ཨ་རི་དང་ཨུ་རུ་སུའི་བར་གྱི་སི་ནོལ་ཌིན།

འདོན་སྤེལ། ༢༠༡༣/༠༦/༢༥

ཨ་རིའི་གཞུང་གིས་སི་ནོལ་ཌིན་ལ་ནག་ཉེས་གསུམ་བཙུགས་ཏེ་ཧོང་ཀོང་གཞུང་གིས་ཁོ་འཛིན་བཟུང་གིས་ཕྱིར་ཨ་རིར་རྩིས་སྤྲོད་བྱེད་དགོས་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུ་མཉམ་འབྲེལ་ཐོག་སི་ནོལ་ཌིན་ཧོང་ཀོང་ནས་ཨུ་རུ་སུའི་གནམ་གྲུ་བརྒྱུད་ཨེ་ཁོ་ཌོར་ལ་སྐྱབས་བཅོལ་དུ་འབྲོ་རུ་བཅུག་ཡོད་འདུག

ཉེ་ལམ་ཕྱི་ཚེས་ ༡༤  ཉིན་ཤར་བེར་རྗིན་ནཱེ( Viginia) ཡི་ཁྲིམས་ཁང་གིས་ཨ་རིའི་གསང་བ་ཕྱིར་བསྒྲགབྱེད་མཁན་སི་ནོལ་ཌིན་ལ་ཨ་རིའི་བདེ་སྲུང་གནས་ཚུལ། བརྡ་འཕྲིན་བརྒྱུད་ལམ་གྱི་གསང་བ་རྐུ་ཁྱེར་བྱས་པའི་ནགཉེས་དོན་ཚན་ ༣ བཙུགས་ཏེ། ཨ་རི་དང་ཧོང་ཀོང་གཉིས་བར་ཉེས་ཅན་ཕན་ཚུན་རྩིས་སྤྲོད་ཀྱི་ཆིངས་ཡིག་གཞི་རྩར་བཟུང་སྟེ། ཧོང་ཀོང་གཞུང་གིས་སི་ནོལ་ཌིན་འཛིན་བཟུང་གིས་ཕྱིར་ཨ་རིར་རྩིས་སྤྲོད་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། ཧོང་ཀོང་གཞུང་གིས་ཞིབ་<འཇུག་བརྒྱུད་ཨ་རིའི་གཞུང་གིས་སི་ནོལ་ཌིན་ལ་ནག་ཉེས་བཙུགས་པ་དེ་དག་ལ་བདེན་དཔང་འདང་ངེས་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད།

ཧོང་ཀོང་གཞུང་གིས་པེ་ཅིན་ཕྱོགས་ནས་སི་ནོལ་ཌིན་འཛིན་བཟུང་བྱེད་དགོས་མིན་ཐོག་བརྡ་ལན་ཞིག་ཡོང་བར་རེ་བ་བྱས་ཡོད་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧའུ་ཆོན་ཡེན་(  Hua  Chunying) གྱིས། ཉེ་ཆར་ཨ་རིའི་གསང་བའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་དྲ་ཚིགས་ལ་འཇབ་རྒོལ་བྱས་པའི་གནས་ཚུལ་ཐོག་སེམས་ཁྲལ་ཡོད་སྐོར་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཐོག་ནས་ཨ་རིའི་གཞུང་ལ་རེ་འདུན་བཏོན་ཡོད་ཚུལ་བཅས་ལས་སི་ནོལ་ཌིན་གྱི་གནད་དོན་སྐོར་ཐད་ཀར་གང་ཡང་བཤད་མེད། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྣེ་ཁྲིད་པའི་མི་མང་སྟོང་ཕྲག་མང་པོས་ཧོང་ཀོང་གིས་ངེས་པར་སི་ནོལ་ཌིན་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐད་འབོད་བྱས་ཡོད་པ་རེད།  

སི་ནོལ་ཌིན་ཧོང་ཀོང་དུ་བསྡད་པའི་རིང་ཧོང་ཀོང་གཞུང་གིས་ཁོབོའི་འགྲོ་འདུག་ཐོག་དམ་དྲག་དང་འདྲི་རྩད་སོགས་གང་ཡང་བྱས་མེད་ཀྱང་། སི་ནོལ་ཌིན་གྱིས་ཨ་རིའི་གཞུང་གི་གནོན་ཤུགས་འོགཁོ་རང་ཧོང་ཀོང་གཞུང་གིས་འཛིན་བཟུང་གིས་ཨ་རིཕྱིར་སློག་བྱེད་སྲིད་པར་དོགས་ཏེ། ཧོང་ཀོང་དུ་ཡོད་པའི་ཨར་ལན་ཌི་ (Iceland) གཞུང་ཚབ་དུ་སྐྱབས་བཅོལ་ཞུས་ཀྱང་ཨར་ལན་ཌིའི་གཞུང་ཚབ་ཀྱིས་ངོས་བྱས་མེད་པ་དང་དེའི་རྗེས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨེ་ཁོ་ཌོར་(Ecuador)གཞུང་ཚབ་ལ་སྐྱབས་བཅོལ་ཞུས་ཏེ་ངོས་ལེན་གྱིས་ཁ་སང་ ༢༣ ཉིན་ཨུ་རུ་སུའི་མཁའ་འགྲུལ་གནམ་གྲུ་( Aeroflot) བརྒྱུད་དེ་རྒྱལ་ས་མོལ་སུ་ཁུ་( Moscow) ཡི་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་ཨེ་ཁོ་ཌོར་གཞུང་ཚུབ་ཀྱི་རླངས་འཁོར་གཉིས་གནམ་ཐང་དུ་འབྱོར་ཡོད་འདུག   

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སི་ནོལ་ཌིན་ཨུ་རུ་སུའི་གནམ་ཐང་བརྒྱུད་ཀོ་སྦའ་(Cuba)འམ་ཝེ་ནེ་ཛུ་( Venezuela) གཉིས་གང་རུང་གིརྒྱལ་སྤྱིའི་གནམ་ཐང་བརྒྱུད་དེ་ཨེ་ཁོ་ཌོར་རྒྱལ་ཁབ་ནང་སྐྱབས་བཅོལ་དུ་འགྲོ་རྒྱུ་ཡིན་པ་དང་ཨ་རི་དང་ཨེ་ཁོ་ཌོར་རྒྱལ་ཁབ་གཉིས་བར་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཆིག་བཞག་ཡོད་ཀྱང་ཆབ་སྲིད་ཀྱི་སྐྱབས་བཅོལ་པ་ཆིངས་ཡིག་དེའི་ནང་ཚུད་སྟབས། སི་ནོལ་ཌིན་བ་སྲིད་སྐྱབས་བཅོལ་གྱི་ངོ་བོའིཐོག་ནས་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་ཚུལ་སྤེལ་འདུག ཉེ་ཆར། ཨ་རིའི་གཞུང་གིས་སི་ནོལ་ཌིན་གྱི་ཕྱི་སྐྱོད་ལག་ཁྱེར་རྩིསམེདབཏང་ཡོད་ཀྱང ཧོང་ཀོང་གཞུང་གིས་སི་ནོལ་ཌིན་ཁྲིམས་མཐུན་ཐོག་ཨུ་རུ་སུར་ཕྱིན་ཡོད་སྐོར་བརྗོད་འདུག

གནད་དོན་ཉམས་ཞིབ་པ་ཚོས།  སི་ནོལ་ཌིན་གྱིས་ཨ་རིའི་གསང་འིལས་ཁུངས་ཀྱིས་རྒྱ་ནག་གི་ཁ་པར་ནང་ལྐོག་འཛུལ་བྱས་དང་རྒྱ་ནག་གི་བདེ་སྲུང་དྲ་ཚིགས་ལ་གཏོར་སྐྱོན་བྱས་པའི་གནས་ཚུལ་བསྒྲགས་ཡོད་ཀྱང་  རྒྱ་ནག་གཞུང་གིས་ཧོང་ཀོང་གཞུང་ལ་སི་ནོལ་ཌིན་ཨུ་རུ་སུར་འགྲོ་བཅུག་པའི་ཆོག་མཆན་སྤྲད་ཡོད་པ་དེ རྒྱ་གཞུང་གིས་ཨ་རྒྱ་གཉིས་ཀྱི་ཆབ་སྲིད་འབྲེལ་ལམ་ཡར་རྒྱས་གཏོང་གི་ཡོད་འིརྣམ་པ་སྟོན་ཆེད་ཡིན་སྐོར། དེ་བཞིན། ཨ་རིའིགཞུང་གིས་སི་ནོལ་ཌིན་གྱི་ཕྱིར་སྐྱོད་ལག་ཁྱེར་རྩིས་མེད་བཏང་ཡོད་པའི་ཁར། ཨུ་རུ་སུའི་གཞུང་གི་ཐོངས་མཆན་ཡང་ཞུས་མེད་བཞིན་དུ་ཁོ་བོ་ཨུ་རུ་སུའི་གནམ་ཐང་ལ་འབྱོར་ཡོད་པ་དེ་ནི། སྲིད་བློན་པོ་ཊིན་ (Putin) གྱིཐད་ཀའི་ཆོག་མཆན་འོག་ནས་ཡོང་བ་ཞིག་ཡིན་པ་དང་། གནས་ཚུལ་དེས་ཨ་རི་དང་ཨུ་རུ་སུ་གཉིས་སེ་རི་ཡ་དང་ཨེ་རན་གྱི་གནད་དོན་ཐོག་གྲོས་མཐུན་ཡོང་གི་མེད་པ་མཚོན་ཐུབ་སྐོར་བརྗོད།

ཨ་རིས་ཨུ་རུ་སུ་གཞུང་ལ་སི་ནོལ་ཌིན་རྒྱལ་ཁབ་གཞན་ལ་འགྲོ་མི་འཇུག་རྒྱུའི་རེ་བ་ཞུས་ཡོད་པ་མ་ཟད། ལྷོ་ཨ་མེ་ཁའི་རྒྱལ་ཁབ་ཁག་འང་སི་ནོལ་ཌིན་ཨེ་ཁོ་ཌོར་རྒྱལ་ཁབ་ལ་སྐྱབས་བཅོལ་དུ་འགྲོ་བའི་མཁའ་ལམ་བབ་ཚིགས་གཡར་མི་ཆོག་པའི་ཉེན་བརྡ་བཏང་ཡོད་འདུག ཨེ་ཁོ་ཌོར་རྒྱལ་ཁབ་ཀྱིས། ༢༠༡༡ ལོའི་ཟླ་   པའི་ཚེས་ ༡༨ ཉིན་ཝེ་ཀེ་ལེ་ཁུ་ ( wikileak) དྲ་ཚིགས་གསར་གཏོད་པ་ཇོ་ལཱིན( Julian Assange) གྱིས་ཨ་རིའི་གཞུང་ཚབ་ཁང་ཚང་མས་གསང་བ་ཕྱིར་འདོན་བྱས་ཡོད་སྟབས། ཉིན་འདི་གར་ཇོ་ལཱིན་དབྱིན་ཇིས་འཛིན་བཟུང་ལ་དོགས་ཏེ ལོན་ཌོན་དུ་ཡོད་པའི་ཨེ་ཁོ་ཌོར་གཞུང་ཚབ་ཁང་དུསྐྱབས་བཅོལ་གྱི་ངོ་བོར་སྡོད་ཡོད་འདུག

ཤོག་ངོས་འདི་ཐེངས་ ༡༨༩༡ ལ་བཀླགས་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།