ངས་ད་དུང་མུ་མཐུད་དུ་ཨ་རིའི་གསང་བ་བཤད་རྒྱུ་ཡིན།

འདོན་སྤེལ། ༢༠༡༣/༠༧/༠༥

ཨ་རིའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་སི་ནོལ་ཌིན་ཨུ་རུ་སུའི་གནམ་ཐང་དུ་འབྱོར་རྗེས། འཛམ་གླིང་རྒྱལ་ཁབ་ ༢༡ ཙམ་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་ཡོད་ཀྱང་། ཨ་རིའི་གཞུང་གི་གནོན་ཤུགས་འོག་ད་སྔ་ཨེ་ཁོ་ཌོར་གཅིག་པུ་ལས་རྒྱལ་ཁབ་གཞན་གང་གིས་ཀྱང་ངོས་ལེན་བྱས་མེད་པ་དང་། སི་ནོལ་ཌིན་གྱིས་མུ་མཐུད་ཨ་རིའི་གསང་བ་ཕྱིར་བསྒྲཊ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ཚེས་ ༢༣ ཉིན་ཨ་རིའི་གསང་བ་ཕྱི་བསྒྲགས་བྱེད་མཁན་སི་ནོལ་ཌིན་ཧོང་ཀོང་ནས་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐངདུ་འབྱོར་རྗེས། ཨ་རིའི་གཞུང་གིས་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཨེ་ཁོ་ཌིར་དང་ཁེའུ་བྷ། ཝེ་ནེ་ཛུ་ལཱ། བྷོ་ལི་ཝེ་ཡཱ་གཙོས་འཛམ་གླིང་རྒྱལ་ཁབ་གཞན་སུ་གང་གིས་ཀྱང་སི་ནོལ་ཌིན་ལ་སྐྱབས་བཅོལ་རོགས་རམ་བྱས་ཚེ་དཔལ་འབྱོར་གྱི་གྱོང་གུཚབས་ཆེན་ཕོག་རྒྱུ་ཡིནསྐོར་ཉེན་བརྡ་བཏང་ཡོད་ལ། ཨ་རི་དང་ཨུ་རུ་སུ་གཉིས་བར་ནག་ཉེས་རྩིས་སྤྲོད་ཀྱི་ཆིངས་ཡིག་བཞག་མེད་ཀྱང་ཨུ་རུ་སུའི་གཞུང་གིས་རྒྱལ་སྤྱིའི་ནག་ཉེས་རྩིས་སྤྲོད་ཀྱི་འགྲོ་སྟངས་ལྟར། སི་ནོལ་ཌིན་ཨ་རིར་རྩིས་སྤྲོད་བྱེད་དགོས་པའི་རེ་སྐུལ་ཞུས་འདུག

ཨ་རིའི་གཞུང་གིས་སི་ནོལ་ཌིན་གྱི་ཕྱི་སྐྱོད་ལག་ཁྱེར་རྩིས་མེད་བཏང་བར་བརྟེན། ཁོ་རང་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་གི་བར་བརྒལ་ས་ཚིགས་ཀྱི་མགྲོན་ཁང་ཞིག་ཏུ་སྦས་སྐུང་བྱས་ཏེ། ད་ལྟ་ཉིན་ ༡༣ འགྲོ་བཞིན་ཡོད་པ་དང་། ཁོས་ཨུ་རུ་སུ་དང་རྒྱ་ནག རྒྱ་གར། ཧྥ་རན་སི། འཇར་མན། སུད་སི། བྷར་ཛིལ། སི་པན་བཅས་ཀྱི་རྒྱལ་ཁབ་ ༢༡ ལ་ཆབ་སྲིད་སྐྱབས་བཅོལ་བའི་ངོ་བོའིཐོག་སྙན་ཞུ་ཕུལ་ཡོད་ཀྱང་ རྒྱལ་ཁབ་ ༡༠ ཡིས་ངོས་ལེན་བྱས་མེད་དང་རྒྱལ་ཁབ་ཁག་ཅིག་གིས་སི་ནོལ་ཌིན་ཁོང་ཚོའི་ས་ཐོག་ཏུ་བསླེབས་ན་མ་གཏོགས་ངོས་ལེན་བྱ་རྒྱུ་མིན་སྐོར་བརྗོད་འདུག ཡང་རྒྱལ་ཁབ་ཁག་ཅིག་གིས་ད་སྔ་བརྡ་ལེན་གང་ཡང་འབྱོར་མི་འདུག

ཨུ་རུ་སུའི་སྲིད་འཛིན་པོ་ཊིན་(Putin)གྱིས་སི་ནོལ་ཌིན་ཨུ་རུ་སུའི་ནང་སྡོད་འདོད་ཡོད་། སི་ནོལ་ཌིན་གྱིས་ངེས་པར་དུ་ཨུ་རུ་སུའི་གྲོགས་པོ་ཨ་རིའི་གསང་བ་ཕྱིརབསྒྲགས་མཚམས་འཇོག་དགོས་ཞེས་ཆ་རྐྱེན་བཏོན་ཡོད་སྟབས། སི་ནོལ་ཌིན་གྱིས་ཨུ་རུ་སུའི་གཞུང་ལ་སྤྲད་པའི་ཁོའི་ཆབ་སྲིད་སྐྱབས་བཅོལ་སྙན་ཞུ་ཕྱིར་འཐེན་བྱས་ཏེ། དྲང་བདེན་ཆེད་རང་དབང་གི་དུས་ཚོད་འདི་སྤྱད་དེ་ཨ་རིའི་གསང་བ་མུ་མཐུད་གསར་ལམ་ཁག་ཏུ་བརྗོད་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་སི་ནོལ་ཌིན་གྱིས་དབྱིན་ཇིའི་གསར་ཤོག་གྷ་ཌིན་སྟེང ཨ་རིའི་གསང་བའི་ལས་ཁུངས་ཀྱིས། ཨ་རིའི་གྲོང་ཁྱེར་ཝཱཞཱིན་ཊོན་དང་ནེའུ་ཡོག་ཏུ་ཡོད་པའི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཡུ་རོབ་མཐུན་ཚོགསདང་། དེ་མིན་རྒྱལ་ཁབ་ ༣༨ ཙམ་གྱི་གཞུང་ཚབ་དང་གཞུང་ཚབ་ཡན་ལག་ཁག་ཏུ་གསང་བ་ལྐོག་ཉན་དམིགས་བསལ་ཡོ་ཆས་བཀོལ་ཏེ་བརྙན་འཕྲིན་དར་སྐུད་དང་གློག་ཆསརིགསབརྒྱུད་དེ་ནས་ཚུལ་རྐུ་འཁྱེར་བྱེད་ཀྱིན་ཡོད་ཚུལ་བརྗོད་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་གཙོས་འཇར་མན་དང་ཧྥ་རན་སི་སོགས་ཀྱིས་ཨ་རིའི་གཞུང་གིས་གནས་ཚུལ་དེའིསྐོར་ལ་ངེས་པར་དུ་གསལ་བཤད་བྱེད་དགོས་དང་། ཉེ་ཆར་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུའི་སྟེང་ ཨ་རི་དང་ཡུ་རོབ་མཐུན་ཚོགས་བར་འཛམ་གླིང་གི་ཚོང་འབྲེལ་ཆེས་ཤོས་ཤིག་ལ་གྲོས་མཐུན་བྱུང་སྟེ་ལག་བསྟར་བྱེད་ཕྱོགས་ཀྱི་ཚོགས་འདུ་ཞིག་ཕྱི་ཟླ་ ༧ ནང་བསྐོང་འཆར་ཡོད་པ་དེ་དུས་ཚོད་ངེས་མེད་དུ་ཕྱིར་འགྱངས་བྱས་ཡོད་འདུག

ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་(Francois Hollande)ལགས་ཀྱིས་ཨ་རིའི་གཞུང་གིས་ཡུ་རོབ་མཐུན་ཚོགས་ལ་ལྐོག་ཉན་བྱས་ཡོད་མེད་གསལ་བོ་མ་བྱུང་བར་ཚོང་ལས་གྲོས་མོིལ་བྱེད་ཐབས་མེད་<སྐོར་དང་། དེ་བཞིན། འཇར་མན། ཨེ་ཊ་ལེ་དང་པོ་ལན་ཌི་སོགས་ཀྱིས་ཀྱང་ཨ་རིར་སྐྱོན་བརྗོད་བྱས་ཡོད། འཇམན་གྱི་ཁྲིམས་ལུགས་བློན་ཆེན་ལྕམ་སཱ་སྦིན་ནེ་ (Sabine) ལགས་ཀྱིས་གལ་སྲིད་གསར་འགྱུར་བརྒྱུད་ལམ་ཁག་གིས་བཤད་པ་དེ་དག་བདེན་པ་ཡིནན་ཨ་རིས་ཡུ་རོབ་དགྲ་བོར་འཛིན་གྱི་ཡོད་པའི་རྟགས་ཤིག་རེད” ཞེས་བརྗོད་འདུག

ཟླ་སྔོན་མའི་ནང་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨེ་ཁོ་ཌོར་ (Ecuador) གྱིས་སི་ནོལ་ཌིན་ལ་སྐྱབས་བཅོལ་ངོས་ལེན་བྱས་ཡོད་ཀྱང་། ཨ་རིའི་གཞུང་གིས་ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་མང་པོར་གནོན་ཤུགས་སྤྲད་པ་དང་། ལྷག་པར་དུ་སི་ནོལ་ཌིན་གྱི་ཕྱི་སྐྱོད་ལག་ཁྱེར་རྩིས་མེད་བཏང་བ་བཅས་ལ་བརྟེན། སི་ནོལ་ཌིན་མོ་སི་ཁོའི་རྒྱལ་སྤྱིའི་གནམ་ཐང་ནས་ད་བར་ལྷག་ཡོད་པ་དང་ཕྱི་ཚེས་  ཉིན་དབྱིན་ཇིའི་གྷ་ཌིན་གསར་ཤོག་གི་གསར་འགོད་པས་ཨེ་ཁོ་ཌོར་གྱི་སྲིད་འཛིན་རཱ་ཧྥིད་(RafaelCorrea) ལགས་སུ། སི་ནོལ་ཌིན་ཨེ་ཁོ་ཌོར་ནང་སྐྱབས་བཅོལ་དུ་འགྲོ་ལམ་སྐོར་ལ་བཅར་འདྲི་བྱས་པའི་ལན་དུ། “སི་ནོལ་ཌིན་ཨེ་ཁོ་ཌོར་གྱི་རྒྱལ་ཁོངས་སུ་མ་སླེབས་བར། སྐྱབས་བཅོལ་བར་ངོས་ལེན་བྱེད་ཐབས་ཡོད་པ་མ་རེད། དེར་བརྟེན། ང་ཚོའི་རོགས་རམ་འོག་སི་ནོལ་ཌིན་ཨུ་རུ་སུར་སླེབས་པ་དེ་ནི་ནོར་འཁྲུལ་ཞིག་རེད” ཅེས་བརྗོད་འདུག
སི་ནོལ་ཌིན་གྱི་ཨ་ཕ་ལོ་ནེ་སི་ནོལ་ཌིན་(Lonnie Snowden)ལགས་ཀྱིས་ཁོང་གི་བུ་སི་ནོལ་ཌིན་གྱིས་ཨ་རིའི་གཞུང་གི་གསང་བ་ཕྱིར་བསྒྲགས་བྱས་པ་དེ་ནི། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་ཡོད་མོད། འགྲོ་བ་མིའི་དྲང་བདེན་དང་འགལ་མེད་པ་མ་ཟད། ཨ་རིའི་མི་མང་ལའང་རྒྱབ་འགལ་བྱས་མེད་ཚུལ་བརྗོད་ཡོད་པ་དང་། ཨ་རིའི་གཞུང་གིས་སི་ནོལ་ཌིན་གྱི་ནག་ཉེས་ལ་ཞིབ་བཤེར་ཐག་གཅོད་མ་བྱས་སྔོན་ལ་ཁོ་འཛིན་བཟུང་བྱེད་མི་ཆོག་པ་དང་། སི་ནོལ་ཌིན་ཁོ་རང་གི་ཡིད་ཆེས་ཡོད་པའི་ཨ་རིའི་ཁྲིམས་ཁང་ཞིག་གིས་གནས་ཚུལ་དེར་ཞིབ་འཇུག་བྱེད་འཇུག་དགོས་པ་བཅས་ཀྱི་རེ་སྐུལ་ཞུས་འདུག 

ཕྱི་ཚེས་  ཉིན་གྱི་རྒྱུན་ལྡན་གསར་འགོད་ལྷན་ཚོག་ཤིག་གི་ཐོག་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་ཧཱ་ཆོན་ཡེན་(Hua Chunying)གྱིས་སི་ནོལ་ཌིན་གྱིས་རྒྱ་ནག་ལ་སྐྱབས་བཅོལ་ཞུས་ཡོད་ཡོད་མེད་ཐད། “ ངས་དེའི་སྐོར་གྱི་གནས་ཚུལ་གང་ཡང་ཤེས་ཀྱི་མེད ”ཅེས་བརྗོད་འདུག་ལ། རྒྱ་ནག་གི་མངགཙོ་དོན་གཉེར་པ་ལིག་ཞོ་བྷོ་ (Liu Xiaobo) ཡི་ཁྲིམས་རྩོད་པ་མའོ་ཞོད་ཕིན(Mo Shaoping) གྱིས་ངས་ཤེས་ཚོད་ལྟར་ན། རྒྱ་ནག་གི་རྩ་ཁྲིམས་ནང་སྐྱབས་བཅོལ་བ་ངོས་ལེན་གྱི་གནས་ཚུལ་ཞིག་མཐོང་མྱོང་མེད་ཅེས་བརྗོད་འདུག ཝེ་ནེ་ཛུ་ལཱའི་སྲིད་འཛིན་མཱ་ཌོ་རོབ་(Nicolas Maduro)ཨུ་རུ་སུར་ཚོགས་འདུཞིག་ཏུ་སྐྱོད་སྐབས། གསར་འགོད་པ་ཚོར་སི་ནོལ་ཌིན་གྱི་སྐྱབས་བཅོལ་སྙན་ཞུ་ལ་ང་ཚོས་དང་ལེན་བྱ་རྒྱུ་ཡིན་པ་དང་འཛམ་གླིང་མི་མང་གིས་སི་ནོལ་ཌིན་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་སྐོར་བརྗོད་འདུག

ཨེ་ཁོ་ཌོར་གྱི་མཐུན་ཕྱོགས་རྒྱལ་ཁབ་བྷོ་ལི་ཝེ་ཡཱ་ (Bolivia) ཡི་སྲིད་འཛིན་མཱོ་རཱ་ལེ་ (Evo Morale)ལགས་ཉེ་ཆར་ཨུ་རུ་སུར་ཚོགས་འདུ་ཞིག་ལ་བསྐྱོད་དེ། ཕྱི་ཚེས་  ཉིན་ཕྱིར་ལོག་པའི་གནམ་གྲུའིནང་སི་ནོལ་ཌིན་ཡོད་ར་དོགས་གཞིའི་འོག རྒྱུན་ལྡན་ལྟར་ན་ཨུ་སུ་སུ་ནས་བྷོ་ལི་ཝེ་ཡ་རྒྱལ་ཁབ་ཏུ་ཕུར་སྐྱོད་བྱེད་པའི་གནམ་གྲུ་ཁག་ཧྥ་རན་སི་དང་ཨི་ཊ་ལི། སི་པན། ཕོར་ཇུ་གྷལ་གང་རུང་ཞིག་གི་གནམ་ཐང་དུ་སྣུམ་ལྡུག་གིན་ཡོད་ཀྱང་། ཐེངས་འདིར་རྒྱལ་ཁབ་དེ་དག་གིས་གནམ་གྲུ་འབབ་ཏུ་མ་བཅུག་སྟབས། མཐར་ཨོ་སི་ཊིར་རི་ཡའི་གནམ་ཐང་དུ་འབབ་དགོས་བྱུང་སྟེ། བདེ་སྲུང་མི་སྣས་ཞིབ་བཤེར་སྐབས་སི་ནོལ་ཌིན་མེད་པ་ར་འཕྲོད་ཡོད་པ་དང་བྷོ་ལི་ཝེ་ཡཱའི་བདེ་སྲུང་བློན་ཆེན་གྱིས་ཨ་རིའི་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་ངན་སྐུལ་འོག་བྷ་ལི་ཝེཡཱའི་སྲིད་འཛིན་གནམ་གྲུ་ཁ་བསྒྱུར་ཏེ་ཨོ་སི་ཊིར་རི་ཡའི་གནམ་ཐང་དུ་འབབ་བཅུག་པར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

ད་ལྟ་ཨ་རིའི་གཞུང་གི་གནོན་ཤུགས་འོག འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སི་ནོལ་ཌིན་ལ་སྐྱབས་བཅོལ་ལེན་བྱེད་རྒྱུ་ཁག་པོ་ཆགས་ཡོད་པ་དང སྐབས་འདིར་ཨུ་རུ་སུས་སི་ནོལ་ཌིན་འཛིན་བཟུང་བྱས་ཏེ་ཨ་རིར་རྩིས་སྤྲོད་བྱེད་འདོད་མེད་པ་དང གལ་སྲིད་སི་ནོལ་ཌིན་རྩིས་སྤྲོད་མ་བྱས་པ་ཡིན་ན་ཨ་རི་དང་ཨུ་རུ་སུ་གཉིས་བར་སེ་རི་ཡ་དཀའ་རྙོག་སེལ་རྒྱུ་དང་ཨི་རན་དང་བྱང་ཀོ་རེ་ཡ་གཉིས་ཀྱི་རྡུལ་ཕྲན་ལས་གཞི་སོགས་བཀག་འགོག་བྱེད་མི་ཐུབ་པ་མ་ཟདཉེ་སྔོན་རྒྱལ ཁབ་གཉིས་ཀྱིས་གསོག་འཇོག་བྱས་ཡོད་པའི་རྡུལ་ཕྲན་མཚོན་ཉུང་དུ་གཏོང་རྒྱུར་གྲོས་ཆོད་འཇོག་འཆར་ཡོད་པ་དེར་ཡང་གནོད་སྐྱོནཐེབས་ཉེན་ཡོད་འདུག

ཤོག་ངོས་འདི་ཐེངས་ ༣༧༤༡ ལ་བཀླགས་འདུག
རིག་པ་འདོན་པ།
བསྟན་ཆོས།
༢༠༡༣/༠༧/༡༣ ཉིན་འདོན་སྤེལ་བྱས།
ཨ་ཨ་ཨ། མི་གཅིག་གིས་སྟོབས་ལྡན་རྒྱལ་ཁབ་གང་མང་ཞིག་ལ་འདི་འདྲའི་དཀའ་ལས་བཟོས་པ་ནི་ཧ་ལས་པ་ཞིག་མ་ཡིན་ནམ། ཨ་རིའི་ནུས་སྟོབས་ཀྱང་ཧང་སེང་བ་རེད་ལ། རྒྱ་ནག་པས་ངས་མ་ཤེས་ཟེར་དགོས་པ་བཟོས་འདུག་ག རྒྱ་དཔོན་གྱིས་མགྲོན་ཁང་ནས་གཉིད་ལབ་འདི་ལྟར"ཤེས་མ་སོང་ལབ་རྒྱུ་བྱས་ཡོད"ཅེས་བརྗོད་འདུག་ཟེར།
དར་མདོ་གླུ་བ།
༢༠༡༣/༠༧/༠༦ ཉིན་འདོན་སྤེལ་བྱས།
ང་རང་ཆེས་དགའ་ཤོས་རྒྱལ་སྤྱིའི་ཐོག་གི་གསར་འགྱུར་དག་ཡིན། བོད་ཀྱི་དུས་བབ་གསར་འགོད་པས་འཛམ་གླིང་གི་གསར་འགྱུར་གལ་ཆེན་རིགས་བོད་བསྒྱུར་གནང་སྟེ་ང་དང་ང་ལྟ་བུ་དག་གི་གོ་སྐལ་ཏུ་སྩལ་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། སོ་སོ་བོད་ཡིག་ལས་སྐད་ཡིག་གཞན་མི་ཤེས་པའི་རྐྱེན་གྱིས་འཛམ་གླིང་རྒྱལ་ཁབ་གཞན་ནང་གནས་ཚུལ་ག་རེ་བྱུང་གི་ཡོད་པ་དང་། སྐད་ཡིག་གཞན་པའི་ནང་ན་ག་རེ་བཤད་ཀྱི་ཡོད་མེད་ལ་ཉན་འདོད་ལྟ་འདོད་ཆེན་པོ་འདུག
རིག་པ་འདོན་པ།
རིག་པ་འདོན་ན་ངེས་པར་དུ་དེབ་སྐྱེལ་བྱེད་དགོས།
འདི་ལ་བསྣུན་ཏེ་དེབ་སྐྱེལ་བྱེད་རོགས།