བསྟན་འཛིན་ཆོས་སྐྱིད་ལཊ་སུ་སྲིད་སྐྱོང་བྱ་དགའ་ཐོབ་པར་བསྔཊ་བརྗོད།

འདོན་སྤེལ། ༢༠༡༣/༠༥/༣༠

དེ་རིང་ཉིན་གུང་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ། སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོག་མ་ཐོབ་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲིའི་ཐུག་འཕྲད་དང་། དེའི་རྗེས་ཤེས་རིག་ལས་ཁུངས་ཀྱིས་དགའ་ལྡན་ཕོ་བྲང་གཟེངས་བསྟོད་སློབ་ཡོན་བྱ་དགའ་ཐོབ་མཁན་དག་གསལ་བསྒྲགས་གནང་སོང་ 

དེ་རིང་ཉིན་གུང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད། སྒྱུ་རྩལ་སྡེ་ཚན་ནང་སྐར་གྲངས་ ༩༥།༤ བླངས་ཏེ། ‘སྲིད་སྐྱོང་སློབ་ཡོན་བྱ་དགའ’འཐོབ་མཁན་མ་སུ་རི་བོད་ཁྱིམ་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ་ཐུག་འཕྲད་ཀྱིས་བསྔགས་བརྗོད་དང་འཚམས་འདྲིགནང་ཡོད་ཅིང་དེ་རྗེས་ཉིན་གུང་ཆུ་ཚོད་ ༢།༣༠ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའིསྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས། སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགསབཅས་ལྷན་བཞུགས་ཐོག ད་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཁྲོད་དགའ་ལྡན་ཕོ་བྲང་གཟེངས་བསྟོད་སློབ་ཡོན་བྱ་དགའ’ ཐོབ་མཁན་དག་གི་མཚན་དང་སྐར་གྲངས། བྱ་དགའ་སྤྲོད་ཕྱོགས་བཅས་ཀྱི་སྐོར་ལ་གསར་འགོད་ལྷན་ཚོགས་བསྐྱངས་སོང་

ཤེས་རིག་དྲུང་ཆེ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོའི་འཛིན་རིམ་བཅུ་གཉིས་ཀྱི་དགའ་ལྡན་ཕོ་བྲང་གཟེངས་བསྟོད་སློབ་ཡོན་བྱ་དགའ་ཐོབ་མཁན་དག་ནི། ཚན་རིག་སྡེ་ཚན་གྱི་ཨང་དང་པོ་སེ་ལ་ཀུབོད་ཁྱིམ་སློབ་མ་འཕྲིན་ལས་ཚེ་རིང་བླ་ལགས་སུ་བརྒྱ་ཆ་ ༩༢.༨ དང་ ཨང་གཉིས་སེ་ལ་ཀུབོད་ཁྱིམ་སློབ་མ་བསྟན་འཛིན་ཀུན་བཟང་ལགས་སུ་བརྒྱ་ཆ་ ༩༢.༥། ཨང་གསུམ་མོན་གྷོ་གཏན་སློབ་གྱི་སློབ་མ་བསྟན་འཛིན་དབང་ཕྱུག་ལགས་སུ་བརྒྱ་ཆ་ ༩༡. བཅས་ཡིན་འདུག

སྒྱུ་རྩལ་སྡེ་ཚན་ལས་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིདལགས་སུ་བརྒྱ་ ༩༥.༤། ཨང་གཉིས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཕུན་ཚོགས་དོན་གྲུབལགས་སུ་བརྒྱ་ཆ་ ༩༢.༦། ཨང་གསུམ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་མགོན་པོ་བཀྲ་ཤིསལགས་སུ་བརྒྱ་ཆ་ ༨༩.བཅས་ཡིན་འདུག

ཚོང་རིག་སྡེ་ཚན་ལས་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལསལགས་སུ་བརྒྱ་ཆ་ ༩༠.༤། ཨང་གཉིས་བྷེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་བརྟན་སྒྲོལ་ལགས་སུ་བརྒྱ་ཆ་ ༨༧.༢། ཨང་གསུམ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་སྐལ་བཟངལགས་སུ་བརྒྱ་ ༨༤.༨ བཅས་ཡིན་འདུག

ལོའི་ཕྱི་ཟླ་ ཚེས ཉིན་དེ་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་ཏེ། སྡེ་ཚན་ཁག་གི་ཨང་དང་པོ་རྣམ་པར་ཧིན་སྒོར་ ༢༠༠༠༠ དང་ ཨང་གཉིས་རྣམ་ར་ཧིན་སྒོར ༡༥༠༠༠། ཨང་གསུམ་པ་རྣམ་པར་ཧིན་སྒོར་ ༡༠༠༠༠ བཅས་གནང་རྒྱུ་ཡིན་འདུག

ཤེས་རིག་གི་གསལ་བསྒྲགས་ནང་ འདི་ལོ་ཚན་རིག་ཁོངས་ནས་སློབ་ཕྲུག་ ༡༨༨(༥༢%) ནས་རྒྱུགས་འབྲས་བརྒྱ་ཆ་ ༧༠ ལྷག་ལོན་ཐུབ་པ་དང་ དེ་བཞིན་སྒྱུ་རྩལ་དང་ཚོང་རིག་སྡེ་ཚན་ཁོངས་ནས་བརྒྱ་ཆ་ ༧༥ ལྷག་ལོན་མཁན་སློབ་ཕྲུག ༡༤༥ (༡༤%)བྱུང་ཡོད། མདོར་ན་འདི་ལོར་སློབ་མ་ ༣༤༥ བརྒྱ་ཆ་ ༧༠ ཡན་ལོན་པ་ ༢༠༡༢ ལོའི་སློབ་མ་ ༢༤༢ དང་བསྡུར་ན་བརྒྱ་ཆ་མཐོ་བོ་ལེན་མཁན་མང་དུ་ཕྱིན་ཡོད། ཤེས་རིག་ལས་ཁུངས་ཀྱིས་བརྒྱ་ཆ་གཞིར་བཟུང་སློབ་ཡོན་འཆར་གཞི་གསར་གཏོད་གནང་བ་ལ་བརྟེན་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་རྒྱུར་ཐུགས་ཕན་སོས་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད” ཅེས་སོགས་བཀོད་འདུག

མཇུག་ཏུ་གསར་འགོད་པའི་དྲི་བའི་ལན་དུ་བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས༧གོང་ས་མཆོག་གིདབུས་པའི་རང་ཉིད་ཀྱི་སློབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁནདགེ་རྒན་དང་ཕ་མ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཏེ། བོད་རིགས་སློབ་མ་ཚོས་དང་པོ་ནས་བརྒྱ་ཆ་ ༩༥ ལབ་དུས་གཏན་ནས་ལེན་མི་ཐུབ་པའི་འདུ་ཤེས་འཛིན་གྱི་ཡོད་ཀྱང་ ཁོ་མོས་བལྟས་དེ་འདྲ་ཁྱོན་ནས་མིན་པར་ངས་ག་རེ་བྱས་ནས་ལེན་མི་ཐུབ་པ་རེད་བསམ་དགོས་པ་གལ་ཆེན་ཡིན་པ་དང་ སྤྱིར་བཏང་བོད་རིགས་སློབ་མ་ཚོ་དབྱིན་ཡིག་གི་ཐ་སྙད་ཕྱུག་པོ་ཡིན་ཡང་ བརྡ་སྤྲོད་ཐད་ནོར་འཁྲུལ་མང་པོ་བྱུང་བཞིན་ཡོད་སྟབས་དེའི་ཕྱོགས་ལ་གཟབ་ནན་དགོས་པ། ཁོ་མོས་མ་འོངས་པར་རྒྱ་གར་གྱི་བུད་མེད་སློབ་ཆེན་(Lady shri ram)གྱི་ནང་དུ་དབྱིན་ཡིག་ཆེད་སྦྱོང་གི་ཉེ་བའི་གཙུག་ལག་རབ་འབྱམས་པར་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་བརྗོད་སོང་

བོད་མིའི་སྒྲིག་འཛུགས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་ཕ་མ་གཉིས་ནི་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཡིན་པ་དང་ཁོང་མོས་སློབ་གྲྭ་དེ་གར་ཕྱི་ལོ་ ༢༠༠༤ ལོ་ནས་སློབ་སྦྱོང་གནང་འདུག

ཤོག་ངོས་འདི་ཐེངས་ ༣༠༦༦ ལ་བཀླགས་འདུག
རིག་པ་འདོན་པ།
Ngawang Norbu
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
༄༅། །བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ལ་སྙིང་ཁུངས་རུས་པའི་གཏིང་ནས་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་གུས་པ་ངག་དབང་ནོར་བུ་ནང་མི་བཟུང་ནས་ཁྱེད་ལ་ལེགས་བསྐྱེས་ཀྱི་ཧིན་སྒོར་ ༡༠༠༠༠ ༼ཧིན་སྒོར་ཁྲི་གཅིག་༽འབུལ་རྒྱུའི་ཁས་ལེན་དམ་ཆ་ཞུ་གི་ཡོད། དེ་དང་ཆབས་གཅིག་བུ་མོ་བསྟན་འཛིན་རང་ཉིད་ནས་ཀྱང་༧གོང་ས་མཆོག་གི་བཀའ་དགོང་སྟར་རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་མུ་འཐུད་ཐོག་རང་རིགས་གཞུང་དང་བོད་མི་མང་གི་ཞབས་ཞུ་འགྲུབ་རྒྱུའི་ཆོད་སེམས་གཏན་པོ་དགོས་པ་ཤིན་ཏུ་ནས་གལ་ཆེ།
དུག་མདུང་རྩེ་དགུ།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
སེ་ལ་ཀུ་བོད་ཁྱིམ་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་ཟེར་བའི་མི་འདིར་དོགས་པ་ཅུང་ཟད་ཡོད། ཕལ་ཆེར་མིང་ལ་བལྟས་ན་ཤར་བ་འམ་རྟ་མང་ཞིག་མིན་འགྲོ་བསམ་གི་འདུག། བོད་པའི་མིང་གི་མཇུག་ཏུ་བླ་མ་ཟེར་བ་དེ་འདྲ་ད་ལྟའི་བར་དུ་ཡོད་རབས་མ་གོ།
མཉམ་ཞུགས
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
ཐོག་མར་སློབ་གཉེར་གྱི་གྲུབ་འབྲས་གཡར་དུ་ཟ་བ་བླངས་པའི་བོད་མིའི་སོན་རྩ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་དེ་ཙམ་གྱི་རྒྱུགས་འབྲས་ཡག་པོ་མེད་པ་རྣམས་དང་མ་འཕྲོད་པ་རྣམས་ལའང་སེམས་གསོ་བྱེད་ཀྱི་ཡོད། ཐེངས་འདིའི་ཕམ་ཁ་ནི་ཁྱེད་རྣམས་ཀྱི་མི་ཚེ་ཧྲིལ་པོ་ཕམ་ཁ་གཏན་ནས་མིན་པས་ནམ་ཡང་སེམས་ཤུགས་ཆག་དགོས་དོན་མེད་པ་མ་ཟད་ཕམ་ཁ་ནི་རྒྱལ་ཁའི་ཨ་མ་ཡིན་ཞེས་པའི་ངག་རྒྱུན་ཡང་ཡོད་པ་ལྟར་དེ་རིང་ནས་བཟུང་སྟེ་སེམས་ཤུགས་དང་བརྩོན་པ་བསྐྱེད་པ་ཡིན་ན་ངག་རྒྱུན་དེ་དོན་དངོས་ལ་འགྱུར་ངེས་པ་ཡིན། འོན་ཀྱང་ཁྱེད་རྣམས་ཀྱིས་དེར་ཕམ་ཁ་ཡིན་པར་ངེས་ལེན་བྱས་ཏེ་སེམས་ཤུགས་ཆག་པ་ཡིན་ན་དུས་དེ་ནས་བཟུང་ཁྱེད་རྣམས་དངོས་ཡོད་གནས་ཚུལ་ཐོག་ཕམ་པ་ཡིན་ལ་དུས་ནམ་ཡང་ཕམ་ཁའི་འོག་མགོ་བོ་འགྱོག་མི་ནུས་པ་ཡིན། ང་ཁྱེད་རྣམས་ཀྱིས་ངག་རྒྱུན་དེ་དོན་དངོས་ལ་བསྒྱུར་ཐུབ་པའི་གདེང་ཚོད་ཡིད་ཆེ་གཏན་པོ་ཡོད། རྒྱུ་མཚན་ནི་ང་ཚོ་བོད་མི་རིགས་ནི་འགྱེད་ས་ནས་ཡར་ལངས་མི་ནུས་པའི་མི་རིགས་ཤིག་གཏན་ནས་མིན་པས་ཡིན།
ཤག་སྒང་པ།
༢༠༡༣/༠༥/༣༡ ཉིན་འདོན་སྤེལ་བྱས།
བཙན་བྱོལ་བོད་མིའི་ཤེས་ཡོན་གྲུབ་འབྲས་ཀྱི་ལོ་རྒྱུས་གསར་པ་བཞེངས་པར། ཡི་རང་བསྔགས་བརྗོད་ཀྱིས། རྟེན་འབྲེལ་བཀྲིས་བདེ་ལེགས་ཞུའོ།།
ཞལ་དྲོ།
འདྲེ་མགོ་རྡོ།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
སྲིད་སྐྱོང་གིས་སྔོན་མ་ཁྲིམས་རྩོད་པར་ཡིག་རྩལ་གཏོང་སྐབས་ཡིག་རྩལ་མ་འཕྲོད་པ་རེད། ཡིག་རྩལ་མ་འཕྲོད་པ་དེ་བརྒྱ་ཆ་མ་ལོངས་པ་ཡིན་ཙང། དེ་རིང་བརྒྱ་ཆ་དགུ་བཅུ་གོ་གྲངས་ལེན་མཁན་བུ་མོ་ཞིག་ལ་སྲིད་སྐྱོང་བྱ་དགའ་སྤྲོད་སྐབས། ཏན་ཏན་སྲིད་སྐྱོང་གིས་དེ་སྔ་ཁྲིམས་རྩོད་པར་ཆགས་རྒྱུར་ཡིག་རྩལ་མ་འཕྲོད་པ་དེ་ཏན་ཏན་དྲན་གི་རེད། དེ་དང་མཉམ་དུ་ཧ་ཝ་ཌའི་ཉམས་ཞིབ་པ་ངོ་མ་མིན་པ་སོགས་གསང་བ་དང་རྫུན་མའི་ལོ་རྒྱུས་མང་པོ་ཞིག་ཐུགས་དྲན་སོས་ངེས་རེད།། བུ་མོར་རྟེན་འབྲེལ་ཞུ།།
ལུང་རྟོགས།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
བོད་རིགས་སློབ་ཕྲུག་ཚོར་དབྱིན་ཡིག་གི་ཐ་སྙད་ཕྱུག་པོ་ཡོད་ན་ལས་བོད་ཡིག་ལ་རེ་བ་རྒྱབ་ས་མེད་པ་ཆགས་འདུག
ཀརྨ་རྡོ་རྗེ།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས།
སྤྱིར་བཏང་བོད་རིགས་སློབ་མ་ཚོ་དབྱིན་ཡིག་གི་ཐ་སྙད་ཕྱུག་པོ་ཡིན་ཡང་། བརྡ་སྤྲོད་ཐད་ནོར་འཁྲུལ་མང་པོ་འབྱུང་བཞིན་ཡོད་སྟབས་དེའི་ཕྱོགས་ལ་གཟབ་ནན་དགོས་པ། ཁོ་མོས་མ་འོངས་པར་རྒྱ་གར་གྱི་བུད་མེད་སློབ་ཆེན་(Lady shri ram)གྱི་ནང་དུ་དབྱིན་ཡིག་ཆེད་སྦྱོང་གི་ཉེ་བའི་གཙུག་ལག་རམས་འབྱམས་པར་སློབ་སྦྱོང་བྱ་རྒྱུ་ཡིན་ཞེས་བརྗོད་སོང་། ་ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།