ཨོའུ་ཌ་རཱ་ཀང་ནང་ཆུ་ལོག་གི་གནོད་སྐྱོན།

འདོན་སྤེལ། ༢༠༡༣/༠༦/༡༧

ཁ་སང་གཟའ་ཉི་མའི་ཉིན་རྒྱ་གར་གྱི་མངའ་སྡེ་ཨོའུ་ཌ་རཱ་ཀང་ནང་ཆུ་ལོག་གི་གནོད་སྐྱོན་བྱུང་སྟེ། མི་ ༡༠ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༥༠ ལྷག་གར་ཡོད་མ་ཤེས་པར་ལྷག་འདུག   

ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་གར་བྱང་ཕྱོགས་ཨོའུ་ཌ་རཱ་ཀང་ (Uttarakhand) མངའ་སྡེའི་ནང་ཆར་བ་ཤུགས་ཆེར་བབས་ཡོད་པ་དང་། ཆར་བ་དེའི་རྐྱེན་པས་མངའ་སྡེའི་གྲོང་ཁྱེར་ཨུ་ཌ་ཀ་ཤི་ (Uttarkashi) དང་ཅ་མོ་ལི་གྲོང་སྡེ་ (Chamoli)། ཀི་ཌ་མེ་ཐཱ་ (kedamath Valley) གྲོང་སྡེ་བཅས་དང་། ཨོའུ་ཌ་རཱ་ཀང་ནང་ཡོད་པའི་ཀེ་ཌམ་ (Char Dham) གཙོས་པའི་ཧིན་རྡུའི་གནས་ཆེན་ཁག་ ༤ བཅས་སུ་ཆུ་ལོག་བྱུང་སྟེ་མི་ ༡༠ རྐྱེ་ལམ་དུ་ཕྱིན་ཡོད་པ་དང་མི་ ༥༠ ལྷག་ད་ལྟ་ར་ཡོད་མ་ཤེས་པར་ལྷག་ཡོད་པ་མ་ཟད། ས་གནས་དེ་དག་གི་ཁང་པ་ ༡༠༠ ལྷག་ལ་གཏོར་སྐྱོན་ཚབས་ཆེན་བཏང་འདུག

ཐེངས་འདིའི་ཆུ་ལོག་གི་གནོད་སྐྱོན་དེས་མངའ་སྡེའི་ས་གནས་ཁག་གི་ལམ་ཁ་དང་ཟམ་པ། མི་མང་གི་སྡོད་ཁང་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ས་གནས་སུ་ཡོད་པའི་གནས་སྐོར་བ་ཁྲི་ ༣ ལྷག་གི་འགྲོ་ལམ་བཀག་ཡོད་འདུག་ལ།  ཁ་སང་ཨོའུ་ཌ་རཱ་ཀ་ཤིའི་ཨེ་སེ་གྷང་གཱ་ (Assiganga) ཞེས་པའི་རྒྱུགས་ཆུ་ཆེ་རུ་ཕྱིན་སྟེ་ས་གནས་ཀྱི་རླངས་འཁོར་དང་གློག་གི་འཕྲུལ་ཆས་མང་པོ་ཆུས་འཁུར་ཡོད་པ་དང་། ས་གནས་མི་མང་ཉེན་ཡོལ་ཆེད་ས་ཆ་མཐོ་སར་འགྲོ་དགོས་བྱུང་ཡོད་འདུག  ད་ཆར་མངའ་སྡེ་གཞུང་གིས་ (Border Roads Organisation) ཚོགས་པའི་ལས་བཟོ་བ་དང་། རྒྱ་བོད་མཐའ་མཚམས་དམག་མིའི་ (Indo-Tibetan Border Police) རུ་ཁག་བཅས་མངའ་སྡེའི་ནང་ཡོང་སྟེ་ས་གནས་མི་མང་ལ་རོགས་སྐྱོར་བྱེད་ཀྱི་ཡོད་འདུག

ཤོག་ངོས་འདི་ཐེངས་ ༢༧༦༦ ལ་བཀླགས་འདུག
རིག་པ་འདོན་པ།
ཟླ་བ་ཚེ་རིང་
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ཉིན་འདི་གར་རྒྱ་གར་བྱང་ཤར་ཁུལ་དུ་ཆར་དུས་འགོ་བཙུགས་ཡོད་པ་རེད། རྒྱ་གར་རྒྱལ་ས་ལྡི་ལིར་ཆར་བ་ཤུགས་ཆེན་བབས་ཏེ་གནམ་གྲུ་འབབ་ཐང་ཁ་ཤས་ལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག ད་དུང་རྒྱ་གར་གྱི་ས་གནས་ཁག་འགའ་རེའི་གྲོང་ཁྱེར་ནང་ཆུ་བྱུང་སྟེ་ཁང་པ་བརྡིབ་པ་དང་ལམ་ཁ་ཞིག་པ་སོགས་ཀྱི་གནས་ཚུལ་མང་པོ་འཐོན་བཞིན་འདུག བོད་མི་ཚོས་ཀྱང་གང་གཟབ་གཟབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།