བོད་མིའི་སྤྱི་ཚོཊ་ནང་དུ་སྐྲན་ནད་ཀྱི་ཉེན་ཁ་ཆེན་པོ་འདུག

འདོན་སྤེལ། ༢༠༡༣/༠༦/༡༡

སྐྲན་ནད་ཆེད་མཁས་པ་ཞིག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་མི་གྲངས་ ༥༠༠༠ ཙམ་ལ་བརྟག་དཔྱད་བྱས་པའི་ཁྲོད་དུ་མི་ ༡༦༠༠ ཙམ་ལ་འབྲས་སྐྲན་ན་གཏན་ཁེལ་བའི་ནད་རྟགས་ཡོད་པ་ཤེས་རྟོགས་བྱུང་ཡོད་ཟེར།

ཉེ་ཆར་ཕྱི་ཟླ་ ༤ པ་ནས་མགོ་འཛུགས་ཀྱིས་ལྡི་ལི་བོད་ཁང་གི་མཐུན་འགྱུར་འོག བོད་རིགས་ཆེད་མཁས་སྨན་པ་བསྟན་འཛིན་དགྲ་འདུལ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་དང་ཧོན་སོར། སྦེལ་ཀོབ། ཀོ་ལེ་སྒར་བཅས་བོད་པའི་གཞིས་ཆགས་ཁག་ཏུ་འབྲས་སྐྲན་སྐོར་(Cancer)ལ་བརྟག་དཔྱད་སྨན་བཅོས་དང་མི་མང་ལ་གོ་རྟོགས་སྤེལ་ཡོད་པ་དང་། ལྷོ་ཕྱོགས་ཁུལ་གྱི་ལས་གཞི་མཇུག་སྒྲིལ་བ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག རྒྱ་གར་བྱང་ཕྱོགས་ཁུལ་གྱི་ངྷ་སྟེང་བོད་ཁྱིམ་དང་གྷོ་པལ་པུར་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ་བཅས་ཀྱི་དགེ་ལས་སློབ་ཕྲུག་ཚོར་འབྲས་ནད་བརྟག་དཔྱད་དང་། ན་ཚ་དེའི་སྐོར་གྱི་གོ་རྟོགས་སྤེལ་མགོ་བཙུགས་ཡོད།

གསར་འགོད་པས་སྨན་པ་བསྟན་འཛིན་དགྲ་འདུལ་ལགས་ཀྱི་ལས་གཞིའི་སྐོར་ལ་རྒྱུས་ལོན་བྱས་པ་ལྟར་ན། ཁོང་གིས་ ༢༠༡༠ ལོ་ཙམ་ནས་སློབ་སྦྱོང་གི་ཞོར་དུ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་ཟླ་རེར་ཐེངས་གཉིས་རེར་བརྟག་དཔྱད་བྱས་པར། འབྲས་སྐྲན་ཡོད་མཁན་ཁག་ཅིག་དང་འབྲས་སྐྲན་འབྱུང་གཏན་འཁེལ་པ་(pre cancer)མང་པོ་ཞིག་ཐོན་ཡོད་སྟབས། ཉེ་འཁོར་གྱི་མོན་གྷོ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཏུ་བརྟག་དཔྱད་བྱེད་སྐབས། གོང་ལྟར་འབྲས་སྐྲན་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་ཤེས་ཏེ། ལྡི་ལི་བོད་ཁང་དང་མཉམ་འབྲེལ་ཐོག་དངོས་སུ་བརྟག་དཔྱད་དང་སྨན་བཅོས་མགོ་འཛུགས་གནང་ཡོད་ཅིང་། ཨ་རིའི་མེ་ནེ་སོ་ཊར་ (Minnesota) གནས་སྡོད་བོད་རིགས་སྨན་ཞབས་པ་བདེ་ཆེན་སྒྲོལ་མ་ལགས་ཆེད་དུ་རྒྱ་གར་ལ་ཡོང་སྟེ་སྨན་པ་ཁོང་གི་ཉིན་རེའི་ནད་བརྟག་སྨན་བཅོས་ལ་རོགས་འདེགས་བྱེད་ཀྱི་ཡོད་འདུག

བསྟན་འཛིན་དགྲ་འདུལ་ལགས་ཀྱིས་ངོ་སྤྲོད་གནང་པ་ལྟར་ན། ས་གནས་དང་སློབ་གྲྭ་ཁག་ཏུ་ཕྱོགས་སྐྱོད་སྐབས་ཐོག་མར་འབྲས་སྐྲན་ཀྱི་རྒྱུ་རྐྱེན་དང་ནད་རྟགས། སྔོན་འགོག་བྱེད་ཐབས་སོགས་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པ་དང་། ལྷག་པར་དུ་མང་ཚོགས་ཀྱིས་གོ་བདེ་བོ་ཡོང་ཆེད། ཁོ་རང་གིས་བརྟག་དཔྱད་སྨན་བཅོས་བྱས་མྱོང་པའི་ནད་པ་ཚོའི་པར་བསྟན་ཏེ་འགྲེལ་བཤད་རྒྱག་གི་ཡོད་པ་དང་འབྲས་སྐྲན་ཕོག་མཁན་ཚོར་སྨན་བཅོས་བྱེད་ཀྱི་ཡོད་འདུག ལྷོ་ཕྱོགས་ཁུལ་གྱི་སྨན་བཅོས་འགྲོ་གྲོན་ལྡི་ལི་བོད་ཁང་གིས་བཏང་ཡོད་པ་དང་། བྱང་ཕྱོགས་ཁུལ་གྱི་ལས་གཞིའི་ཐད་ཁོང་གིས་ འཕྲོད་བསྟེན་ལས་ཁུངས་ཀྱིས་ང་ལ་ནད་ཚ་འདི་ངོས་འཛིན་བྱས་ཏེ་བཞག་ན་འགྲིག་གི་ཡོད་ཅེས་གསུངས་སོང་། འོན་ཀྱང་། བོད་ཁྱིམ་ལ་བརྟག་དཔྱད་བྱས་སྐབས་ནད་རྟགས་ཡོད་མཁན་དང་ན་མཁན་ཚོར་སྨན་བཅོས་ཆ་ཚང་བོད་ཁྱིམ་གྱིས་འགྲོ་གྲོན་བཏང་པ་རེད་ཅེས་བརྗོད་བྱུང་

གསར་འགོད་པས་ཁོང་ལ་དེ་སྔ་བརྟག་དཔྱད་བྱས་ཟིན་པའི་མཇུག་འབྲས་སྐོར་དྲིས་པར། ལྷོ་ཕྱོགས་ཁུལ་དུ་ཁྱོན་མི་ ༥༠༠༠ ལྷག་པ་བརྟག་དཔྱད་བྱས་སྐབས། འབྲས་སྐྲན་ན་གཏན་ཁེལ་ཏེ་ནད་རྟགས་མངོན་པ་མི་ ༡༦༠༠ ཙམ་བྱུང་ཡོད་པ་དང་། འབྲས་ནད་ལྕི་མོ་ཕོག་མཁན་ ༤༧ ཙམ་ལ་སྨན་བཅོས་དང་གཤག་བཅོས་བྱས་ཡོད་ཟེར། ཁོང་གིས་ ད་ལྟའི་སྐབས་སུ་ང་ཚོས་ཊེ་སྦེ་ (TB) ནད་པར་ཤུགས་རྒྱག་གི་ཡོད་ཀྱང་། ངས་བལྟས་ན་མ་འོངས་པར་འབྲས་ནད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཉེན་འདུག མ་འོངས་པར་བོད་མི་ ༡༠ ནང་གི་ ༣ ནས་ ༤ བར་འབྲས་སྐྲན་ན་བའི་ཉེན་ཁ་འདུགཅེས་བརྗོད་བྱུང་

འབྲས་ནད་བྱུང་རྐྱེན་སྐོར་དྲིས་པར། རྡོ་ཐའི་ (tobacco) རྫས་རིགས་ཅན་གྱི་ཐ་མ་དང་། ཁ་ལ་བཟའ་བ་དང་སྣ་ལ་འཐེན་རྒྱུའི་དངོས་རྫས་རིགས། ཤ་དང་ཚིལ་ལུ། སྣུམ་མང་པོ་བཟའ་བ། དེ་བཞིན་རིགས་རྒྱུན་ (genetic) སོགས་ལས་འབྲས་སྐྲན་ཡོང་གི་ཡོད་པ་དང་། རྒྱ་གར་ནང་བརྒྱ་ཆ་ ༦༧ ། ༢ ཙམ་ཐ་མ་དང་ཁཱེ་ནལ་རིགས་ལ་རྐྱེན་བྱས་ཏེ་ཡོང་གི་ཡོད་ཚུལ་བརྗོད་བྱུང་། ཁོང་གིས་ ཁ་ནི་ལུས་ཀྱི་མེ་ལོང་ཡིན་(mouth is the mirror of body)” ཟེར་པ་ལྟར། འབྲས་སྐྲན་གྱི་ཐོག་མའི་མགོ་ཚུགས་ས་དང་འགོས་ཁྱབ་ཤུགས་ཆེ་བ་ཁ་དང་མིད་པ་ཡིན་པ་དང་། ཁོང་གིས་བརྟག་དཔྱད་ངོས་ཟིན་བྱུང་པ་ནི་མགོ་ནས་མཇིང་པའི་བར་དང་། ཁ་དང་མིད་པར་འབྲེལ་བའི་རྒྱུ་མ་བཅས་ཡིན་པ་ལས། ཕོ་བ་དང་པག་པ་སོགས་ལུས་ཀྱི་ཆ་ཤས་གཞན་དག་ཚུད་མེད་སྟབས། དེ་དག་ལ་སེམས་ཁྲལ་ཆེན་པོ་ཡོད་སྐོར་བརྗོད་བྱུང་

ཁོང་ལ་འབྲས་སྐྲན་གྱི་ནད་རྟགས་སྐོར་དྲིས་པར། ན་ཟུག་གཏོང་མགོ་ཚུགས་ཟིན་པའི་སྐབས་སུ་འབྲས་སྐྲན་ཆེན་པོ་ཆགས་ཡོད་པ་དང་། དེའི་གོང་ལྕེ་དང་ཁའི་ནང་གི་ཤ་མདོག་ལ་འགྱུར་པ་ཐེབས་པ། གཉེར་མ་འཁུམས་པ། ལྕེ་སྣེར་རྨ་ཐོན་པ། གདོང་པ་ནག་པོ་ཆགས་པ་དང་སྔོ་མདོག་ཅན་ཏུ་འགྱུར་པ། གློ་རྒྱག་སྐབས་མིད་པར་ཚ་ཤ་རྒྱག་པ་སོགས་ནི་ནད་རྟགས་ཡིན་སྐོར་བརྗོད་བྱུང་། འབྲས་ནད་ནི་བཅོས་ཐབས་མེད་པ་ཞིག་མིན་པ་མ་ཟད་ལྷག་པར་དུ་ཐོག་མའི་ནད་རྟགས་ཙམ་ལས་ནད་ཚ་ངོ་མར་མ་གྱུར་གོང་སྨན་བཅོས་སླ་བ་ཡིན་ཞིང་། ཁ་ལ་མཚོན་ན་ནད་རྟགས་ཐོན་ཙམ་གྱི་སྐབས་ལ་སྨན་བཅོས་འགྲོ་གྲོན་ཧིན་སྒོར་ ༥༠༠༠ ཙམ་དང་། འབྲས་སྐྲན་ཆགས་ཟིན་ན་ཧིན་སྒོར་ ༥༨༠༠༠༠ ལྷག་དགོས། འབྲས་སྐྲན་དེ་ཕོ་བའི་ནང་དུ་ཁྱབ་རྗེས་སྨན་རིན་ལྡབ་འགྱུར་གྱིས་འཕར་འགྲོ་ཚུལ་སོགས་བརྗོད་བྱུང་

འབྲས་སྐྲན་སྔོན་འགོག་སྐོར་དྲིས་བར་སྐབས་ཁོང་གིས། དུས་རྒྱུན་ཟ་མ་མང་པོ་མ་ཡིན་པར་ཚད་དང་རན་པ། བཅུད་ཅན་དང་སྔོ་ཚལ་རིགས་ཟ་དགོས་པ་དང་། ཤ་དང་ཞག་ཚིལ། སྣུམ་སོགས་གང་ཉུང་ཉུང་ཟ་རྒྱུ། ཐ་མ་དང་སྣ་ཐ། ཁཱེ་ནལ་རིགས་སྤངས་རྒྱུ་གལ་ཆེ་ཤོས་ཡིན་པ་ལས་ཉུང་དུ་གཏོང་གི་ཡིན་ཟེར་པ་དེར་ཕན་འབྲས་མེད་སྐོར། ཡང་དགེ་རྒན་ཚོས་ཉིན་ལྟར་ས་སྨྱུག་བེད་སྤྱོད་གཏོང་གི་ཡོད་པས་མིད་པར་འཛུལ་ཏེ་འབྲས་སྐྲན་ཕོག་ཉེན་ཆེ་སྐོར་སོགས་བརྗོད་བྱུང་

ཁོང་གིས་ འབྲས་སྐྲན་ལ་མཚོན་ན་སོ་སོའི་གཟུགས་པོའི་ནང་ཁྱབ་འགྲོ་བ་ལས་མི་གཞན་ལ་འགོས་ཁྱབ་འགྲོ་བའི་ཉེན་ཁ་མེད། གཙོ་བོ་མི་ཚང་མས་སོ་སོར་འབྲས་སྐྲན་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ཐ་མ་འཐེན་མཁན་ཞིག་ཡིན་ན་ངེས་པར་དུ་བརྟག་དཔྱད་བྱ་དགོས་ཞེས་འབོད་སྐུལ་གནང་སོང་

གསར་འགོད་པ། བནྡེ་སྐྱབས།

ཤོག་ངོས་འདི་ཐེངས་ ༡༨༣༡ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པའི་རལ་གྲི
༢༠༡༣/༠༦/༡༢ ཉིན་འདོན་སྤེལ་བྱས།
དངོས་གནས་ཡིད་ཆེས་མ་སོང་། དེ་འདྲ་ག་བ་ག་བ། མི་ལྔ་སྟོང་ནང་ནས་གཅིག་སྟོང་ཁ་ལྷག་ལ་ནད་ངས་དེས་ཁྱབ་ཡོད་ན། བོད་མའི་བརྒྱ་སུམ་བཅུ་ལྷག་ལ་ནད་ངན་དེས་ཁྱབ་ཡོད་པའི་ཚོད་དཔག་ཐུབ་ཀྱི་ཡོད་རེད། བརྟག་དཔྱད་བྱེད་མཁན་རྣམས་ནོར་བ་ཡིན་མིན་འགྲོ།
ནོར།
༢༠༡༣/༠༦/༡༡ ཉིན་འདོན་སྤེལ་བྱས།
“འཕྲོད་བསྟེན་ལས་ཁུངས་ཀྱིས་ང་ལ་ནད་ཚ་འདི་ངོས་འཛིན་བྱས་ཏེ་བཞག་ན་འགྲིག་གི་ཡོད་ཅེས་གསུངས་སོང་། ” སྐད་འདི་མཚར་བ་ལའང་
གང་ལྟར། མི་ ༥༠༠༠ ལས་ ༡༦༠༠ ལབ་དུས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ ༣༢ ཟིན་འདུག དེའི་སྒང་ལ་ TB དང་ Hib སོགས་བསྣན་ན་བརྒྱ་ཆ་ག་ཚོད་ཅིག་ལ་བསླེབས་རྒྱུ་ཡིན་ནམ། འདི་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་། ང་ཚོའི་སྤྱི་ཚོགས་འདི་ལྟར་བསམ་བློའི་ན་ཚས་གཅུན་པ་དང་ལུས་ཀྱི་ན་ཚའི་མནར་བ་ཡིན་ན། མ་འོངས་པར་འཐབ་རྩོད་ཅི་ལྟར་བྱེད་དམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།