དབང་ཆེན་སྒྲོལ་མ་ལཊ་འདས་གྲོངས།

འདོན་སྤེལ། ༢༠༡༣/༠༦/༡༨

ཉེ་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་སྦར་ཞབས་བྲག་དཀར་གནས་རུའི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་དར་མདོའི་སྨན་ཁང་ཞིག་ཏུ་གཟའ་སྤེན་པའི་དགོང་དྲོར་སྐུ་གྲོངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥།༢༠ ཙམ་། ཁམས་རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་སུ་བཙུན་མ་ཞིག་གིས་རང་ལུས་མེར་བསྲེཊ་བཏང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་ཁོང་མོ་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་ཡོད་པ་མ་ཟད། ས་གནས་ཀྱི་བརྒྱུད་ལམ་ཆ་ཚང་ལ་བཀག་སྡོམ་བྱས་ཏེ་བཙུན་མ་དེའི་མཚན་དང་ཤི་གསོན་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གནས་ཚུལ་ཐོན་པ་ལྟར་ན། རང་ལུས་མེར་བསྲེཊ་གནང་མཁན་གྱི་བཙུན་མ་དེའི་མཚན་ལ་དབང་ཆེན་སྒྲོལ་མ་ཞུ་བ་དང་ཕྱི་ཚེས་ ༡༤ ཉིན་གྱི་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ཙམ་ལ། དར་མདོའི་སྨན་ཁང་ཞིག་ཏུ་ཁོང་མོ་འདས་གྲོངས་སུ་གྱུར་ཡོད་དང་། འདས་གྲོངས་སུ་ཕྱིན་རྗེས། སྐུ་ཕུང་ཁྱིམ་མིར་མ་སྤྲད་པར་སྨན་ཁང་དེ་གའི་གློག་གི་རོ་སྲེག་ཁང་ཞིག་ནས་སྐུ་ཕུང་མེར་བསྲེགས་བཏང་ཡོད་པ་མ་ཟད། ཉིན་དེར་ས་གནས་སྲིད་གཞུང་གི་མི་སྣ་འདས་པོའི་ཁྱིམ་དུ་ཡོང་ནས་བསྔོ་སྨོན་འདས་མཆོད་དུ་ཕེབས་པའི་ས་གནས་སེར་སྐྱ་ཚོ་ལ་བཀག་འགོག་དང་འདས་པོའི་ཁྱིམ་མི་ཚོའི་འགྲོ་འདུག་ལ་སྟངས་འཛིན་བྱེད་བཞིན་ཡོད་འདུག  

བཙུན་མ་དབང་ཆེན་སྒྲོལ་མ་ལཊ་ནི་ཁམས་རྟའུ་རྫོངམི་ཉག་འདྲ་པ་བྲག་ཐོག་ཡུལ་ཚོ། བྲག་ཐོག་གྲོང་པའི་རྒྱལ་འབུམ་ཚང་ཟེར་ནས་ཡིན་པ་དང་། ཁོ་མོའི་ཕ་མིང་ལ་བསྟན་འཛིན་དང་མ་མིང་ལ་གཡུ་སྒྲོན་ཟེར་བ་དང་། བཙུན་མ་ཁོང་གི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཞུ་བ་དང་རང་ལོ་ ༣༡ ཡིནའདུག དེ་སྔོན་ཁམས་རྟའུ་སྦར་ཞབས་བྲག་དཀར་ཟེར་བའི་གནས་རི་ཞིག་ཏུ་གྲྭ་བཙུན་གཉིས་ལྡན་གྱི་རྙིང་དགོན་ཞིག་ཡོད་པ་དེར་ཆོས་ཞུགས་གནང་ཡོད་འདུག

ཤོག་ངོས་འདི་ཐེངས་ ༡༧༢༦ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ཨེ་ཤི་ཡ་ཡི་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་རྒྱ་ལས།


བོད་སྐད་སྡེ་ཚན། | གསར་འགྱུར།
འཚེ་བ་མེད་པའི་ལས་འགུལ་རེད།
2013-06-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

པར་བཀོད།
འགྲེམ་སྤེལ།
མཆན།
གློག་འཕྲིན།

འཚེ་བ་མེད་པའི་ལས་འགུལ་རེད།
ཨེ་བི་སི་གསར་ཁང་གི་བཅར་འདྲིའི་ལས་རིམ།
༧སྐུ་སྒེར་གྱི་དྲ་གནས།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོས་ཊྲེ་ལི་ཡ་ནང་ཞབས་སོར་འཁོད་པ་དང་བསྟུན། ཨེ་བི་སི་གསར་འགྱུར་ལས་ཁང་ནས་༧གོང་ས་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་གནང་འདུག དེ་ཡང་༧མགོན་པོ་གང་ཉིད་ཀྱི་སྐུ་ཚེ་འདིའི་ནང་བོད་རྒྱ་ཞི་སྒྲིག་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་སྐབས། རྒྱ་ནག་གཞུང་ནས་དོན་དངོས་ཀྱི་གནས་སྟངས་ངོས་ལེན་བྱེད་དགོས་པ་ཞིག་ཡིན་སྐོར་བཀའ་གནང་བ་དང་འབྲེལ། ངེས་པར་དུ་ཞི་སྒྲིག་ཡོང་གི་རེད་བསམ་གྱི་འདུག ཅེས་བཀའ་གནང་འདུག ཡང་དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་བཞིན་པ་དང་འབྲེལ་བའི་ཐོག་ལ་བཀའ་འདྲི་ཞུས་སྐབས། རང་ལུས་མེར་བསྲེག་གནང་རྒྱུ་དེ་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་སྐོར་བཀའ་གནང་འདུག དེ་ཡང་རང་སྲེག་གནང་མཁན་ཚོས་འབར་རྫས་འགས་གཏོར་བྱས་པ་སོགས་ཀྱི་བརྒྱུད་ནས་གཞན་ལ་གནོད་འཚེ་བྱེད་ཐུབ་ཀྱི་ཡོད་ཀྱང་། དེ་ལྟར་མ་ཡིན་པར་རང་སྲོག་བློས་བཏང་བྱས་པ་དེ་འཚེ་མེད་ཞི་བའི་ལས་འགུལ་ཞིག་རེད་ཅེས་བཀའ་གནང་འདུག། ་
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ཁམས་རྟའུ་ཡ་མཚོ་དགོན་པའི་ཉེ་འཁྲིས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་སྦར་ཞབས་བྲག་དཀར་གནས་རུའི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་དར་མདོ་སྨན་ཁང་ཞིག་ཏུ་གཟའ་སྤེན་པའི་དགོང་དྲོར་སྐུ་གྲོངས་པ་ལ་མྱ་ངན་གུས་དུད་ཡོད། ད་ཁོང་གི་རྗེས་ལ་སུ་གང་གིས་ཀྱང་བོད་སྤྱི་པའི་དོན་དུ་ཡང་རང་ལུས་མེར་སྲེག་མི་ཡོང་བའི་སྨོན་ལམ་ཡོད་ལགས། །
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།