མཛོད་དགེ་རུ་དུས་འཁོར་དབང་ཆེན་གནང་

འདོན་སྤེལ། ༢༠༡༣/༠༦/༢༡
བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱིས་རྡོ་རྗེ་མཆོག་གིས་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཞང་དུ་དུས་དབང་ཐེངས་གསུམ་པ་གནང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་བཀྲ་ཤིས་སེམས་སྐྱིད་ཐང་དུབསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དུས་དབང་ཐེངས་གསུམ་པ་མགོ་འཛུགས་གནང་ཡོད་པ་མ་ཟད།  ཁ་སང་སྟ་གོན་ཉིན་བོད་རྒྱ་དད་ལྡན་པ་འབུམ་གསུམ་ ༣༠༠༠༠༠ ལྷག་ལ་མི་རིགས་ནང་ཁུལ་མཐུན་སྒྲིལ་དང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱ་དགོས་པའི་ཐད་ཀྱི་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

ཉིན་དེར་བསེ་ཚང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས། “སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕཔ་སྤྱན་རས་གཟིཀྱི་གདུལ་ཞིང་དངོས་ཡིན་པ་མ་ཟདབོད་མིཚོ་ནི་ཨ་མ་དང་མ་ཎིའི་མིང་ལྷན་དུ་ཤེས་པའི་ཆོས་ལ་དད་སེམས་ཆེ་ཞིང་རྒྱུད་ལ་སྙིང་རྗེ་ལྡན་པའི་མི་རིསེམས་བཟང་གཞུང་དྲང་ཞིག་ཡིན། དེའི་ཕྱིར། བོད་མི་ཡོངས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་མ་ཎི་ཡི་གེ་དྲུག་མ་མེད་དུ་འདོན་རྒྱུ་དང་དགེ་སྒྲུབ་སྡིག་སྤོང་གི་ཕྱོལ་གང་ཐུབ་ཅི་ཐུབ་རེ་བྱ་དགོས། དེ་མིན། བོད་མིནང་ཁུལ་ལ་འཁྲུག་འཛིང་དང་ནང་དམེ། རྐུན་ཇག་སོབྱ་སྤྱོད་ངན་པའི་རིམི་བྱ་རང་མི་རིཊ་ནང་ཁུལ་མཐུན་སྒྲིལ་དམ་པོ་བྱས་ཏེ་གཅིག་ཕན་གཅིག་གྲོཀྱི་ཕྱོགས་ལ་འབད་པ་བྱེད་རྒྱུ་ནི་གལ་ཆེནརེད།  བསླབ་པ་སློབ་གཉེར་གནང་མཁན་ཚོ་ཡིན་ནའང་སློབ་གཉེར་གྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་དགོས། ” ཞེས་ལམ་སྟོན་བཀའ་སློབ་གནང་ཡོད་པ་མ་ཟད། གཞནམི་རིགས་སུ་དང་སུ་ཡིན་རུང་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་དང་ཕན་སེམས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་ཀྱི་ལམ་སྟོན་བཀའ་སློབ་གནང་ཡོད་འདུག   

བསེ་ཚང་བློབཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི། བོད་མདོ་སྨད་རེབ་གོང་ཐེ་བུ་ཞེས་པར་ཡབ་ཕུར་བ་ཚེ་རིང་དང་། ཡུམ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་མེ་གླངསྤྱི་ལོ་ ༡༩༣༨ ལོའི་ཟླ་ ༡ བོའི་ཚེས་ ༡༩ ཉིན་སྐུ་འཁྲུངསཤིང་། ཕྱིས་སུ་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་གྱིས་བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོའི་ཡང་སྤྲུལ་ངོས་འཛིན་བྱས་ཏེ་གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད། དགུང་ལོ་ནས་ཡོངས་ཀྱི་བཤེས་གཉེན་དུ་མའི་མདུན་ནས་སློབ་གཉེར་དང་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་མཐར་ཕྱིན་གནང་ཡོད།  ༡༩༧༩ ལོར་ན་ལྷོའི་མི་རིགས་སློབ་གྲྭའི་དགེ་རྒན་གནང་བ་དང་འབྲེལ་སྙན་འགྲེལ་ཚངས་སྲས་བཞད་སྒྲ༽ ལྗགས་རྩོམ་གནང་།  ༡༩༨༥ ལོནས་བཟུང་གཙོམི་རིགས་དགེ་འོས་ཆེད་གཉེར་སློབགྲྭའི་སློབ་སྤྱི་གཞོན་དགེ་རྒན་ཆེན་མོའི་ཕྱག་ལས་ཞོར་དུ་ཕྱག་ལས་རབ་དང་རིམ་པ་གནང་ཡོད་པ་<མ་ཟད།  ༡༩༩༢ ལོའི་ཧོར་ཟླ་བརྒྱད་པར་མགར་རྩེ་དགོན་གྲོང་གཉིས་གཙོས་དད་ལྡན་མང་ཚོགས་  ༦༠༠༠༠ བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་ཡོད།

༡༩༨༠ ལོ་ནས་བཟུངཚངས་སྲས་བཞད་པའི་སྒྲ་དབྱངས༽ དང་༼དགེ་ལྡན་གྲུབ་མཐའ་འཇམ་མགོན་བསྟན་པའི་མཛེས་རྒྱན༽ ། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན༽། ༼སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་རྣམ་ཐར༽། ༼དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན༽། ༼མགར་རྩེ་དགོན་པའི་གདན་རབས་དང་བཅས་འཇམ་དབྱངས་མཐོང་གྲོལ་ཆེན་མོའི་དཀར་ཆག༽། ༼རེབ་གོང་སྐྱབས་མགོན་བདུན་པའི་རྟོགས་བརྗོད༽། ༼གཏེར་ལུང་དགོན་པའི་བཅའ་ཡིགསོགས་བརྩམས་ཡོད་པ་དང་ད་ལྟ་ཀན་སུའུ་གཙོད་མི་རིགས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་སློབ་དཔོན་ཆེན་མོསྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ཨུ། སྲིད་གྲོས་ཁུལ་ཀན་ལྷོའི་ཀྲུའུ་ཞི་གཞོན་པ། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀན་སུའུ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་སྤྱི་གཞོན་པ། ཀན་སུའུ་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་སྤྱི་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་ཞིབ་འཇུག་པ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་ཀྱི་ཕྱག་ལས་གནང་མུས་སུ་ཡོད།

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༣༤༡༩ ལ་བཀླགས་འདུག
རིག་པ་འདོན་པ།
མི་རྒོད།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
གདུང་སེམས་མཉམ་གཅིག་གིས་རྟེན་འབྲེལ་ཞུ།།
༄།་བོད་མི་བོད་མང་བོད་ཀྱི་བདག་པོ་རེད།།
༄།་བོད་ལ་བརྩེ་བ་བོད་སྙིང་ནུས་པས་སྟོབས།།
༄།་བོད་ལ་སྐྱོབ་པ་ངལ་བ་སྲོག་བྲལ་རེད།།
༄།་བོད་ཚང་ཀུན་ལ་རྟག་ཏུ་གུས་པས་བསྟོད།།
སངས་བསྟན་བདེན་པ་ཉིད་རྒྱལ་གྱུར་ཅིག།།།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༡ ཉིན་འདོན་སྤེལ་བྱས།
། སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕཊ་པ་སྤྱན་རས་གཟིཊ་ཀྱི་གདུལ་ཞིང་དངོས་ཡིན་པ་མ་ཟད། བོད་མི་ཚོ་ནི་ཨ་མ་དང་མ་ཎིའི་མིང་ལྷན་དུ་ཤེས་པའི་ཆོས་ལ་དད་སེམས་ཆེ་ཞིང་རྒྱུད་ལ་སྙིང་རྗེ་ལྡན་པའི་མི་རིཊ་སེམས་བཟང་གཞུང་དྲང་ཞིག་ཡིན། དེའི་ཕྱིར། བོད་མི་ཡོངས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་མ་ཎི་ཡི་གེ་དྲུག་མ་ཆཊ་མེད་དུ་འདོན་རྒྱུ་དང་དགེ་སྒྲུབ་སྡིག་སྤོང་གི་ཕྱོཊ་ལ་གང་ཐུབ་ཅི་ཐུབ་རེ་བྱ་དགོས། ་ཟེར།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།