ངྷ་སར་ ༢༠༡༠ ནས་ ༢༠༡༢ ལོའི་བར་མྱོས་རྫས་སྤྱོད་མཁན་ ༤༢ གྲོངས་འདུག

འདོན་སྤེལ། ༢༠༡༣/༠༦/༢༦

སྤྱི་འཐུས་ཟླ་བ་ཚེ་རིང་ལཊ་ཀྱིས་ཀུན་ཕན་ལས་ཁུངས་རྩིས་ལེན་གནང་སྟེ་ཕྱི་ཟླ་དྲུག་པ་ནས་ངྷ་ས་དབུས་སྣེ་ལེན་ཁང་གི་ཉེ་འཁྲིས་སུ་བཙན་བྱོལ་ནང་གི་མྱོས་རྫས་སྤྱོད་མཁན་རྣམས་ལ་སྨན་བཅོས་བྱེད་ས་ཞིག་གསར་འཛུགས་གནང་རྒྱུ་ཡིན་འདུག

ཉེ་བའི་ལོ་འགའི་རིང་བཙན་བྱོལ་ནང་གི་གཞོན་སྐྱེས་ཁྲོད་མྱོས་རྫས་རིགས་འདྲ་མིན་སྤྱོད་མཁན་དང་ཆང་རག་ངན་གོམས་ཀྱི་དབང་གིས་ན་ཚ་འདྲ་མིན་བྱུང་སྟེ་བོད་པའི་གཞོན་སྐྱེས་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དཀའ་ངལ་དེ་རིགས་སེལ་ཆེད་ངྷ་ས་ཀུན་ཕན་ལས་ཁུངས་ཀྱིས་བཞུགས་སྒར་ཉེ་འཁྲིས་སུ་ནད་བཅོས་ཁང་གསར་རྒྱག་བྱ་འཆར་འདུག་སྟབས། གསར་འགོད་པས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་བྱས་ཡོད། ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། ངྷ་རམ་ས་ལའི་ཀུན་ཕན་ལས་ཁུངས་ནི། ༢༠༠༠ ལོར་དེ་སྔོན་མྱོས་རྫས་བེད་སྤྱོད་གཏོང་མྱོང་མཁན་བློ་བཟང་ཞུ་བ་ཞིག་གིས། ཁོང་རྒྱ་གར་གྱི་ནད་བཅོས་ཁང་ (Rehabilitation Center) འདྲ་མིན་ནང་ཕྱིན་ཏེ། སྨན་བཅོས་ལྟ་སྐྱོང་དང་སློབ་གསོ་མྱངས་སྐབས་བོད་པའི་གོམས་གཤིས་དང་མི་མཐུན་པའི་དཀའ་ངལ་མང་པོ་བྱུང་བའི་དབང་གིས་ཕྱིར་བུད་རྗེས། བོད་པ་རང་གི་གོམས་གཤིས་དང་མཐུན་པའི་ནད་གསོ་ཁང་ཞིག་འཛུཊ་རྒྱུའི་འཆར་གཞི་བསྒྲིགས་ཏེ་༸གོང་ས་མཆོག་ལ་སྙན་སེང་ཞུས་སྐབས། ༸གོང་ས་མཆོག་གིས་ནད་གསོ་ཁང་གསར་རྒྱག་ཆེད་ཧིན་སྒོར་འབུམ་ ༢༥ གནང་ཡོད་ཀྱང་། ༢༠༡༠ ལོའི་བར་མ་དངུལ་དེ་འཕྲོད་བསྟེན་ལས་ཁུངས་ལ་བཅོལ་བ་ལས། བློ་བཟང་དང་སྒྲོལ་མ་ཆོས་ལྡན་བཅས་ལས་བྱེད་རིམ་པ་ཨ་རི་དང་ཁེ་ཎ་ཌ་སོགས་སུ་ཕྱིན་ཏེ། ལོ་ ༢ ལྷག་གི་རིང་ལས་གཞི་མཇུག་སྐྱོང་མ་ཐུབ་པར་ལྷག་འདུག ༢༠༡༢ ཕྱི་ཟླ་ ༩ བའི་ནང་འགན་འཛིན་ལྷན་ཚོགས་ཀྱིས་འཕྲོད་བསྟེན་ལས་ཁུངས་དང་ངྷ་ས་བདེ་དོན་བཅས་ལ་སྙན་ཞུ་ཕུལ་ཏེ་ལས་ཁང་རྩིས་ལེན་གནང་རྒྱུའི་རེ་བ་ཞུས་པ་དང་། དབྱིན་ཇིའི་མི་ཞིག་ལ་རེ་བ་ཞུས་ཀྱང་ངོས་ལེན་མ་བྱས་སྟབས། སྔར་ལོའི་ཕྱི་ཟླ་ ༡༡ ནང་འགན་འཛིན་ལྷན་ཚོགས་ཀྱིས་རེ་སྐུལ་ལྟར་ཁོང་གིས་རྩིས་ལེན་གནང་བ་ཞིག་ཡིན་འདུག

ཁོང་གིས་བརྗོད་པ་ལྟར་ན། ཉེ་བའི་དུས་སུ་ལས་ཁུངས་དེ་དཀའ་ངལ་ནང་ལྷུང་ཡོད་པ་དང་། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་མྱོས་རྫས་སྤྱོད་མཁན་མང་བ་དེ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་། ལས་ཁུངས་དེ་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཡིན་སྟབས། ཁོང་གིས་དེ་སྔོན་བདེ་དོན་སྐབས་ཀྱི་ལས་ཀའི་ཉམས་མྱོང་གཞིར་བཟུང་རྩིས་ལེན་གནང་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༣ པ་ནས་མགོ་འཛུགས་ཀྱིས་ ༢༠༡༤ ལོའི་ཕྱི་ཟླ་ ༤ བའི་བར་ངྷ་རམ་ས་ལའི་སྤྱི་<ཚོགས་ནང་གང་ཐུབ་ཀྱིས་གོ་རྟོགས་སྤེལ་རྒྱུ་དང་། སྔོན་མ་༸སྐུ་མདུན་གྱིས་གནང་བའི་ཕྱག་དངུལ་གྱིས་སྣེ་ལེན་ཁང་གི་ཉེ་འཁྲིས་སུ་ས་ཆ་ཀར་ནཱལ་ ལྷག་ཉོས་ཡོད་ཀྱང་། འཛུགས་སྐྲུན་གྱི་མ་དངུལ་འདང་ངེས་མེད་སྟབས། ཕྱི་ཟླ་ ༥ བའི་ཚེས་ ༡༣ ཉིན་ནས་ང་ཚོས་བཞུགས་སྒར་དུ་ཞལ་འདེབས་བསྡུ་རུབ་དང་། སྐུ་སྒེར་ཡིག་ཚང་དང་འཕྲོད་བསྟེན་ལས་ཁུངས་བཅས་སུ་འབོད་སྐུལ་ཞུས་ཏེ། ཕྱི་ཟླ་ ༦ པའི་ནང་དངོས་སུ་ལས་ཀ་མགོ་འཛུགས་བྱ་རྒྱུ་ཡིན་འདུག་པ་དང་། ཐོག་མར་ཛ་དྲག་སྨན་བཅོས་བྱེད་སའི་ཁང་མིག་གཉིས་གསར་རྒྱག་བྱ་འཆར་ཡོད་པ་དང་། ལས་གཞི་གཞན་རྣམས་རིམ་པས་རྒྱག་འཆར་ཡོད་པ་མ་ཟད། གཙོ་བོ་གསར་དུ་མྱོས་རྫས་རིགས་སྤྱོད་མཁན་གཞོན་སྐྱེས་ལོ་ཆུང་ཚོ་སློབ་གྲྭ་དང་ཕ་མ། སྤྱི་ཚོགས་སོགས་བརྒྱུད་དེ་རག་ཐབས་བྱས་རྗེས་བདག་སྐྱོང་སྨན་བཅོས་དང་། རྙིང་པའི་རིགས་ཀྱི་གནས་སྟངས་ལ་བལྟས་ཏེ་རོགས་རམ་བྱ་རྒྱུ་ཡིན་འདུག་ལ། ཨེ་ཙི་ན་ཚའི་རིགས་ཡོད་མཁན་ཚོར་སྡེ་ཚན་ཁག་ལ་འབྲེལ་བ་བྱ་རྒྱུ་བཅས་ཡིན་འདུག

གསར་འགོད་པས་ཁོང་ནད་བཅོས་ཁང་གི་བདག་སྐྱོང་དང་སྨན་བཅོས་ཐད་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས།ནད་བཅོས་ཁང་དེ་ད་ལྟ་རྒྱ་གར་ནང་ཡོད་བསྡད་པའི་ནད་གསོ་ཁང་ཁག་གི་སློབ་གསོ་དང་བདག་སྐྱོང་། སྨན་བཅོས་བྱེད་སྟངས་བཅས་གཞིར་བཞག་ཐོག་འགྲོ་འཆར་ཡོད། ཡིན་ནའང་། ཁོང་ཚོ་མང་ཆེ་བ་རང་ཉིད་ལ་གདེང་སྤོབས་དང་ཡིད་ཆེས་མེད་པ། སློབ་གསོ་ཡག་པོ་རག་མེད་པའི་དབང་གིས་ཡིན་སྟབས། སློབ་གསོའི་ལས་རིམ་གཙོ་བོའི་ནང་ཆོས་ཀྱི་སློབ་གསོ་གཞི་རྩར་འཇོག་གི་ཡིན།ནད་བཅོས་ཀྱི་ཐད་ནས་ནད་པའི་ཁམས་དང་མོས་པར་བརྟེན་ནས་སྨན་བཅོས་དང་། ལས་རིགས་འདྲ་མིན་དང་ལུས་རྩལ་སྦྱོང་བརྡར་སོགས་སྤྲོད་རྒྱུ་ཡིན། སྨན་བཅོས་བརྟག་དཔྱད་ཀྱི་ཟླ་ ༦ རིང་སྔོན་མའི་གོམས་གཤིས་མེད་པར་བཟོ་རྒྱུ་དང་། དེའི་རྗེས་ཀྱི་ཟླ་བ་ ༦ རིང་ང་ཚོས་བདག་པོ་བརྒྱབ་ཏེ་ལས་ཀ་འདྲ་མིན་བྱེད་འཇུག་རྒྱུ། ཡག་པོ་ཆགས་པ་ཡིན་ན་སོ་སོའི་ཕ་མར་རྩིས་སྤྲོད་རྒྱུ་དང་། རང་མགོ་འཐོན་པའི་རིགས་རང་ཉིད་ཀྱི་འདོད་མོས་ལྟར་ལས་ཀ་བྱ་འཇུག་རྒྱུ་ཡིན། ཁོང་ཚོའི་རིགས་མང་ཆེ་བ་དཀའ་ངལ་ཅན་གྱི་རིགས་ཡིན་སྟབས། ང་ཚོས་ལས་ཀ་བྱེད་མཁན་དེ་ཡང་གཙོ་བོ་དང་བླངས་ཐོག་ལས་ཀ་བྱེད་མཁན་གྲྭ་བ་དང་བཙུན་པ་ཚོར་དམིགས་ཀྱི་ཡོད། གལ་སྲིད། གླ་ཆ་སྤྲོད་དགོས་པའི་རིགས་བྱུང་ཚེ་ལས་བྱེད་དེ་ཡང་གླ་ཆ་ཁོ་ན་མིན་པར་གཞན་ཕན་གྱི་བསམ་བློ་ཡོད་བསྡད་མཁན་དེ་འདྲ་བསམ་བློ་གཏོང་གི་ཡོད།ཅེས་བརྗོད་བྱུང་

ཁོང་ལ་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་མྱོས་རྫས་སྤྱོད་མཁན་གྱི་གནས་སྟངས་དང་། མ་འོངས་པར་སྤྱི་ཚོགས་ཀྱིས་ངོས་ནས་ག་རེ་བྱ་དགོས་མིན་དྲིས་པར་ཁོང་གིས། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་སྐྲན་ནད་དང་ཨེ་ཙི་ན་ཚ་ཡོད་མཁན་རིཊ་ལ་ནང་མི་དང་གྲོཊ་པོ་ཚང་མས་བདག་པོ་རྒྱག་གི་འདུག མྱོས་རྫས་དང་ཆང་རག་ངན་གོམས་ཀྱི་རིགས་ལ་མཐོང་ཆུང་བཏང་སྟེ། སྤྱི་ཚོགས་ནས་ཕྱིར་འཕུད་པ་ལྟ་བུ་བྱེད་ཀྱི་འདུག དེ་འགྲིག་གི་ཡོད་པ་མ་རེད། ཁོང་ཚོའི་རིགས་ལ་བརྟེན་ནས་སྤྱི་ཚོགས་ནང་རྐུ་མ་རྒྱག་པ་དང་གཞོན་སྐྱེས་དུས་མིན་འཆི་རྐྱེན་བྱུང་བ། ཕ་མ་དང་ཕྲུ་གུའི་བར་གྱི་འདུ་ཤེས་ཉམས་པ། སྤྱི་ཚོགས་དང་ཁྱིམ་ཚང་ནང་འཁྲུག་རྩོད་མང་བ། རྫུན་དང་མགོ་སྐོར་གཏོང་མཁན། རང་ཤི་རྒྱག་མཁན་སོགས་མང་དུ་འགྲོ་བཞིན་པ་མ་ཟད། རེག་དུག་གཙོས་པའི་ནད་རིགས་འདྲ་མིན་ཡང་དེ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། ངྷ་རམ་ས་ལར་མཚོན་ན། ༢༠༡༠ ནས་ ༢༠༡༢ ལོའི་བར་གཞོན་སྐྱེས་ ༤༢ འདས་གྲོངས་འདུག ལྡི་ལིར་མཚོན་ན་འདི་ལས་མང་བ་ལས་ཉུང་བ་ཡོད་པ་མ་རེད། དེ་བཞིན་མུ་ན་ལི་དང་ལ་དྭགས། སྦེལ་ཀོལ། མོན་གྷོ་ཊི་བཅས་ས་གནས་ཁག་ནང་མང་པོའི་ནང་ཡོད་པ་ང་ཚོས་ཐག་བཅད་ནས་ཞུ་ཐུབ་ཀྱི་ཡོད། ལྷག་པར་དུ་ད་ཆར་ལས་བྱེད་དང་སློབ་གྲྭ་ཁག་གི་སློབ་མ། བོད་པའི་དམག་ཁང་གི་དམག་མི། ཕྲུ་གུའི་ཕ་མ་སོགས་ཀྱིས་སྤྱོད་བཞིན་པ་མ་ཟད། བོད་པའི་མི་མང་པོ་ཞིག་གིས་མྱོས་རྫས་རིཊ་ངྷ་རམ་ས་ལ་ནས་ལ་དྭགས་སུ་འཁུར་ཏེ། འདིར་ཟ་ཐེངས་གཅིག་ལ་ཧིན་སྒོར་༨༠ ཡིན་པའི་རིཊ་ཕར་ཕྱོཊ་སུ་ཧིན་སྒོར་ ༤༠༠ ཡས་མས་བྱས་ཏེ་འཚོང་གི་ཡོད་འདུག་ལ། སྨན་རག་ཁག་པའི་ས་གནས་ཁག་ཏུ་བོད་པ་དང་རྒྱ་གར་བ། མི་རིགས་གཞན་པ་བཅས་ཀྱིས་རྒྱུ་ཆེན་པོ་ཆགས་ཆེད་ཚོང་བརྒྱབ་སྟེ། ད་ལྟ་ལ་དྭགས་དང་བོད་པའི་གཞིས་ཆགས་ཁགསློབ་གྲྭ དམག་ཁང་བཅས་སུ་དར་ཁྱབ་ཆེན་པོ་ཕྱིན་འདུག དེ་དག་ཚང་མ་ང་ཚོའི་སྤྱི་ཚོཊ་ཀྱིས་བདག་པོ་རྒྱག་མ་ཐུབ་པའི་རྐྱེན་གྱིས་རེད། དེ་འདྲའི་དཀའ་ངལ་ཡོད་བསྡད་པ་རེད། མ་འོངས་པར་སྤྱི་ཚོཊ་ཀྱིང་ངོས་ནས་མཐོང་ཆུང་དང་ཁྱད་གསོད། ཕྱིད་འཕུད་བཏང་བའི་རྣམ་པ་མེད་པར་བཟོ་རྒྱུ་གལ་ཆེན་པོ་རེད། དཀའ་ངལ་འདི་མུ་མཐུད་ཕྱིན་ན་ན་ཚའི་རིཊ་འདྲ་མིན་ཡོང་ངེས་སྟབས། དཀའ་ངལ་མ་ཡོང་སྔོན་ལ་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་རུབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།ཅེས་བརྗོད་བྱུང་

གསར་འགོད་པ། དོན་གོ

ཤོག་ངོས་འདི་ཐེངས་ ༡༩༨༡ ལ་བཀླགས་འདུག
རིག་པ་འདོན་པ།
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༢༨ ཉིན་འདོན་སྤེལ་བྱས།
སྤྱི་དོན་བྱེད་མཁན་དཀོན་ལ། ཡོད་ན་དེ་ལ་སྡང་བ། ང་ཚོའི་སྤྱི་ཚོགས་འདི་ག་རེ་ཟེར་མཁན་དེ་རེད། ཟླ་བ་ཚེ་རིང་ལགས་སུ་རྗེས་སུ་ཡི་རང་ཡོད། སེམས་ཤུགས་ནམ་ཡང་མ་ཆག
འབྲུག་གྲགས་རྒྱལ་པོ།
༢༠༡༣/༠༦/༢༨ ཉིན་འདོན་སྤེལ་བྱས།
སྤྱི་དོན་བྱེད་མཁན་དཀོན་ལ། ཡོད་ན་དེ་ལ་སྡང་བ། ང་ཚོའི་སྤྱི་ཚོགས་འདི་ག་རེ་ཟེར་མཁན་དེ་རེད། ཟླ་བ་ཚེ་རིང་ལགས་སུ་རྗེས་སུ་ཡི་རང་ཡོད། སེམས་ཤུགས་ནམ་ཡང་མ་ཆག
ཉེར་གཅིག་པའི་ཅོང་བརྡ།
༢༠༡༣/༠༦/༢༦ ཉིན་འདོན་སྤེལ་བྱས།
ཡང་མ་རྩ་འཇོག་བྱེད་ཅིག་སྒོ་འབྱེད་གནང་གི་འདུག་

ལྷག་བསམ་དང་གཏོང་ཕོད་སྒོ་ནས་གསར་འབྱོར་ཚོར་རོགས་རམ་གནང་མཁན་དཀོན་པོ་འདུག
ཡིན་ནའི་ཁ་ནས་རོགས་རམ་བྱེད་མཁན་མང་པོ་ཡོད་རེད།
གང་ལྟར་ཀྱང་ཕན་ཐོགས་གི་མ་རེད།
མཐུ་རྩལ་ཐོགས་མེད།
༢༠༡༣/༠༦/༢༦ ཉིན་འདོན་སྤེལ་བྱས།
བོད་སོག་ལས་ཁུངས་ཀྱི་དངུལ་ལས་སོ་སོས་རང་མགོ་རང་ཐོན་བྱས་ན་དེ་ཡག་གཱ
འཇིགས་བྲལ་བསྟན་འཛིན།
༢༠༡༣/༠༦/༢༥ ཉིན་འདོན་སྤེལ་བྱས།
ཡང་འདི་སྒེར་བདག་ཆགས་ཡོང་། ཨ་ཁ་ཁ་ཁ།
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།