རེབ་གོང་དུ་སེར་བ་ཆེན་པོ་བབས།

འདོན་སྤེལ། ༢༠༡༣/༠༦/༡༥


དེ་རིང་ཕྱི་དྲོ
འིབོད་ནང་གི་ཆུ་ཚོད་ ༥ ཡས་མས་སུ་བོད་མདོ་སྨད་རེབ་གོང་ཁུལ་ཐོག་ཏུ་སེར་བ་ཆེན་པོ་བབས་ཏེ། རླངས་འཁོར་དང་མང་ཚོགས་ཀྱི་ཁང་པའི་སྒེའུ་ཁུང་སོགས་ལ་བཅག་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ད་ལྟའི་ཆར་མི་ཕྱུགས་དང་། འབྲུ་ཞིང་སོགས་ལ་གནོད་འཚེ་ཕོག་ཡོད་མེད་ཀྱི་གནས་ཚུལ་ཐོན་མི་འདུག

རེབ་གོང་ཁུལ་ཐོག་གི་བོད་མི་ཞིག་གིས་བརྗོད་པ་ལྟར་ན། སེར་བ་ཆེན་པོ་བབས་ཏེ་ཁུལ་ཐོག་གི་རླངས་འཁོར་ཁག་གི་སྒེའུ་ཁུང་བཅག་པ་མ་ཟད། རླངས་འཁོར་གྱི་ཀླད་ཀྱང་བརྡིབསཡོད་པ་དང་། རེབ་གོང་ཁུལ་ཐོག་གི་ཁང་ཁྱིམ་དག་གི་ཤེལ་ཁང་གཅིག་ཀྱང་མ་ལུས་པར་བཅག་ཉུལ་བཏང་ཡོད་འདུག ཁོས་མུ་མཐུད་དུ་བརྗོད་པ་ལྟར་ན། སེར་བ་ཆེན་པོ་དེ་རེབ་གོང་རྨ་ལྷོ་ཁུལ་ཐོག་ཤུགས་ཆེ་ཤོས་ཆགས་ཡོད་པ་དང་། རེབ་གོང་སེང་གཞུང་མན་ཆད་དང་བིས་པ་ཡན་ཆད་དུ་གནོད་སྐྱོན་ཐེབས་མེད་སྐོར་བརྗོད་འདུག

ཤོག་ངོས་འདི་ཐེངས་ ༢༦༡༠ ལ་བཀླགས་འདུག
རིག་པ་འདོན་པ།
སྟོང་བཙན་མགར་བུ།
༢༠༡༣/༠༦/༡༧ ཉིན་འདོན་སྤེལ་བྱས།
འེ་ཡིན་གལ་སྲིད་དེ་འདྲའི་ཡིན་ན། ཡུལ་ལྷ་གཞི་བདག་ནོར་སོང་བ་འདྲ། གཟབ་དགོས་བ་དེ་ཁོང་ཚོ་ཡིན་རྒྱུ་རེད།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༦ ཉིན་འདོན་སྤེལ་བྱས།
འདི་འབྱུང་བ་འཁྲུགས་པ་ཙམ་མིན་པར། ཡུལ་ལྷ་གཞི་བདག་འཁྲུགས་པ་ཡང་མིན་ནམ་སྙམ་ལགས། བོད་རིགས་ཀུན་གྱིས་ཀྱང་། གཟབ་དགོས་པ་ཤིན་ཏུ་མང་ངོ་།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།