བོད་མི་ཞིག་ལ་བརྡུངས་ནས་བསད།

འདོན་སྤེལ། ༢༠༡༣/༠༦/༡༩

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་གཞུང་ཉེན་རྟོག་པས་སེར་ཤུལ་རྫོང་གི་བོད་མི་ཞིག་ལ་རྡུང་རྡེག་ཚབས་ཆེན་བཏང་ནས་འདས་གྲོངས་སུ་གྱུར་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བྱམས་པ་ཡོན་ཏན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ནག་ཆུའི་ཉེན་རྟོག་པ་དང་ཨ་རིག་རྫ་ཡུལ་ཚོའི་ཉེན་རྟོག་པ་གཉིས་མཉམ་འབྲེལ་ཐོག ཕ་ཡུལ་སེར་ཤུལ་རྫོང་ཨ་ཤུལ་ནས་ཡིན་པའི་བོད་མི་ཞིག་ལ་དབྱར་རྩྭ་དགུན་འབུ་བརྐུས་བའི་ཁ་མཆུ་བཙུགས་ཡོད་ལུགས་བརྗོད་དེ་རྡུང་རྡེག་ཚབས་ཆེན་བཏང་རྗེས། ཕྱི་ཚེས་ ༡༧ ཉིན་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག ཕྱིས་སུ་སེར་ཤུལ་རྫོང་ཉེན་རྟོག་པ་རྫ་ཡུལ་ཚོ་རུ་ཡོང་སྟེ། ས་གནས་ཉེན་རྟོག་པར་དོན་རྐྱེན་དེའི་ཐད་འདྲི་རྩད་བྱེད་ཁུལ་གྱིས། རྡུང་རྡེག་བཏང་ནས་གྲོངས་པ་མ་ཡིན་པར་རང་ཤི་བརྒྱབ་པ་ཡིན་ལུགས་བརྗོད་ཡོད་འདུག

གོང་གི་གནས་ཚུལ་ཐད་ས་གནས་བོད་མི་ཞིག་གིས། “ རྫ་ཡུལ་ཚོ་རུ་ཉེན་རྟོག་ཁང་ཞིག་གསར་འཛུགས་བྱས་ཡོད་པ་དང་། ཁོ་ཚོས་དོན་དག་ཆུང་ཚགས་རིགས་ལའང་མང་ཚོགས་ལ་གང་བྱུང་གཅར་རྡུང་བཏང་སྟེ་སྨན་ཁང་དུ་འགྲོ་དགོས་པ་ཡང་ཡང་ཡོང་གི་ཡོད་པ་དང་ཉེན་རྟོག་པ་དེ་ཚོས་ས་གནས་བོད་མི་ཚོར་བརྙས་བཅོས་བྱས་པ་གྲངས་ཀ་མེད། མི་དེ་ཚོས་རྒྱ་ནག་གི་སྙན་གྲགས་ཡང་ཁྱིའི་རྔ་མར་བཏགས་སོང་། ཁོ་ཚོ་མངོན་པར་མི་གསལ་བའི་དྲག་སྤྱོད་པ་ཤ་སྟག་རེད། སྒོར་མོ་དང་གོ་གནས་མ་གཏོགས་མ་བསམ་པ་དེ་རྒྱ་གཞུང་ཉེན་རྟོག་པའི་བྱ་སྤྱོད་རེད།ཅེས་བརྗོད་འདུག

ཤོག་ངོས་འདི་ཐེངས་ ༡༧༠༣ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ནག་ཆུའི་ཉེན་རྟོག་པ་དང་ཨ་རིག་རྫ་ཡུལ་ཚོའི་ཉེན་རྟོག་པ་གཉིས་མཉམ་འབྲེལ་ཐོག ཕ་ཡུལ་སེར་ཤུལ་རྫོང་ཨ་ཤུལ་ནས་ཡིན་པའི་བོད་མི་ཞིག་ལ་དབྱར་རྩྭ་དགུན་འབུ་བརྐུས་བའི་ཁ་མཆུ་བཙུགས་ཡོད་ལུགས་བརྗོད་དེ་རྡུང་རྡེག་ཚབས་ཆེན་བཏང་རྗེས།
ཕྱི་ཚེས་ ༡༧ ཉིན་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག ཕྱིས་སུ་སེར་ཤུལ་རྫོང་ཉེན་རྟོག་པ་རྫ་ཡུལ་ཚོ་རུ་ཡོང་སྟེ། ས་གནས་ཉེན་རྟོག་པར་དོན་རྐྱེན་དེའི་ཐད་འདྲི་རྩད་བྱེད་ཁུལ་གྱིས། རྡུང་རྡེག་བཏང་ནས་གྲོངས་པ་མ་ཡིན་པར་རང་ཤི་བརྒྱབ་པ་ཡིན་ལུགས་བརྗོད་ཡོད་འདུག ་ཟེར།
གོང་ཐུབ།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
དུས་བབ་ཀྱི་ལས་སྣེར་གཏོགས་པ་ཡོངས་ལ།


ཁྱེད་ཚོའི་རླབས་ཆེན་གྱི་བྱ་བཞག་ལ་གུས་བརྩི་དང་ཞལ་བྲོ་ཞུ་གུ་ཡོད། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་དང་བརྩི་མཐོང་ལ་གཞིགས་ནས་གུས་པའི་མཛུ་གུ་ཤོར་སོང་བས་དགོངས་འགལ་མེད་པར་ཞུ་རྒྱུ་དང་། ང་ཚོའི་གཞིས་ཁྱིམ་འདིའི་ཡར་རྒྱས་བསམ་དུས། བསམ་ཚུལ་དང་ནོར་བཅོས། རེ་ཞུ་ཅི་ཡིན་ཡང་དགའ་བསུ་ལས་གཞན་མེད་པར་སྙམ། བཀའ་དྲིན་ཆེ།
ལྷག་པ་ཚེ་རིང༌།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
ད་དངོས་གནས་དུས་བབ་ཚང་ལ་ཡང་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོའི་སྐད་ར་མ་ལུག་འདིའི་བྱིན་རླབས་འཇུག་གི་ཡོད་པ་འདྲ།
དེ་རིང་བོད་མི་གཅིག་ལ་བརྡུངས་པ་རེད། སང་ཉིན་ཡང་ལྟོ་ལ་བཟས། ཇ་ལ་འཐུང་
དེ་རྗེས་རིམ་གྱིས་དེབ་ལ་ཡི་གེ་ལ་འབྲི་བའི་དུས་ཀྱང་ཤར་ངེས་སོ།། ཀུ་རེའི་ཚུལ་དུ་ཞུས་ཀྱང་ཀུ་རེའི་རྒྱབ་ལ་བདེན་པ་རེད་གབ་ནས་ཡོད་པས་མི་རིགས་ཀྱི་བདེ་རྩའི་འགན་བཞེས་མཁན་རྣམས་ཀྱིས་གཟབ་དགོས་པའི་གནས་སོ།།
སྦྲ་དཔལ་ལྡན།
༢༠༡༣/༠༦/༢༠ ཉིན་འདོན་སྤེལ་བྱས།
བོད་མི་ཞིག་ལ་བརྡུངས་ནས་བསད་ན་ རྒྱ་མི་ཞིག་ལ་སྡུག་ནས་གསོན་ན་འགྲིག་གམ ད་ཡིན་ན་གནད་བསྡུས་ཟེར་བའི་བོད་སྐད་ཡིག་གི་སྐད་གསར་བཅད་ལ་སླེབས་ཡོད་ཚོད་རེད་ དཔེར་ན་ ཁྱོད་གི་ལག་པ་ ང་གི་རྐང་བ་ཟེར་བའི་དཔེ་དེ་དེ་བཞིན་ནོ།
གོང་ཐུབ།
༢༠༡༣/༠༦/༢༠ ཉིན་འདོན་སྤེལ་བྱས།
དུས་བབ་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་ལྷན་རྒྱས་སུ། བོད་མི་ཞིག་ལ་བརྡུངས་ནས་བསད་ཅེས་པར་ལ་སྒྲ་འབྲི་སྟངས་ཤིག་དམ། བྱེད་པ་པོ་ཕལ་བ་དངོས་སུ་མེད་ནའང་ལ་སྒྲ་ང་ཚོའི་སྐད་ཆ་ལ་ཡོད་དམ།
གོང་ཐུབ།
༢༠༡༣/༠༦/༡༩ ཉིན་འདོན་སྤེལ་བྱས།
བོད་མི་ཞིག་ལལལལ་བརྡུངས་ནས་བསད།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།