གདུང་སེམས་མཉམ་སྐྱེད་ཀྱི་ཞལ་འདེབས།

འདོན་སྤེལ། ༢༠༡༣/༠༦/༢༤

རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁཱན་མངའ་སྡེའི་ནང་ཆར་ཞོད་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པོར་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ཧིན་སྒོར་སུམ་འབུམ་གྱི་གྱི་ཞལ་འདེབས་ཕུལ་འདུག  

ཉིན་འགའི་གོང་རྒྱ་གར་བྱང་ཕྱོགས་ཨུ་ཊར་ཁཱན་(Uttarakhand) མངའ་སྡེའི་ནང་དྲག་ཆར་བབས་ཏེགྲོང་ཁྱེར་ཨུ་ཊར་ཀ་ཤི་ (Uttarkashi) དང་ གྲོང་སྡེ་ཅ་མོ་ལི་ (Chamoli)། ཀི་ཌ་མེ་ཐཱ་ (kedamath Valley)བཅས་དང་། ཧིན་རྡུའི་གནས་ཆེན་ ༤ བཅས་སུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་སྟེམི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་བོར་བརླག་ཏུ་ཕྱིན་པ། ཁྱིམ་ཚང་སྟོང་ཕྲག་མང་པོའི་སྡོད་གནས་གཏོར་བཤིག་ཐེབས་པ་བཅས་ལ་བརྟེན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༢ ཉིནབཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

གསལ་བསྒྲགས་ནང་ “ བདུན་ཕྲག་འདིར་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་ཆུ་རུད་ཀྱི་གོད་ཆག་འོག་མི་གྲངས་དྲུག་བརྒྱ་ལྷག་རྐྱེན་ལམ་དུ་སོང་བ་དང། སྟོང་ཕྲག་མང་པོའི་སྡོད་ཁང་སོགས་རྩ་མེད་བཟོས་པ་སོགས་གནོད་སྐྱོན་ཚབས་ཆེ་ཕོག་པརབོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་ཐོག་ཐེངས་འདིར་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་དང་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེཞུ་རྒྱུ་དང་སྦྲགས། ངལ་སེལ་མྱུར་སྐྱོབ་ལས་གཞིའི་ཆེད་མངའ་སྡེའི་བློན་ཆེན་གྱི་ངལ་སེལ་ཐེབས་རྩ་ (Chief Minister`s Relief Fund) བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཧིར་སྒོར་འབུམ་གསུམ་ཞལ་འདེབས་འབུལ་རྒྱུ་མ་ཟད། ང་ཚོས་གོད་ཆག་འོག་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ” ཞེས་སོགས་བཀོད་འདུག

ཤོག་ངོས་འདི་ཐེངས་ ༡༢༨༢ ལ་བཀླགས་འདུག
རིག་པ་འདོན་པ།
སྟག་ཚང་རིག་རྒོད་
༢༠༡༣/༠༦/༢༦ ཉིན་འདོན་སྤེལ་བྱས།
རྒྱ་གར་མངའ་སྡེ་སོ་སོ་ནས་རོགས་རམ་མི་དགོས་པའི་ཉོག་གཏམ་ཤོད་ཀྱིན་འདུག་པས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་ལམ་བཙན་བྱོལ་མི་དམངས་ཀྱི་ལག་དངུལ་སྤྲད་ཀྱང་ལེན་མཁན་ཁག་པོ་རེད་ལ་སྤྲད་ཀྱང་ངོ་གསོ་མེད་པའི་མི་དེ་འདྲ་སོང་ཙང་རྒྱ་མཚོའི་ནང་ཆུ་བླུགས་པ་དང་གཅིག་པ་རེད་
ཤག་སྒང་པ།
༢༠༡༣/༠༦/༢༤ ཉིན་འདོན་སྤེལ་བྱས།
གཞན་སྐྱོབ་ལས་འགུལ་ལ་བསྔགས་སོ།།

༧རྒྱལ་བའི་གསོལ་ཅོག་ནས་མིན་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་འདི་ལྟར་ལྕོགས་པ་ནི་ཤིན་ཏུ་བཟང་ངོ་།།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།