རྒྱ་ནག་ཁྲིམས་ཞིབ་ཁང་གི་ལས་ཀ་གུང་ཁྲན་ཚོཊ་པའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན།

འདོན་སྤེལ། ༢༠༡༣/༠༦/༡༢

གཟའ་ཟླ་བའི་ཉིན་ནས་གོང་ས་མཆོག་གིས་ནེའུ་ཛི་ལན་ཌིའི་ནང་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ཆོས་འབྲེལ་དང་། གནད་ཡོད་མི་སྣར་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་དང་རྒྱ་ནག་གཞུང་གི་བྱེད་ཕྱོགས་ཐོག་བཀའ་སློབ་གནང་ཡོད།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་ནེའུ་ཛི་ལན་ཌི་གནས་སྡོད་བོད་མི་ཚོའི་ཕེབས་བསུའི་ཁྲོད་ཁི་རི་སི་ཆོར་ཆི་ (Christchurch) ཞེས་པའི་གྲོང་ཁྱེར་ནང་ཞབས་སོར་འཁོད་ཡོད་པ་དང་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོཡུལ་དེའི་ (MindFood magazine) ཞེས་པའི་དུས་དེབ་ཀྱི་གསར་འགོད་པ་ལྕམ་མཱ་རི་མེ་ཁེ་ལོའུ་སི་ཀེལ་ (Maari McCluskey) ཞུ་བས་༧གོང་ས་མཆོག་ལ་ཆོས་ཀྱི་བསམ་བློས་མིའི་འགྲན་སེམས་ཀྱི་བསམ་བློ་ཤུགས་ཆེར་འཕེལ་བ་འགོག་ཐབས་ལ་གྲོགས་བྱེད་ཐུབ་མིན་བཅར་འདྲི་ཞུས་པའི་ལན་དུ། ཁོང་གིས་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་ནང་སེམས་ལ་ཞི་བདེ་སྐྲུན་མི་ཐུབཅིང་། དེང་སྐབས་ང་བསམ་བློར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། དེ་དང་འབྲེལ་ཏེ་ཆོས་ལ་དོ་སྣང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པ། ང་ཚོས་འཕྲོད་བསྟེན་གལ་ཆེན་ཡིན་པ་ཡོངས་གྲཊ་ཀྱི་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། ནང་བསམ་བློའི་འཕྲོད་བསྟེན་དེ་བས་གལ་ཆེན་ཡིན་ངོས་འཛིན་བྱེད་དགོསསྐོར་སོགས་གསུངས་འདུག

དེའི་རྗེས་༸གོང་ས་མཆོག་ཀེན་ཊར་བྷེལ་རེའི་ (CBS Canterbury Arena) ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་མི་མང་ ༢༣༠༠ བརྒལ་བར།  སྤྱིར་བཏང་ནང་ཆོས་ཤར་ཕྱོགས་ནས་དར་བའི་ཆོས་ཤིག་ཡིནཔ་དང་  ས་ཆའི་ཆགས་ཚུལ་གྱི་ཐོག་ནས་ནིའུ་ཛི་ལེན་ཌི་ཤར་ཕྱོགས་པ་ཡིན་ཡང་། རིག་གཞུང་ནུབ་ཕྱོགས་ནས་དཔེ་བླངས་ཡོད་ལ། གདོད་མའི་སྐབས་སུ་ཕྱི་འབྲེལ་གྱི་མཐུན་རྐྱེན་ཡར་རྒྱས་ཕྱིན་མེད་སྟབས། སྤྱི་ཚོགས་གཅིག་གིས་སྤྱི་ཚོགས་གཞན་དང་འབྲེལ་བ་བྱ་རྒྱུ་ཧ་ཅང་དཀོན་པོ་ཡིན་ཡང་། དེང་སྐབས་གནས་སྟངས་ཡར་རྒྱས་ཕྱིན་སྟེ། འཛམ་གླིང་ནང་ཆོས་ལུགས་དང་རིག་གཞུང་འདྲ་མིན་མཉམ་གནས་བྱེད་པའི་སྤྱི་ཚོཊ་ཤིག་ཆཊ་ཡོད་པ་དང་། སྤྱིར་བཏང་རིག་གཞུང་གི་ཐོག་ནས་བཤད་ན་ནང་ཆོས་ནུབ་ཕྱོགས་པའི་ཆོས་ལུགས་ཤིག་མིན་ཡང་། དེང་སྐབས་ནུབ་ཕྱོགས་སུ་ནང་ཆོས་ཀྱི་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོདཅེས་སོགས་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་ནེའི་ཛུ་ལེན་ཌིའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ ༡༢ ལ་མཇལ་འཕྲད་ཀྱིས་རྒྱ་ནག་གི་སྲིད་འཛིན་རིམ་པའི་ལས་དོན་བྱེད་ཕྱོགས། བོད་པའི་ཆབ་སྲིད་ཀྱི་གནས་སྟངས་བཅས་ཀྱི་ཐོག་བཀའ་སློབ་གནང་སྐབས། “ རྒྱ་ནག་རྒྱལ་ཁབ་དང་རྒྱ་མི་རིགས་ལ་མཚོན་ན་ངོ་མཚར་ལྡན་པ་ཞིག་ཡིན་ཡང་། དཀའ་ངལ་གཙོ་བོ་རྒྱ་ནག་གཅིག་བསྡུདབང་འཛིན་ལམ་ལུཊ་གུ་དོག་པོ་དེར་ཐུག་ཡོད། རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ལ་གཞི་བཅོལ་ཏེ་བདེན་རྫུན་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ལྡན་ཡོད་སྟབས། རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་སོཊ་ལ་དམ་དྲག་བྱེད་ཀྱིན་པ་དེ་བཟང་སྤྱོད་དང་ཡོངས་སུ་འགལ་ཡོད། རྒྱ་ནག་ནང་ཁྲིམས་ལུགས་སྟངས་འཛིན་བྱེད་མཁན་ཁྲིམས་ཞིབ་ལས་ཁུངས་ཀྱི་ལས་དོན་གཙོ་བོ། རྒྱ་ནག་གུང་ཁྲན་ཚོཊ་པའི་ལས་དོན་བསྒྲུབ་རྒྱུ་དེ་ཡིན་སྟབས། ཁྲིམས་ལུགས་དབང་བསྒྱུར་དང་འབྲེལ་བའི་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་རྒྱལ་སྤྱིའི་གནས་ཚད་ཐོག་བསླེབ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། རྒྱ་ནག་ནང་མའོ་ཙེ་ཏུང་གིས་གུང་ཁྲན་རིང་ལུཊ་ཀྱི་ལྟ་གྲུབ་གཙོ་འདོན་བྱས་ཏེཕྱིན་པ་དང། ཏིན་ཞའོ་ཕིན་གྱིས་དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ་རྒྱ་ནག་འཛམ་གླིང་ཕྱི་ལ་སྒོ་མོ་ཕྱེ་ཡོད། ཅང་ཙེ་མིན་གྱིས་མང་ཚོགས་ཀྱི་ཁེ་ཕན་གཙོ་འདོན་བྱས་ཡོད། ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་སྤྱི་ཚོཊ་གཙོ་འདོན་བྱས་ཡོད་ཀྱང་། ལམ་ལྷོངས་བྱུང་མེད། ལྟ་གྲུབ་ལ་སྐྱོན་གང་ཡང་མེད་ཀྱང་། ཐབས་ལམ་དྲག་པོའི་ཐོག་ནས་འཆམ་མཐུན་བསྐྲུན་ཐབས་བྱས་པ་དེ་ནོར་བ་རེད། དྲག་པོ་ནི་ཕན་ཚུན་ཡིད་ཆེས་གཏོར་བཤིག་གཏོང་མཁན་གཙོ་བོ་དེ་ཡིན། ཧུའི་ཅིན་ཐའོ་ཡི་དམིགས་ཡུལ་ཧ་ཅང་ཡག་པོ་ཡོད་ཀྱང་། ཐབས་ལམ་ནོར་བ་རེད། ད་ཆ་ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་ཚོགས་པའི་གོ་ཁྲིད་ལྔ་པ་དེ་ཆགས་ཡོད། རྒྱ་ནག་མི་དམངས་ནང་འཆམ་མཐུན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།ཅེས་གསུངས་ཡོད།

བོད་མིའི་ཆབ་སྲིད་གནས་སྟངས་ཐོག་ང་ཚོས་རང་བཙན་རྩོད་ཀྱི་མེད། དུས་རབས་བདུན་པ་དང་བརྒྱད་པ། དགུ་པའི་སྐབས་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ནི་རྒྱ་ནག་གི་ཡིག་འིནང་དུའང་ཧ་ཅང་གསལ་བོ་བཀོད་ཡོད། འོན་ཀྱང་། དུས་ཚོད་རིམ་བཞིན་འགྱུར་འགྲོ་གི་ཡོད།  རྒྱ་གར་ལ་མཚོན་ན། དབྱིན་ཇིས་དབང་བསྒྱུར་མ་བྱས་སྔོན་རྒྱ་གར་ནང་རྒྱལ་ཕྲན་སིལ་བུ་ཆེ་ཆུང་མང་པོ་ཡོད། རྒྱལ་ཕྲན་སིལ་བུ་དེ་དག་གིས་སོ་སོའི་ས་ཐོག་ཏུ་རང་བཙན་གྱི་ངོ་བོའི་ཐོག་དབང་བསྒྱུར་བྱས་ཡོད་ཀྱང་། རང་བཙན་ཐོབ་རྗེས་རྒྱལ་ཕྲན་སིལ་བུ་ཡོངས་རྫོགས་ཟླ་སྒྲིལ་བཏང་སྟེ་རྒྱ་གར་ཞེས་རྒྱལ་ཁབ་གཅིག་ཆགས་ཡོད། ཡིན་ནའང་། རྒྱ་གར་ནང་ལུང་ཚན་འདྲ་མིན་ཡོད་པ་དེ་དག་ནང་སོ་སོའི་སྐད་ཡིག་དང་རིག་གཞུང་རྒྱུན་སྐྱོང་ཐོག་ནས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་སྤོ་བཞིན་ཡོད། ང་ཚོ་བོད་མི་ཚོར་ཡང་ཡར་རྒྱས་དགོས། དེང་སྐབས་བོད་མི་ཚོས་ཉེན་ཁར་མ་འཛེམས་པར་ནུབ་ཕྱོགས་སུ་འགྲོ་བཞིན་ཡོད། ཁོང་ཚོས་ནུབ་ཕྱོགས་སུ་ལས་ཀ་དང་དཔལ་འབྱོར་ལས་ཆོས་དོན་གཉེར་ཆེད་འགྲོ་གི་མེད། དེར་བརྟེན་གལ་ཏེ་ང་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར། བོད་མི་ཚོར་དོན་དམ་གྱི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་སྟེ། བོད་མི་ཚོས་རང་གི་ཆོས་དང་རིག་གཞུང། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་སྤྲད་པ་ཡིན་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ནས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཡོད། ཅེས་གསུངས་ཡོད།

གསར་འགོད་པ། དོན་གོ
ཤོག་ངོས་འདི་ཐེངས་ ༡༥༨༣ ལ་བཀླགས་འདུག
རིག་པ་འདོན་པ།
གནས་ཚང་
༢༠༡༣/༠༦/༡༢ ཉིན་འདོན་སྤེལ་བྱས།
དཔལ་འབྱོར་ལ་སྐྱབས་སུ་མཆི། ཀྲུང་གོའི་རྩ་ཁྲིམས་ལ་སྐྱབས་སུ་མཆི། ད་དུང་ག་རེ་ལྷག་འདུག་གམ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།