སྲིད་བློན་ཟུར་པར་ལོ་༧ གྱི་ཁྲིམས་ཆད།

འདོན་སྤེལ། ༢༠༡༣/༠༦/༢༥

ཨི་ཊ་ལིའི་སྲིད་བློན་ཟུར་བ་སྦེར་ལུ་སི་ཀོ་ནེ་ཡིས་རང་ལོ་༧ ཅན་གྱི་བུ་མོ་གར་མ་ཀཱ་རེ་མཱར་ཟེར་བར་དངུལ་སྤྲད་དེཁྲིམས་འགལ་ཐོག་ལྐོག་འབྲེལ་བྱས་པའི་ཉེས་མིང་འོག་ལོ་ གྱི་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་ཨི་ཊ་ལིའི་གྲོང་ཁྱེར་མེ་ལན་ (Milan) ཁྲིམས་ཁང་གིས། དེ་སྔོན་གྱི་སྲིད་བློན་ཟུར་བ་སྦེར་ལུ་སི་ཀོ་ནེ( Silvio Berlusconi) ལགས་ཀྱིས་མཚན་ཚོགས་གཅེར་བུའི་གར་མ་རང་ལོ་ ༧ ཡིན་པ་བུ་མོ་ཀཱ་རེ་མཱར་ (Karima EI Mahroug)ཟེར་བར་དངུལ་སྤྲད་དེ་ཁྲིམས་འགལ་ཐོག་ལྐོག་འབྲེལ་ཐེངས་ ༡༣ ཙམ་བྱུང་ཡོད་པའི་ཉེས་མིང་བཏགས་ཏེ། ལོ་ གྱི་ཁྲིམས་ཆད་དང་འབྱུང་འགྱུར་སྤྱི་ཚོགས་ནང་ལས་དོན་གང་ཡང་གཉེར་མི་ཆོག་འི་ཐག་གཅོད་བྱས་ཡོད་པ་ཁྱབ་བསྒྲགས་བྱས་འདུག སྦེར་ལུ་སི་ཀོ་ནེ་ད་ལྟ་ཁོ་རང་ ༧༦ ཡིནཔ་དང་། ཁོས་བུ་མོ་ཀཱ་རེ་མཱར་ལ་ཐོག་མར་ལྐོག་འབྲེལ་བྱེད་སྐབས་བུ་མོ་དེ་རང་ལོ་ ༡༧ ཡིན་སྟབས། ཨི་ཊ་ལིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གང་ཐད་ནས་གཞང་ཚོང་སོགས་ཁྲིག་སྤྱོད་ཀྱི་ལོ་ཚད་ལོངས་ཡོད་མི་འདུག  

སྦེར་ལོད་སི་ཀོ་ནེ་ ༢༠༡༠ ལོར་ཨི་ཊ་ལིའི་སྲིད་བློན་ལས་ཐོགས་སྐབས། མཚན་ཚོགས་ཤིག་གི་སྟེང་ཁོ་རང་གི་སོའི་སྨན་ཞབས་མ་མེ་ནེ་ཌེ་ ( Nicole Minetti) བརྒྱུད་དེ། བུ་མོ་ཀཱ་རེ་མཱར་ཐོག་མར་ངོ་ཤེས་ཆགས་ཡོད་པ་དང་། ཨི་ཊ་ལི་ནང་སྐད་གྲགས་ཆེ་བའི་བྷན་གྷ་བྷན་གྷ་(Bunga-Bunga)ཟེར་བའི་མཚན་ཚོགས་ཤིག་སྲིད་བློན་ཁོ་རང་གི་གཞིས་ཀར་སྐོང་ཚོགས་བྱས་པའི་སྟེང་གཅེར་བུའིགར་མ་ཀཱ་རེ་མཱགདན་འདྲེན་ཞུས་ཏེ་ཆགས་སྲེད་ཀྱི་ཞབས་བྲོ་འཁྲབ་བཅུག་རྗེསམཚན་མོ་དེར་ཁོ་རང་དང་མཉམ་དུ་སྡོད་བཅུག་ཡོད་འདུག སྐབས་དེར་ཀཱ་རེ་མཱ་རང་ལོ་ ༡༧ ཡིན་འདུག

༢༠༡༠ ལོའི་  ཟླ་ཚེས་ ༡༤ ཉིན་རྒྱལ་སྤྱིའི་དགའ་རོགས་ཀྱི་ཉིན་མོར་ཀཱ་རེ་མཱ་སྲིད་བློན་དང་མཉམ་དུ་བསྡད་ཡོད་པ་དང་སྲིད་བློན་གྱིས་སྔ་ཕྱིར་ཨ་སྒོར་ས་ཡ་ ༤།༥ ཙམ་ཁོ་མོར་སྤྲད་ཡོད་པ་སོགས་ཁྲིམས་གཏུགས་བྱེདམཁན་གྱིས་ཁྲིམས་ཁང་ནང་བདེན་དཔང་བྱས་ཡོད་འདུག 

གཞན་ཁོ་རང་སྲིད་བློན་ལས་ཐོག་སྐབས། བུ་མ་ཀཱ་རེ་མཱ་ཡིས་མེ་ལན་གྲོང་ཁྱེར་ནང་ཡུ་སྒོར་ ༣༠༠༠ དང་བུད་མེད་ཀྱི་རྒྱན་ཆས་རྐུ་འཁྱེར་བྱས་ཏེ་ས་གནས་ཉེན་རྟོག་པས་ཁོ་མོ་འཛིན་བཟུང་བཀག་གཉེར་བྱས་སྐབས། སྲིད་བློན་གྱིས་ཐད་ཀའི་དབང་ཤུགས་བེད་སྤྱོད་བཏང་སྟེ། ཀཱ་རེ་མཱ་ནི་ཨེ་ཇིབ་སྲིད་བློན་གྱི་ཚ་མོ་ཡིན་སྟབས་ཁོ་མོ་འཛིན་བཟུང་བྱས་ཚེ་རྒྱལ་ཁབ་གཉིས་བར་གྱི་ཕྱི་སྲིད་འབྲེལ་ལམ་ལ་གནོད་སྐྱོན་ཐེབས་སྲིད་སྐོར་སོགས་ཀྱི་རྒྱུ་མཚན་རྫུན་སྒྲིག་བྱས་ཏེ ཁོ་མོ་ཀློད་གྲོལ་གཏོང་ཐབས་བྱས་ཡོད་འདུག

ཐེངས་འདིའི་ཁྲིམས་ཆད་དེའི་སྐོར་ལ་སྦེར་ལུ་སི་ཀོ་ནེཡིས་གསར་འགོད་བརྗོད་པར། ད་རེབ་ཀྱི་ཐག་གཅོད་དེ་ཆབ་སྲིད་མི་སྣས་ཁྲིམས་ཁང་ལ་གནོན་ཤུགས་སྤྲད་པ་ཞིག་ཡིན་པ་ལས། ཁོ་རང་ལ་ནག་ཉེས་གང་ཡང་མེད་སྟབས་ཁྲིམས་ཁང་གོང་མར་བསྐྱར་ཞིབ་བྱེད་དགོས་པའི་སྙན་ཞུ་རྒྱག་རྒྱུ་ཡིན་ཚུལ་བརྗོད་ཡོད་འདུག བུད་མེད་ཀཱ་རེ་མཱཡིས་ཀྱང་ཁོམོས་གཞང་ཚོང་གི་ལས་ཀ་བྱས་མྱོང་མེད་པ་མ་ཟད། སྲིད་བློན་ཟུར་བ་སྦེར་ལུ་སི་ཀོ་ནེདང་མཉམ་དུ་བསྡད་པ་སོགས་ཀྱི་གནས་ཚུལ་གང་ཡང་མེད་སྐོར་རྗོད་འདུག

གནད་དོན་ཉམས་ཞིབ་པ་ཚོས། སྦེར་ལུ་སི་ཀོ་ནེཡི་གནད་དོན་དེར་རྐྱེན་བྱས་ཏེ། ཁོ་རང་གི་ཕྱོགས་གཏོགས་མི་དམངས་རང་དབང་ཚོགས་ས་ཨི་ཊ་ལིའི་གཞུང་འཛིན་ཚོགས་པར་མཉམ་རུབ་མ་བྱས་ཚེས། ད་ལྟའི་ཨེ་ཊ་ལིའིགཞུང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད།

སྲིད་བློན་ཟུར་པ་སྦེར་ལུ་སི་ཀོ་ནེལགས་སུ་ཐེངས་འདིའི་གྱོད་དོན་མ་ཡིན་པའི་གཞན། ཨི་ཊ་ལིའི་ཉེན་རྟོག་པས་ཁ་པར་ལྐོག་ཉན་བྱེད་པའི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་བཅུག་པའི་ནག་ཉེས་དང་ཨ་རིདང་མཉམ་འབྲེལ་ཐོག་ཁོ་རང་གི་བརྙན་འཕྲིན་བརྒྱུད་ལམ་གྱི་དཔྱ་ཁྲལ་དྲང་བདེན་བྱུང་མེད་པ། རྒྱལ་ཁབ་ཀྱི་དཔྱ་ཁྲལ་ལྐོག་ཟ་དང་དབྱིན་ཇིའི་ཁྲིམས་རྩོད་པར་ལྐོག་དངུལ་སྤྲད་པ་སོགས་ཀྱི་གྱོད་དོན་མང་པོ་ཞིག་ཁྲིམས་ཁང་དུ་འགྲོ་བཞིན་ཡོད་འདུག

སྐུ་ཞབས་སྦེར་ལུ་སི་ཀོ་ནེལགས་ནི་ཨིཊ་ལིའི་སྲིད་བློན་དུ་ཐེངས་ ༣ རིང་བསྡད་མྱོང་ཡོད་པ་མ་ཟད། ཨི་ཊ་ལིའི་ཁྱབ་རྒྱ་ཆེ་ཤོས་ཀྱི་བརྙན་འཕྲིན་བརྒྱུད་ལམ་དང་ཨད་སེ་མེ་ལན( AC Milan) རྐང་རྩེད་སྤོ་ལོ་རུ་ཁག་གི་སྦྱིན་བདག་བཅས་ཡིནའདུག

ཤོག་ངོས་འདི་ཐེངས་ ༢༠༤༦ ལ་བཀླགས་འདུག
རིག་པ་འདོན་པ།
ཀརྨ་རྡོ་རྗེ།
༢༠༡༣/༠༦/༢༦ ཉིན་འདོན་སྤེལ་བྱས།
ཧ་ཧ། ཆགས་སྲེད་ངན་ལངས་ཤོར་བ་ཡིན་ནམ། ཆབ་སྲིད་ངན་རྒྱབ་ལངས་པ་ཡིན། སུས་ཁ་མཚོན་གཅོད་ཐུབ་བམ། དོན་དངོས་ལ་ཕོ་མོ་གཉིས་ནི་ངོ་ཚའི་གནས་སུ་བསྐྱལ་ཚར་འདུག སྙིང་གཅེས་ཨང་
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།