ཕྱིར་རང་ཡུལ་དུ་ལོག་ཕེབས་ཤོག

འདོན་སྤེལ། ༢༠༡༣/༠༦/༢༤

བོད་ལྗོངས་ཆ་འཕྲིན་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱུན་ལས་དྲུང་ཆེ་གཞོན་པ་པདྨ་མ་འཕྲིན་ལས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཨ་རིའི་གྲོང་ཁྱེར་ནའེ་ཡོག་ཏུ་འབྱོར་ཡོད་པ་དང་། ཚེས་ ༢༢ ཉིན་གྲོང་ཁྱེར་དེ་གའི་རྒྱ་ནག་གི་སྐུ་ཚབ་ཡན་ལག་གི་མི་སྣ་དང་བོད་མི་ཁག་ཅིག་བཅས་ལ་ཚོགས་འདུ་བསྐོངས་ཏེ། ཕྱི་རྒྱལ་ཁག་ཏུ་བོད་མི་འབུམ་ ༢ ཙམ་ཡོད་ཅིང་། དེ་དག་ལས་མང་པོ་ཞིག་དེང་སྐབས་སྔ་རྗེས་སུ་ཕྱིར་རང་ཡུལ་དུ་ལོག་གིན་འདུག བོད་ལྗོངས་ཀྱིས་ཁྱེད་ཅག་ཕྱིར་ལོག་པར་དགའ་བསུ་ཞུ་བཞིན་ཡོད་ཅིང་། ཕྱིར་རང་ཡུལ་དུ་ལོག་ནས་གཏན་སྡོད་བྱེད་པར་དེ་བས་ཀྱང་དགའ་བསུ་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་ཟེར།

གནས་ཚུལ་ནང་བཀོད་དོན། “ ཟླ་ ༦ པའི་ཚེས ༢༡ ཉིན་གྱི་དགོང་དྲོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པདྨ་འཕྲིན་ལས་ལགས་ཚོགས་གཙོ་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བོད་ལྗོངས་འཐུས་ཚབ་ཚོགས་པ་ཉིག་ཡའོ་གྲོང་ཁྱེར་དུ་འབྱོར་བ་དང་། ཚེས ༢༢ ཉིན་ཉིག་ཡའོ་རུ་བཅའ་སྡོད་པའི་རང་མིའི་ལས་རིགས་ཁག་གི་འགོ་གཙོ་དང་། ཡུལ་དེའི་བོད་མི་སྤུན་ཟླ་རྣམས་ལ་བཞུགས་མོལ་གནང་
པདྨ་འཕྲིན་ལས་ཀྱིས་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཡོད་པའི་ཕྱིར་སྡོད་བོད་མི་ཧ་ལམ་ཁྲི ༢༠ ལྷག་འདུག་ལ། གཙོ་བོ་ཁ་ན་ཏ་དང་། སུའེ་ཙེར། ཨ་རི་སོགས་རྒྱལ་ཁབ་ཡིན་ཞིང་། བོད་ལྗོངས་ཀྱི་སྒོ་མོ་ནམ་ཡང་ཁྱེད་ཅག་གི་ཕྱོགས་ལ་ཕྱེ་ཡོད་པས། ཕྱིར་རང་ཡུལ་དུ་ལོག་པར་དགའ་བསུ་ཞུ་བ་མ་ཟད
རང་ཡུལ་ནས་གཏན་སྡོད་བྱེད་པར་དེ་ བས་དགའ་བསུ་ཞུ། ད་ཆ་ཕྱི་ནས་རང་ཡུལ་དུ་ལོག་པའི་སྤུན་ཟླ་བགྲོས་པོ་འགའ་གཅིག་རྗེས་གཉིས་འཕྲོར་ཕྱིར་རང་ཡུལ་དུ་ལོག་ནས་གཏན་སྡོད་བྱས་ཡོད་ཞེས་གསུངས་པ་དང་། ཡང་ཁོང་གིས་སྔ་གཞུག་ཏུ་ཁ་ན་ཏའི་ཏའོ་ལུན་ཏའོ་དང་། ཨོ་ཐེ་ཧྭ། ཨ་རིའི་ཝ་ཧྲིང་ཐོན་བཅས་ནས་ཨ་རི་དང་ཁ་ན་ཏའི་འཐུས་མི་རྣམས་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཆོས་ལུགས་དད་མོས་རང་དབང་། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ཕྱོགས་ནས་ལྷག་བསམ་ཟོལ་མེད་ངང་བསམ་ཚུལ་བརྗེ་རེས་གནང་བ་མ་ཟད། རྒྱལ་ཕྱིའི་དོ་སྣང་བྱེད་པའི་གནད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ལན་བཏབས”ཞེས་སོགས་བཀོད་འདུག

ཤོག་ངོས་འདི་ཐེངས་ ༣༢༨༦ ལ་བཀླགས་འདུག
རིག་པ་འདོན་པ།
བཙན་ནག་པས།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
རྒྱ་ཡི་རྒྱལ་དར་མགོ་ཐོག་ཏུ་འཕྱར་ཏེ་ཕེབས་ཀྱི་ཡིན་ཟེར་མཁན་རྣམ་པ་ཚོ་ད་ཕེབས་ན་པདྨ་འཕྲིན་གྱི་གསོལ་ཚིལ་གྲྭ་སྒྲིག་ཡོད་ཟེར་ད་ཡག་པོ་འདུག་ཕེབས་རྒྱུགས་ཤིག
ཤག་སྒང་པ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
ཡ་མཚན་རེད། ཧོབ་དེ་ཁ་སྔོན་རྒྱ་གར་གྱི་གསར་ཤོག་འགའ་རུའང་གནས་ཚུལ་འགྱུར་བས་བཟང་རབས་བཤད་འདུག
ཚེ་རིང་རྡོ་རྗེ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
རྒྱ་ནག་དམར་ཤོག་གི་སྒེར་གཅོད་མཚམས་མ་བཞག་བར་དུ་བོད་ལ་རང་དབང་ཟེར་བ་ཞིག་འོང་མི་སྲིད། འགྱུར་བ་ངོ་མ་ནི་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་ནས་བརྩམས་ཏེ། དབང་ཆ་མི་དམངས་ལ་སྤྲད་ནས་སོ་སོའི་ཁེ་དབང་ལོངས་སུ་སྤྱོད་དགོས། དེ་མིན་གཞན་གང་བྱས་ཚང་མ་སྒེར་གཅོད་པ་ཚོའི་སྲིད་དབང་གི་ཚེ་སྲོག་བསྲིང་ཐབས་ཀྱི་ཆོ་འཕྲུལ་མ་འདས་སོ།།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་ཆ་རྐྱེན་ད་ལྟ་ཚང་ཡོད་མེད་མི་ཤེས་ཀྱང་། གོ་སྐབས་མུ་འཐུད་ནས་དམ་འཛིན་གྱིས། རེ་བ་དང་འཆར་གཞི། འབྲེལ་ལམ་དང་ཡིད་ཆེས། ཕྱི་གསལ་དང་ནང་གསལ་བཟོ་དགོས་པ་ནི། ༸སྐུ་ཕྱྭའི་དོགས་གནད་ལ་ཐུག་ཡོད་པ་ནི། ཀུན་གྱིས་མཐོང་ཐུབ་ཅིག་རེད་དོ།།
གནས་ཚང་
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
ད་ཡག་པོ་ཞེ་དྲག་རེད། ཕྱི་ལོགས་དུ་ཡོད་པའི་བོད་པར་མཚོན་ན། ཤི་ཐག་གསོན་ཐག་བཅད་སོང་ན་ཡག་གི་རེད། ནང་ལོགས་ཀྱི་བོད་མིས་ཅི་བྱེད་ལ་ལྟ་ཡ་རེད།
སྨར་ཀླུང་དཔའ་ལ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
གཏམ་བཤད་ལ་འདི་ཚོ་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཉམས་ཞིབ་ནན་པོ་དགོས་ཀྱི་འདུག ཡིན་མདོག་གཡོ་ཅན་མི་ལ་ཡོད། ཆོས་བཤད་ཁྲམ་པའི་ཁ་ལ་ཡོད། །བསྐྱེད་རིམ་སྤྲེའུའི་མིག་ལ་ཡོད། ཞེས་པ་བཞིན་རྒྱ་གཡོ་རྒན་འདི་ཚོས་ག་རེ་བཤད་ཀྱི་ཡོད་འདི་ཚོ་ལ་ཡིད་གཏོན་ཞིག་གཏན་ནས་འཆའ་མི་རུང་
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
པར་ནང་གི
གསུམ་པ་བཞི་པ་དྲུག་པ་གསུམ།
བོད་རིགས་ཡིན་པ་ཐེ་ཚོམས་མེད། །

དང་པོ་གཉིས་པ་ལྔ་པ་གསུམ། །
རྒྱ་རིགས་ཡིན་པ་མིན་འགྲོ་ཨ། །
མི་རྒོད།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
གཏམ་བཟང་ངན་གཉིས་ཀྱི་དབྱེན་འབྱེད་དེ།།
དུས་རིང་པོའི་ས་ལ་བལྟ་མོ་བལྟ།།
རྒྱ་དམར་པོའི་གཡོ་རྒྱུའི་ལམ་ཁ་ནས།།
ངད་བོད་སྤུན་སྲོག་ཁྲག་ས་རུ་འཁྱིལ།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།