བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་མཐོང་ཨེ་བྱུང་

འདོན་སྤེལ། ༢༠༡༣/༠༦/༡༩

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ཚེས་ ༨ ཉིན་བོད་དང་ས་འབྲེལ་ཀ་སྦུག་སྲད་རྒྱུད་དགོན་པ་ནས་བོར་བརླག་ཏུ་ཕྱིན་རྗེས་ད་བར་གར་སོང་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་མེད་པ་ཆགས་ཡོད་པ་དང་། ངྷ་སར་གནས་སྡོད་ཁོང་གི་ཕ་མ་གཉིས་ཀྱིས་བུ་བོར་བརླག་ཏུ་ཕྱིན་པའི་ཐད་སེམས་ཁྲལ་ཆེན་པོ་གནང་གི་ཡོད་འདུག

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་<ཚན་ ༥ ཡི་འོག ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་ ༢ པ་མགོ་འཛུགས་ཀྱིས་ཉིན་གྲངས་ ༨༩ རིང་རྒྱ་གར་མངའ་སྡེ་ ༦ ཙམ་བརྒྱུད་དེ། ཁྱོན་སྤྱི་ལེ་ ༢༡༤༨ ཙམ་གྱི་སར་ཞི་བའི་གོམ་བགྲོད་གནང་རྗེས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷིང་གྷིལ་(West Bengal)མངའ་སྡེའི་ཀ་ལོན་སྦུག་སྲད་རྒྱུད་གྲྭ་ཚང་ནས་རྐང་འཁོར་དང་ཅ་ལག་ཚང་མ་བཞག་སྟེ་གར་སོང་ཆ་མེད་ཆགས་ཡོད  

ཁ་སང་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཀ་སྦུག་སྲད་རྒྱུད་གྲྭ་ཚང་གི་འགན་འཛིན་ཟུར་བ་བསོད་ནམས་རྒྱལ་མཚན་ལགས་སུ། ཉེ་ལམ་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་ཕྱིན་རྗེས་ཡང་བསྐྱར་འབྲེལ་བ་བྱུང་ཡོད་མེད་དྲིས་པར། ཁོང་གིས་ཚེས་ ༨ ཉིན་གྱི་ཞོགས་པར་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་ཕྱིན་པའི་རྗེས་ལ་འབྲེལ་བ་ཐེངས་གཅིག་ཀྱང་བྱེད་ཐུབ་མེད་སྐོར་དང་། ད་ལྟ་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་མ་ཐུབ་ཚུལ་རྗོད་སོང་

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བོད་སྐྱོད་གོམ་བགྲོད་ཐད་རོགས་རམ་གནང་མཁན་གྲས་མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་པ་ནས་བཟུང་ང་ཚོས་སྒང་ཐོག་དང་ཀ་སྦུག་གི་ས་གནས་མདོ་སྨད་རྒྱུན་ལས་ཚོར་འབྲེལ་བ་བྱེད་ཀྱིན་ཡོད། འོན་ཀྱང་ ད་ལྟའི་ཆར་ས་མཚམས་བརྒལ་ཐུབ་ཡོད་མེད་ཤེས་ཀྱི་མི་འདུག་ལ། ཤེས་པ་ཡིན་ནའང་ལམ་སང་བསྒྲགས་པ་ཡིན་ན་འགྲིག་གི་ཡོད་མེད་ཏན་ཏན་ཧ་གོ་གི་མི་འདུག ” ཅེས་དང་“ ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ འིཐོག ང་ཚོ་དབུས་རྒྱུན་རྣམས་ཚོགས་འདུ་ཚོགས་ཏེ། ཚེ་བརྟན་རྡོ་རྗེའི་སྐོར་ལ་ཅི་དགོས་གང་དྲག་གི་གྲོས་བསྡུར་བྱས་པ་བརྒྱུད། གལ་སྲིད་རྒྱ་གར་གཞུང་གིས་ཁོ་འཛིན་བཟུང་བཀག་ཉར་བྱས་པ་ཡིན་ན། ང་ཚོ་རྒྱུན་ལས་རྣམས་གང་དུ་འགྲོ་དགོས་ནའང་འགྲོ་རྒྱུ་ཡིན་པའི་ཐག་གཅོད་བྱུང་སོང་ གལ་ཏེ། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་བོ་གོ་བ་ཡིན་ན། ང་ཚོའི་ངོས་ནས་ཞུ་གཏུག་སོགས་ཀྱི་ལས་འགུལ་ག་རེ་སྤེལ་དགོས་ནའང་སྤེལ་རྒྱུ་ཡིན་པའི་གྲ་སྒྲིག་ཆ་ཚང་ཡོད། ” ཅེས་བརྗོད་སོང་

ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཨ་མ་ལྡོམ་པོ་སྐྱིད་ལགས་སུ། ཉེ་ལམ་བུ་བོར་བརླག་ཏུ་ཕྱིན་པར་སེམས་ཚོར་དང་རེ་བ་གང་འདྲ་ཡོད་མེད་དྲིས་པར་ཁོང་མོས། “ ཚེ་བརྟན་རྡོ་རྗེ་བརླགས་ནས་ཉིན་ཞག་ འགྲོ་བཞིན་ཡོད་པ་རེད། ད་ལྟ་ཤི་གསོན་གང་ཡིན་གྱི་གནས་ཚུལ་ཙམ་ཡང་ཤེས་ཐུབ་ཀྱི་མི་འདུག ངེད་ཕ་མ་གཉིས་ཀྱི་ངོས་ནས་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག ཡིན་ནའང་ ཞོགས་པ་རྟག་པར་གཙུག་ལག་ཁང་དུ་སོང་ནས་དཀོན་མཆོག་གསུམ་ལ་གསོལ་བ་རེ་འདེབས་རྒྱུ་ལས་ཐབས་གཞན་གང་ཡང་མི་འདུག ” ཅེས་དང་། ཁོང་མོས་མུ་མཐུད་དོན་ “ ཁ་སང་རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྣ་ཞིག་འདིར་ཡོང་སྟེ། ཚེ་བརྟན་རྡོ་རྗེའི་སྐོར་ནས་སྐད་ཆ་གོ་སོང་ངམ། ཁོང་གིས་ཆེས་མཐའ་མར་འབྲེལ་བ་བྱས་པའི་ཁ་པར་ཨང་གྲངས་ཡོད་མེད་དྲིས་སོང་ ངས་ཚེ་བརྟན་རྡོ་རྗེས་ཁ་པར་དང་ཅ་ལག་ཚང་མ་བཞག་ནས་བོར་བརླག་ཏུ་ཕྱིན་སོང་བ་དང་ ད་ལྟ་གང་དུ་ཡོད་མེད་སོགས་ཅི་ཡང་ཤེས་ཀྱི་མི་འདུག་ལབ་པ་ཡིན། གང་ལྟར་ཁོ་རང་གིས་ཞི་བའི་དོན་ཚན་ དེ་ཁྱེར་ནས་བོད་དུ་འབྱོར་ཐུབ་པ་བྱུང་སོང་ན་འགྲིག་སོང་བ་རེད། འདས་པའི་ལོ་ ཀྱི་རིང་ཁོ་རང་གིས་དཀའ་ལས་བརྒྱབ་པ་རེད། ངེད་ཕ་མ་གཉིས་ཀྱི་ངོས་ནས་ཀྱང་ཁོ་བོད་དུ་བསླེབ་ཐུབ་པར་རེ་བ་དང་སྨོན་ལམ་རྒྱག་གི་ཡོདཅེས་བརྗོད་སོང་

ཉིན་ ༢༤ ལྷག་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བོད་སྐྱོད་གོམ་བགྲོད་ནང་མཉམ་ཞུགས་བྱེད་མཁན་ཆབ་སྲིད་བཙོན་ཟུར་སྐལ་བཟང་ཐར་ལགས། ཚེས་ ༡༨ ཉིན་གྱི་སྔ་དྲོར་ཚེ་བརྟན་རྡོ་རྗེལགས་ཀྱི་ཅ་དངོས་རྣམས་ཁྱེར་ནས་ཕྱིར་དྷ་རམ་ས་ལར་འབྱོར་ཡོད་སྟབས། གསར་འགོད་པས་ཁོང་དང་མཉམ་དུ་གོམ་བགྲོད་སྐོར་ལ་ཁ་བརྡ་བྱས་པར་ཁོང་གིས། “ གོམ་བགྲོད་སྐབས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྣས་ངེད་གཉིས་ལ་རྒྱུན་དུ་རྗེས་འདེད་གཏོང་གི་འདུག་སྟབས། ས་མཚམས་སུ་བསླེབས་སྐབས་ཕན་ཚུན་ལ་ཁ་བརྡ་ཡག་པོ་ཞིག་བྱེད་ཐུབ་མ་སོང་ལ། ཐ་ན་ཕན་ཚུན་ལ་བདེ་མོ་ཙམ་ཡང་འཇོག་ཐུབ་མ་སོང་ ས་མཚམས་སུ་བསླེབ་རྒྱུར་སྤྱི་ལེ་ ༣༠ ཙམ་ཡོད་སྐབས། མི་ཚོགས་ཀྱི་ཁྲོད་ལམ་གྱི་ཕར་ཕྱོགས་ཚུར་ཕྱོགས་ནས་ཕན་ཚུན་ལ་ལྟ་ཙམ་ལྟ་ཙམ་བྱས་ནས་ཁོ་གར་སོང་ཆ་མེད་དུ་གྱུར་སོང་ ” ཞེས་དང་ “ ངེད་གཉིས་ས་མཚམས་སུ་བསླེབསསྔོན་ ཚེ་བརྟན་རྡོ་རྗེལགས་ཀྱིས་ང་ལ། ད་ལྟ་ངེད་གཉིས་ཁ་གྱེས་པའི་དུས་ལ་སླེབས་སོང་ ཁྱེད་རང་ཡག་པོ་བྱས་ནས་ཕྱིར་དྷ་རམ་ས་ལར་སོང་ ད་ང་བོར་བརླག་ཏུ་འགྲོ་བའི་དུས་ལ་སླེབས་སོང་ ངེད་གཉིས་གྱེས་ཁར་ཁ་བརྡ་བྱེད་ཐུབ་མིན་མི་ཤེས་ཟེར། ” ཞེས་བརྗོད་སོང་

ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་རྗེས། མདོ་སྨད་དབུས་རྒྱུན་གྱིས་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ལ་ཁོའི་སྐོར་གྱི་སྙན་ཞུ་ཞིག་ཕུལ་ཡོད་པ་ལྟར། ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ། བདེ་སྲུང་གི་ངོས་ནས་གླིང་ཚའི་སྐོར་ལ་མཁྱེན་རྟོགས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། “ ང་ཚོས་ཀ་ལོན་སྤུག་དང་སྒང་ཏོག་གི་ས་གནས་བདེ་སྲུང་ལ་འབྲེལ་བ་བྱས་ཏེ་ཁོང་གང་དུ་ཡོད་མེད་ལྟ་རོགས་བྱོས། གནས་ཚུལ་རེ་བྱུང་ན་ང་ཚོར་འབྲེལ་བ་གནང་རོགས་ཞེས་མངགས་ཡོད། ཡིན་ནའང་ ད་ལྟ་ཚེ་བརྟན་རྡོ་རྗེ་ལགས་གང་དུ་བསླེབས་ཡོད་མེད་ཧ་གོ་ཡི་མི་འདུག ང་ཚོས་ཁོའི་བདེ་དོན་ལ་ཞེ་དྲག་སེམས་འཁུར་དང་བསམ་བློ་གཏོང་གི་ཡོད ཁོ་ས་ཆ་དེར་འདུག་ཟེར་ནས་ཕྱིར་བསྒྲགས་བྱས་པ་ཡིན་ན། རྒྱ་གར་གཞུང་གིས་འཛིན་བཟུང་བྱས་ཏེ་ཁོ་རང་གི་དམིགས་ཡུལ་འགྲུབ་རྒྱུ་མ་རེད། གང་ལྟར་ང་ཚོར་གནས་ཚུལ་འབྱོར་བ་ལྟར་ན། ད་ལྟ་ཁོས་ས་མཚམས་བརྒལ་ཐུབ་མི་འདུག ” ཅེས་གསུངས་སོང་

ཤོག་ངོས་འདི་ཐེངས་ ༣༠༠༢ ལ་བཀླགས་འདུག
རིག་པ་འདོན་པ།
མགོ་ལོག་ཟླ་བྷེ།
༢༠༡༣/༠༦/༡༩ ཉིན་འདོན་སྤེལ་བྱས།
ངོ་མ་གླིང་ཚའི་དཔའ་རྒོད་རང་ཉིད་ཀྱིས་བློའི་རྒྱང་ཞགས་སྔོན་དུ་འཕང་པའི་གཏམ་སྟེ།ང་ལ་མཇུག་འབྲས་གསུམ་མ་གཏོགས་འགྲོ་ས་མེད་གསུངས་པ་ཇི་བཞིན་ལས་ལམ་ཁ་གཞན་མེད་ན་ཡང་།ང་ཚོས་ཁོང་གི་གོམ་པ་རེ་རེའི་འདེགས་འཇོག་གི་མདུན་ལྗོངས་ལ་བསམ་གཞིག་བྱས་ཚེ།བློས་ར་བ་ལ་མི་ཤོང་པའི་འཇིགས་སྐྲག་ཅིག་རང་བཞིན་གྱིས་སླེབ་ཡོང་གི་འདུག དེ་ནི་༼བཟང་པོའི་རྒྱབ་ཀྱིས་ལྕོགས་ཀྱང་། ངན་པའི་འཕོངས་ཀྱིས་མི་བཟོད།༽ཟེར་བའི་དཔེ་ལས་མ་འདས་མོད།གང་ལྟར་དེ་འདྲ་རེད།ལྷག་པར་དུ་ས་མཚམས་ལ་འབྱོར་སོང་དང་།བོར་བརླག་ཏུ་གྱུར་སོང་སོགས་གསར་འགྱུར་རེ་རེས་ཉིན་མཚན་ཀུན་ཏུ་ཁོང་གི་ཆེད་སེམས་འཚབ་ལྡབ་དང་སྡེབ་ཀྱིས་འཕྱུར་ཡོང་གིན་འདུག རེད་དེ་རང་རིགས་མི་མང་གིས་རྒྱབ་སྐྱོར་དང་། ལྷག་པར་དུ་དཔལ་ལྡན་རང་གཞུང་༼སྒྲིག་འཛུགས་གཞུང་།༽བདེ་སྲུང་ལས་ཁུངས་ཀྱི་ཕྲ་མཐོང་ཆེ་ཤེལ་ལས་བོར་མེད་པ་ནི་དགའ་འོས་པ་ཞིག་ཀྱང་རེད་དོ།།

སྟག་ཚང་རིག་རྒོད་
༢༠༡༣/༠༦/༡༩ ཉིན་འདོན་སྤེལ་བྱས།
བདེ་ཐང་ཡིན་པའི་རྟགས་དེས་སེམས་པ་དགའ་ནས་ཡོད།
གནས་ཚང་
༢༠༡༣/༠༦/༡༩ ཉིན་འདོན་སྤེལ་བྱས།
གླིང་ཚ་ཕྱི་ནས་བརླག་པ་བརྙེད་རྟགས་རེད།
གླིང་ཚ་བོད་ལ་སླེབས་དུས་བརྙེད་མེད་རེད།
ཕ་མར་སེམས་ཁྲེལ་ཆེ་བར་ཁག་མེད་མོད།
བརྙེད་རྟགས་འདི་ལ་བསམ་ན་དགའ་ལེ་རེད།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༡༩ ཉིན་འདོན་སྤེལ་བྱས།
ཁོང་གིས། “ ཚེ་བརྟན་རྡོ་རྗེ་ལགས་བོར་བརླག་ཏུ་ཕྱིན་པ་ནས་བཟུང་ང་ཚོས་སྒང་ཐོག་དང་ཀ་སྦུག་གི་ས་གནས་མདོ་སྨད་རྒྱུན་ལས་ཚོར་འབྲེལ་བ་བྱེད་ཀྱིན་ཡོད། འོན་ཀྱང་། ད་ལྟའི་ཆར་ས་མཚམས་བརྒལ་ཐུབ་ཡོད་མེད་ཤེས་ཀྱི་མི་འདུག་ལ། ཤེས་པ་ཡིན་ནའང་ལམ་སང་བསྒྲགས་པ་ཡིན་ན་འགྲིག་གི་ཡོད་མེད་ཏན་ཏན་ཧ་གོ་གི་མི་འདུག ” ཅེས་དང་། ་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།