
ཤེལ་དཀར་ལགས་ཀྱིས་གསུངས་པ་དེར་འགྲེལ་བཤད་གང་འདྲ་ཞིག་གནང་རྩིས་ཡོད་དམ།
ཤེལ་དཀར་བློ་བཟང་
༢༠༡༣/༠༥/༢༩ ཉིན་འདོན་སྤེལ་བྱས།
རྣམ་པ་ཚོས་གཟིགས་དང་བཙན་བྱོལ་བོད་མིས་བོད་ཡིག་སྲུང་སྐྱོབ་བྱེད་སྟངས་འདི་རེད། གསུང་བཤད་གནང་མཁན་བོད་མི་རེད་ལ་གསུང་བཤད་གནང་ས་ཡང་བོད་མི་རེད། འོན་ཀྱང་ཅོག་ཙེའི་སྟེང་གི་ཡི་གེ་དེར་གཟིགས་ན་ཅི་ཞིག་མཚོན་ཐུབ་བམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།