མི་འབོར་འཕེལ་རྒྱས་ཀྱི་འཇིཊ་སྣང་

འདོན་སྤེལ། ༢༠༡༣/༠༦/༡༥

འཛམ་གླིང་གི་མི་འབོར་མུ་མཐུད་འཕར་བཞིན་ཡོད་པ་དང་མ་འོངས་པའི་ལོ་བཅུ་གྲངས་རྗེས་རྒྱ་གར་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུ་རེད་ཟེར།

ཕྱི་ཚེས་ ༡༣ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཞིབ་བཤེར་ལྷན་ཁང་གིས་འཛམ་གླིང་གི་མི་འབོར་བསྐྱར་ཞིབ་སྐོར་གྱི་སྙན་ཐོ་འདོན་སྤེལ་བྱས་པའི་ནང་དེང་སྐབས་འཛམ་གླིང་ཐོག་མི་འབོར་ཐེར་འབུམ་ ༧།༢ ཡོད་པ་དང་༢༠༢༥ ལོར་མི་འབོར་ཐེར་འབུམ་ ༨།༡ ལ་འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་ཅིང་འབྱུང་འགྱུར་ཀྱི་ལོ་ ༡༢ ནང་འཛམ་གླིང་མི་འབོར་ཐེར་འབུམ་ འཕར་རྒྱུ་ཡིན་པ་དང་ ༢༠༥༠ ལོར་འཛམ་གླིང་གི་མི་འབོར་ཐེར་འབུམ་ ཆགས་རྒྱུ་ཡིན་འདུག

དེང་སྐབས་མི་འབོར་འཕེལ་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་དག་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ཆགས་ཡོད་པ་དང་། དེ་དག་ནི་ཨེ་ཤ་ཡ་དང་ལྷོ་ཨ་མི་རི་ཀ ཨ་ཧྥི་རི་ཀ་བཅས་ཡིན་པ་དང་། ལྷག་པར་དུ་ཨ་ཧྥི་རི་འིམི་འབོར་འཕེལ་ཚད་ཀྱིས་འཛམ་གླིང་སྤྱི་ཡོངས་ཀྱི་མི་འབོར་འཕེལ་ཚད་ལས་བརྒྱ་ཆ་ཕྱེད་ཙམ་ཟིན་ཡོད་འདུག ཡིན་ནའང  ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་ཏུ་ཕྱི་ཡོང་མི་འབོར་འཕུད་བུ་ཕྲུག་སྐྱེ་འཕེལ་གྱི་གྲངསའབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུག

སྙན་ཐོའི་ནང་རྒྱལ་ཁབ་སོ་སོའི་མི་འབོར་འཕེལ་རྒྱས་སྐོར་ལ་ཚོད་རྩིས་བྱས་པ་ལྟར་ན། ནེ་ཇི་རེ་ཡ་(Nigeria)ནི་འཛམ་གླིང་ཐོག་གི་མི་འབོར་འཕེལ་རྒྱས་མགྱོགས་ཤོས་དེ་ཆགས་ཡོད་པ་དང་ ༢༠༥༠ ལོར་ནེ་ཇི་རེ་ཡིའི་མི་འབོར་ས་ཡ་ ༤༤༠ ཆགས་ཏེ་ཨ་རིའི་མི་འབོར་ས་ཡ་ ༤༠༠ ལས་བརྒལ་རྒྱུ་ཡིན་པ་དང་དུས་རབས་འདིའི་དུས་མཇུག་ཏུ་ནེ་ཇི་རེ་ཡའི་མི་འབོརས་ ༩༡༤  ལ་འཕེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

༢༠༢༨ ལོར་རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་མང་བ་ཆགས་ཏེ་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་རྒྱུ་ཡིན་པ་དང་། ད་ལྟ་རྒྱ་གར་གཞུང་གིས་སྐྱེས་སྒོ་འགོག་པའི་ཐབས་ཤེས་སྣ་ཚོགས་བྱེད་ཀྱིན་ཡོད་ཀྱང་རིག་གཞུང་གི་རྒྱབ་ལྗོངས་དང་ཤེས་ཡོན་སློབ་གསོ་བཅས་ཀྱི་དབང་གིས་མུ་མཐུད་མི་འབོར་འཕེལ་བཞིན་ཡོད་འདུག

༡༩༧༩ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བཟའ་མི་གཉིས་ལ་བྱིས་པ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་གཏན་འབེབས་ཀྱིས་སྐྱེས་སྒོ་འགོག་པའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་སྟབས། ༢༠༣༠ ལོའི་རྗེས་སུ་རྒྱ་ནག་གི་མི་འབོར་འཕེལ་ཚད་ཇེ་དལ་དུ་འགྲོ་རྒྱུ་ཡིན་ཡང་། རྒན་ཡོལ་གྱི་གྲངས་ཚད་དེ་གཞོན་སྐྱེས་ལས་ཀ་བྱེད་མཁན་ལས་མང་དུ་འཕེལ་ཏེ། གཞོན་སྐྱེས་གཅིག་གིས་རྒན་འཁོག གསོ་དགོས་པ་ཆགས་རྒྱུ་ཡིན་པ་དང་། དེས་རྒྱ་ནག་གི་དཔའ་འབྱོར་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་འདུག

དེང་སྐབས་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་དང་འཕྲོད་བསྟེན་མཐུན་རྐྱེན་སོགས་ཡར་རྒྱས་ཆེན་པོ་སོང་ཡོད་སྟབས། མིའི་ཚེ་ཚད་ཇེ་རིང་ཏུ་སོང་ཡོད་པ་དང་སྙན་ཐོ་ནང ༡༠༠༥ ནས་ ༢༠༡༠ ལོའི་བར་འཛམ་གླིང་སྤྱི་ཡོངས་ཀྱི་མིའི་ཚེ་ཚད་ལོ་ ༦༩ འཕར་ཡོད་དང་རྗེས་མ་ ༢༠༤༥ ནས་ ༢༠༥༠ ལོའིབར་ཚེ་ཚད་ ༧༦ འཕར་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག

ཤོག་ངོས་འདི་ཐེངས་ ༣༡༧༨ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༦ ཉིན་འདོན་སྤེལ་བྱས།
ད་ནས་བཟུང་ངས་ཕྲུ་གུ་གསར་བསྐྲུན་མི་བྱ་རྒྱུ་མེད་དམ་བཅའ་བྱེད་བགྱིད་ཡིན། ཁྱོད་ཀྱིས་ཀྱང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།