བལ་སྒོར་འབུམ་ ༨༨ ལྐོག་ཟ་བྱས་འདུག

འདོན་སྤེལ། ༢༠༡༣/༠༦/༡༧

བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་ས་གནས་མགོ་འཛིན་ལས་ཁང་གི་རྩིས་པ་ཟུར་པ་འཆི་མེད་རྡོ་རྗེ་ཡིསས་ཆ་ཉོ་སྒྲུབ་བྱས་ཚུལ་གྱི་ཡིག་ཆ་དང་རྩིས་ཁྲ་རྫུན་མ་བཟོས་ཏེ། བལ་སྒོར་འབུམ་ ༨༨ སྒེར་ཟོས་བྱས་ཡོད་འདུག

འཆི་མེད་རྡོ་རྗེ་ ༡༩༩༢ ལོའི་ཟླ་ ༡ ཚེས་ ༡ ནས་བལ་ཡུལ་འཇོ་ཁེལ་བཟོ་གཞིས་ལས་ཁང་གི་རྩིས་པ་ཡིན་པའི་སྐབས་དང་། དེ་རྗེས་ ༢༠༠༩ ལོའི་ཟླ་ ༡༢ ཚེས་ ༡ ནས་ས་གནས་མགོ་འཛིན་ལས་ཚབ་དང་རྩིས་པ་གཅིག་ལྕོགས་ཡིན་པའི་སྐབས་གཉིས་སུ་སྤྱི་དངུལ་འབོར་ཆེན་ལྐོག་ཟ་བྱས་ཡོད་འདུག

འཆི་མེད་རྡོ་རྗེ་ནི་ཕ་ཚེ་འདས་ཚེ་རིང་ཆོས་འཕེལ་དང་མ་བསོད་ནམས་དབྱངས་འཛོམས་གཉིས་སུ་ ༡༩༦༢ ལོར་ཨ་སམ་དུ་སྐྱེས་ཤིང་། ངྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་ ༡༠ པ་ཐོན་རྗེས་རྡོར་གླིང་མཐོ་སློབ་ཏུ་ཕྱིན་ཡོད་པ་དང་། ད་ལྟའི་སྡོད་གནས་ཀ་སྦུག་ནས་ཡིན་འདུག

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ཐོག ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་ཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

ཤོག་ངོས་འདི་ཐེངས་ ༤༤༢༢ ལ་བཀླགས་འདུག
རིག་པ་འདོན་པ།
གཡག
༢༠༡༣/༠༦/༢༣ ཉིན་འདོན་སྤེལ་བྱས།
བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚན་ཆེད་འཛུགས་གནང་དགོས་གལ་ཆེ།ཚོགས་པ་སྐྱིད་སྡུག་མི་བཏགས་ཏེ་སྦྱིན་བདག་འཚོལ་བ་དང་བོད་མི་རེ་བཟུང་གི་སོ་སོར་ཁེ་བཟང་ངམ་དཔལ་འབྱོར་བཟོས་ཀྱིས་ཡོད་ཚུལ་འདུག
སྤྱི་བའི་རྒྱུ་ནོར་སྒེར་བདག་གྱུར་བ་དེ་ཡག་པོ་མི་འདུག
ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཏེ་བརྟག་དཔྱད་ཡག་པོ་བྱེད་ནས་ལྐོག་ཟ་རུལ་སུས་དེ་དག་སུ་ཡིན་མིན་མི་དམངས་ཤེས་རྟོགས་ཡོང་བ་བཟོ་དགོས།
དེ་འདྲའི་བྱུང་ན་གཙང་མ་ཡིན་མིན་ཤེས་ཐུབ་ལ་མི་དམངས་ཀྱི་དོག་པ་སེལ་ཐུབ།
ཧོར་བུ་ཡེ་ཤེས
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
རྐུ་མ་ཚོ་ཐུགས་ཆཻ་སྔོན་རྒྱ་མིས་བཅོམ་ད་ལྟ་ཁྱོད་ཚོས་བཅོམ་ངོ་མ་བོད་མི་ཉམས་ཆུང་ཚོ་སྙིང་རྗེ་རེད །ད་དུང་ས་གནས་མང་པོ་ལ་དོག་པ་ཆེན་པོ་ཡོད་པ་རེད །ནང་སྲིད་ལས་ཁུངས་ཀྱིས་ཞིམ་འཇུག་ཡག་པོ་བྱ་དགོས་ །རྐུ་མ་ངོ་མ་ཚ་ན་བོད་གཞུང་ག་རེ་བྱེད་དེ་ངོ་ཚའམ་རང་ལ་ཐག་བཅོད་ནན་མོའི་དབང་ཆ་མེད་ན་ཡང་ །ས་གནས་གཞུང་གི་ཁྲིམས་ཁང་ལ་བསྐྱལ་རོགས་ཞུ་རྒྱུ་ཡིན།
ཤེས་རབ
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ག་དུས་ཡིན་ཡང་ཐར་བ་གཏོང་མི་རུང་བའི་རྐུན་མ་འདི་ཚོ་ལ་ཅིའི་ཕྱིར་ཁྲིམ་ཐག་ནན་པོ་ཞིག་གཅོད་མ་ཐུབ་པ་རེད། གལ་སྲིད་ཁོང་ཚོ་ལ་ཁྲིམ་ཐག་ནན་པོ་ཞིག་གཅོད་མ་ཐུབ་ན་དེ་དག་གི་རྐུན་སྣེ་དེ་ག་བ་ཟུག་ཡོད་མེད་ལ་ཧ་ཅང་དོག་པ་ཆེ། སེང་གེ་ལགས་ཐུགས་རྗེ་གཟིགས་ཁྲེལ་མེད་དེ་དག་ནམ་ཡང་ཐར་པ་མ་གཏོང་རོགས། བོད་མི་ཉམས་ཆུང་དེ་དག་གི་སོ་སོའི་འགྲོ་སོང་གཏོང་ནས་ཕྱིར་ལོགས་སུ་འགྲོ་ཡ་ཐབས་ཤེས་བྱེད་པ་ལ་སྒྲིགས་འཛུགས་ངོས་ནས་རྒྱབ་གཉེར་ཙམ་ལ་ཡང་དཀའ་ལས་མང་པོ་འཕྲོད་ཀྱི་ཡོད་པའི་སྐད་ཆ་མང་པོ་གོ་ཡ་ཡོད་རེད
མཉམ་ཞུགས
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
བོད་གཞུང་ངོས་ནས་ངེས་པར་དུ་རྐུན་མ་དེ་དག་ལ་ཐག་གཅོད་ནན་པོ་ཞིག་བྱེད་དགོས་པ་ཡིན། ཧ་གོ་བ་གཅིག་པུ་འབུམ་བརྒྱད་ཅུ་གྱ་བརྒྱད་ཡིན་ཚེ་ཧ་མ་གོ་བའི་ཙག་ཙིག་བཅས་བསྡོམས་པ་ཡིན་ན་ཕལ་ཆེར་འབུམ་བརྒྱ་ལོངས་པ་ཐག་གཅོད་ཐུབ་པ་ཡིན། འོན་ཀྱང་གཞུང་གི་ངོས་ནས་ད་དུང་"ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་"ཞེས་སྐད་ཆ་སྙན་པོ་འདྲ་བཤད་ནས་བསྡད་ཡོད། འདི་ནི་མི་གཞན་པ་ཕར་ཞོག་མཐའ་བྱིས་པ་ལོ་བརྒྱད་ཅིག་གིས་གོ་ཡང་གད་མོ་ཤོར་ངེས་རེད། སྒྲིག་འཛུགས་ངོས་ནས་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་ཅེས་པའི་ནང་ཅི་ཞིག་ཚུད་ཀྱི་ཡོད་དམ། ཅི་ཞིག་འགོག་གི་ཡིན་ཟེར་གྱི་ཡོད་དམ།ཁོ་ལ་གཞུང་གི་ངོས་ནས་ཕན་གྲོགས་ཅི་དགོས་ཀྱི་མེད་པ་གསལ་བོ་གསལ་རྐྱང་ཡིན། ཁོ་ལ་ཉུང་མཐར་ཡང་གཞུང་གི་ངོས་ནས་འབུམ་བརྒྱད་ཅུ་གྱ་བརྒྱད་ཕན་གྲོགས་གནང་ཟིན་པ་རེད། དངོས་ནས་དེང་གི་འབྲེལ་ཡོད་ལས་སྣེ་བ་རྣམས་ནས་སེམས་པ་རྣམ་དག་གི་གཞུང་དང་མི་དམངས་ལ་ཤ་ཚ་ཡོད་ཚེ་རྐུན་མ་རྫབ་ཆེན་འཆི་མེད་རྡོ་རྗེ་གཙོས་ཉེ་ཆར་གྱི་རྐུན་མ་འབུམ་ལྡེ་ལའི་བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་སོགས་རྒྱ་གར་གཞུང་གི་ཁྲིམས་ལ་སྦྱར་ཏེ་ཁོང་ཚོས་བརྐུས་པའི་གཞུང་རྒྱུ་ཚུར་རེག་པ་བྱས་ཏེ་ཁོང་ཚོར་ཁྲིམས་ཐག་ནན་པོ་གཅོད་དགོས་པ་ཡིན། ཁོང་ཚོ་ང་ཚོའི་བོད་གཞུང་ལ་རྐུ་བྱེད་རྒྱུ་ངོ་མ་ཚ་ཚེ་གཞུང་ནས་རྐུན་མ་ཁྲིམས་ལ་སྦྱོར་རྒྱུ་ངོ་ཚ་དགོས་དོན་ཁྱོན་ནས་མེད་པ་ཡིན། དངོས་གནས་བཤད་ཁྲིམས་ལ་སྦྱོར་མ་ཐུབ་ཚེ་གཞུང་གི་ངོ་ཚ་ཆེན་པོ་ཞིག་རེག་པ་རེད། གལ་ཏེ་ཁོང་ཚོ་ཁྲིམས་ལ་སྦྱོར་མ་ཐུབ་ཚེ་རྐུན་མ་དེ་དག་དངོས་ཤུགས་རྒྱུད་གསུམ་ཐོག་འབྲེལ་བ་ཡོད་པའི་གཞུང་ཞབས་པ་ད་དུང་ལྷག་ཡོད་པའི་རྟགས་གསལ་བོ་བསྟན་པ་རེད། ངས་བསམ་ཚུལ་བྱས་ན་ཁོང་ཚོ་ཁྱོན་ནས་ཁྲིམས་ལ་སྦྱོར་མི་སྲིད་པ་ཡིན། དྲ་གྲོགས་རྣམས་ལ་བསམ་ཚུལ་ཅི་ཞིག་ཡོད་དམ། གསལ་འགོད་པ་རྣམས་ཀྱང་དེའི་སྐོར་འབྲེལ་ཡོད་ལས་བྱེད་དང་གཅར་འདྲི་བྱས་དེ་མི་གཞུང་ནས་ཐག་གཅོད་ཅི་ཞིག་བྱེད་བརྩིས་ཡོད་མེད་མི་དམངས་ཤེས་སུ་འཇུག་པའི་འགན་ཡོད་པར་སེམས།
སེང་གེ་བཟང་པོ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ད་དུང་ང་ཚོའི་སྲིད་སྐྱོང་མཆོག་ལའང་༼ བོད་ཕྲུག་ཟས་བཅུད་ལས་གཞི་༽ཟེར་བ་ཞིག་ཡོད་པ་རེད། དེའི་ཆེད་རོགས་དངུལ་ཨ་སྒོར་འབུམ་ལྔ་ཙམ་ཐོབ་པ་ཡོངས་གྲགས་བྱས་པའི་གནས་ཚུལ་རེད། དེ་ལའང་མཉམ་དུ་ཞིབ་འཇུག་ཅིག་བྱས་ན། དཔེར་ན། འོས་བསྡུའི་སྐབས་ཀྱི་འགྲོ་སོང་ཧ་ཝ་ཌའི་སློབ་ཡོན་སུས་སྤྲད་མིན་བཅས་ལ་ཞིབ་འཇུག་ཅིག་བྱས་ན་ད་ག་རེ་ཐོན་གི་ཡོད་མེད་གང་ཤེས། དཀོན་མཆོག་མཁྱེན།། མ་ཤི་ན་གོ་རྒྱུ་མང་བ་ལ།།
སེང་གེ་བཟང་པོ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ད་ལྟད་མོ་འདུག བོད་ཁྱིམ་སློབ་གྲྭ་འདི་ལ་སྤྱི་ཡོངས་ནས་རྩིས་ཞིབ་ཚ་ནན་ཞིག་འགྲོ་དགོས་ཀྱི་འདུག་ཅེས་སྔ་མོ་ནས་གླེང་གི་འདུག ཕལ་ཆེར་བོད་ཁྱིམ་འདི་ཞིབ་འཇུག་བྱས་ན། མི་རེར་འབུམ་བརྒྱ་གཉིས་བརྒྱ་ཐོན་མདོག་ཁ་པོ་རེད་གདའ། དེ་མིན་ཡུལ་གཉན་པོའི་གྲས་ནའང་ཞིབ་འཇུག་བྱེད་དགོས་པ་ཡོད་པ་རེད་དེ། ད་བཤད་ཡ་ཞེད་ཀི་འདུག
ནོར།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
མང་ཚོགས་ཀྱིས་ག་རེ་གླེང་ན་དེ་ནི་མང་ཚོགས་ཀྱི་བསམ་འདུན་ཙམ་ཡིན་པ་ལས། དོན་དངོས་གནས་ཚུལ་ཐག་གཅོད་ཐད་ནུས་པ་དམིགས་བསལ་ཐོན་གི་མ་རེད། ཡིན་ནའང་། མཐའ་མའི་ཐག་གཅོད་གནང་མཁན་དེ་གཞུང་ཆགས་ཡོད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་ས་གནས་མགོ་འཛིན་ལས་ཁང་གི་རྩིས་པ་ཟུར་པ་འཆི་མེད་རྡོ་རྗེ་དང་། ཨ་རི་ནཱ་ཅལ་འབུམ་སྡེ་ལ་ས་གནས་གཞིས་མགོ་བཀྲ་ཤིས་ནོར་བུ། བསྟན་འཛིན་སྒང་ས་གནས་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་བཅས་ལ་དྲང་སྙོམས་ཀྱི་ཐག་གཅོད་ཅིག་གནང་རྒྱུ་ཧ་ཅང་གལ་ཆེ། མང་ཚོགས་ཀྱི་མིག་གཅེར་ནས་བལྟས་བསྡད་ཡོད་པ་རེད། ཁ་ཁེར་ཁུ་སིམ་པོར་མཆན་འོག་ལ་གབ། ཁ་ཁེར་གཅེར་བུར་ཕུད་དེ་འདྲ་མི་བྱེད་པར། རྐུན་མ་ཡིན་ཚད་ཚང་མར་ཐག་གཅོད་ནན་མོ་བྱ་རྒྱུ་གལ་ཆེན་པོ་རེད།
ད་དུང་བསམ་ཚུལ་ཞུ་འདོད་པ་ཞིག་ལ། འཆི་མེད་རྡོ་རྗེ་ཡི་ཕ་མ་གཉིས་ཀྱང་བལ་སྒོར་འབུམ་ ༨༨ ལྐོག་ཟའི་ཁྲོད་ཚུད་ཡོད་པ་མིན་ན། བཀྲ་ཤིས་ནོར་བུ་དང་བསྟན་འཛིན་རིག་བཟང་གཉིས་ཀྱི་ཕ་མའི་མིང་གསལ་འདོན་མི་དགོས་པ་ཞིག་དང་། འཆི་མེད་རྡོ་རྗེ་ཡི་ཕ་མའི་མིང་གསལ་འདོན་བྱས་པ་དེ་ཏག་ཏག་ཅིག་བསྡད་ཀྱི་མི་འདུག་བསམ། དེའི་གཟབ་ནན་བྱ་རྒྱུ་གལ་ཆེ་པོ་རེད། སྤྱིར་ལྐོག་ཟའི་གྱོད་དོན་ཁྲོད་མི་ཚུད་པའི་ནང་མི་ཉེ་འབྲེལ་རྣམས་མིང་འདོན་བྱས་ན་ལེགས་པོ་རང་མི་འདུག་བསམ།
བཀྲ་ཤིས་ལྷ་མོ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
རྐུ་མ་ཇེ་མང་ཇེ་མང་རེད།
རྐུ་ལྷ་ཇེ་ཆེ་ཇེ་ཆེ་རེད།
རྐུ་ཆེན་དང་རྐུ་ཆུང་ལ་ཁྱད་པར་ཡོད།
རྐུ་ཆེན་སྤྱི་འཐུས་ཟླ་བ་ཆེ་རིང་དང་
རྐུ་ཆེན་སྤྱི་འཐུས་སྒྲོལ་དཀར་ལྷ་མོ།
རྐུ་ཆེན་འཇོ་ཁེལ་རྩིས་ཟུར་འཆེ་མེད་རྡོ་རྗེ།
རྐུ་ཆེན་གཞིས་མགོ་བཀྲ་ཤིས་ནོར་བུ་དང་
རྐུ་ཆེན་བསྟན་འཛིན་སྒང་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་
དེ་ཚོ་ཚང་མ་རླུང་རྟ་དར་བ་རེད། ཟ་རྒྱུ་རགས་ན་ཁེ་རང་རགས་འགྲོ་གི་རེད།
དེ་སྔོན་ནང་སྲིད་ལས་གང་པ་བུ་མོ་གཏོགས་གཞན་ལ་གྱོང་རགས་ཡ་ཡོད་མ་རེད་བསམ།
བློ་སྤེན།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
དེ་འདྲ་རིགས་མང་པོ་ཐོན་གྱི་འདུག་གོ་ཐོས་ལ་ཉེ་སྔོན་བོད་ཁྱིམ་སློབ་གྲྭའི་རྩིས་པས་ཧིན་སྒོར་འབུམ་༢༠་ལྐོག་ཟས་བྱས་འདུག་ཟེར་བདེན་པ་ག་ཚོད་ཙམ་ཡོད་མེད་ཧ་མི་གོ
ཨ་ཕོ་མཐུ་ཆེན།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ཐོག ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག


ཐབས་ཤེས་དེ་ལས་མེད་པ་ཡིན་ནམ། ཁྲིམས་ལ་གཏུགས་ཡག་མེད་དམ། རི་བོ་བཟས་ནས་མི་རྒྱག རྒྱ་མཚོ་བཏུངས་ནས་མི་ངོམས་པའི་མི་ཁོ་པ་ལྟ་བུ་ཡན་པོར་གཏོང་མི་ཉེན།

གསར་འགོད་པ་ལགས། ཁོའི་དཔར་ཞིག་ཀྱང་རག་གི་མི་འདུག་གམ།
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
"འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག" ཟེར་པ་ནི་ཕྲུ་གུ་ཆུང་ཆུང་ཞིག་ལ་འཇིགས་སྐུལ་པ་འདྲ་པོ་རེད། དེ་ཕན་ཐོགས་གི་མ་རེད། ཡང་གཅིག་བཤད་ན་ཁོང་གིས་འབུམ་༨༨ བཟས་ཡོད་ཙང་གཞན་གྱི་རོགས་པ་དགོས་ཡ་ཡོད་མ་རེད། ག་རེ་བྱས་ནས་སྒྲིག་འཛུགས་ཀྱིས་ཁོང་ཁྲིམས་ལ་མི་སྦྱོར་རམ། རུལ་སུང་གིས་ཕོངས་པའི་གཞུང་ཞབས་ཡ་གཞུང་ཞབས།
མི་རྒོད།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
རེད་ད་བལ་ཡུལ་ནང་བོད་མི་ནང་ཁུལ་མགོ་སྐོར་དང་བསླུ་འབྲི་མ་རབས་ཐ་ཤལ་བྱེད་པ་སོགས་ནི་དེང་སྐབས་སློབ་གྲ་མ་འགྲིམ་པའི་གྲྭ་ལོག། ལོ་གསུམ་ཙམ་སློབ་སྦྱོང་བྱས་རྗེས་མཐར་མ་ཐོན་པའི་སློབ་ལོག་སོགས་ཀྱི་ཚོང་ཆེན་པོ་ཡིན་པ་ངོས་འཛིན་བྱེད་པ་རེད་ཤག།།།།་ དཀོན་མཆོག་མཁྱེན་མི་འདི་ཚོ་ད་དུང་འཇོན་ཡིན་བསམ་ཤེས་ཆེ།།།།
བསོད་འོད
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
འགྲིག་འདུག དངོས་གནས་ལྐོག་ཟ་བྱས་ན་དེ་འདྲ་བྱེད་དགོས་རེད། མྱལ་ཁམས་བཅོ་བརྒྱད་པོ་རེ་རེ་བཞིན་འགྲིམ་དགོས་བྱུང་ནའང་འགྲིམ་རིན་ཡོད་པ་ཞིག་ཟོས་འདུག
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༨ ཉིན་འདོན་སྤེལ་བྱས།
ཇི་སྲིད་དུ་ཁོ་པས་འགྱོད་བཤགས་དང་སྦྲགས་སྤྱི་དངུལ་རྩིས་ཆད་ཕྱིར་གསབ་མ་བྱས་པ་དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོ་པར་བོད་མི་སྤྱི་འགྲོས་ལྟར་ཕན་གྲོགས་གཟིགས་སྐྱོང་གནང་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག ་ཟེར།
བཀྲ་རྡོ།
༢༠༡༣/༠༦/༡༧ ཉིན་འདོན་སྤེལ་བྱས།
ས་གནས་ཁག་ཏུ་ལྐོག་ཟ་རུལ་སུངས་ཅིག་ཅིག་བྱུང་སོང་ཞེས་མང་པོ་ཞིག་བཤད་རྒྱུ་འདུག རྡ་རམ་ས་ལའི་གངས་ཅན་སྐྱིད་གཤོང་དང་། ལྷག་པར་དུ་རྡ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁ་ཤས་ནང་ལྐོག་ཟ་རུལ་སུངས་ཛ་དྲག་ཆེན་པོ་ཡིན་པ་གོ་རྒྱུ་འདུག་ཀྱང་དེ་དག་ཕྱི་ལོགས་སུ་གཅིག་ཀྱང་འཐོན་རྒྱུ་མེད་པ་ག་རེ་ཡིན་ནམ། དེ་དག་ལས་ང་རང་གིས་གོ་ཚོད་བྱས་ན་2012ལོའི་ནང་ཡོངས་སུ་གྲགས་པ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། ད་དུང་རྡ་སའི་གྲྭ་བཙུན་གྱི་ཡིག་ཚང་ཁག་ཅིག་བཅས་ཀྱིས་ལྐོག་ས་རུལ་སུངས་ཚབས་ཆེན་བྱས་ཡོད་ཀྱང་ནང་ཚགས་ནང་འདུམ་བྱས་ཡོད་པའི་རྒྱུ་མཚན་གཅིག་གཅིག་གཉིས་སུ་སུ་གོ་ཐོས་བྱུང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།